山东群英会选号技巧

ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > བོད་སྐྱོར་དཔུང་སྡེ།

བོད་སྐྱོར་ལས་བྱེད་པ་ཁྲེན་རེན་ཅེ་ཡིས་བོད་ལྗོངས་ལ་བཅངས་བའི་བརྩེ་སེམས།

སྤེལ་དུས 2019-08-08 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པདྨ་ཚེ་རིང་གིས་བསྒྱུར།
          ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཀྲུང་གོའི་ཡིད་རྟོན་སྡེ་ཚོགས་ཀྱི་བོད་སྐྱོར་བསྟུད་མར་ཐེངས་གསུམ་ལ་རྒྱུན་བསྐྱངས་པའི་ལས་བྱེད་པ་ཁྲེན་རེན་ཅེ་ལགས་2012ལོར་བོད་དུ་བསྐྱོད་པ་ནས་བཟུང་རང་ཉིད་ཀྱི་མི་ཚེ་ཧྲིལ་པོ་བོད་ལྗོངས་དང་དམ་པོར་སྦྲེལ་ཡོད་པ་རེད། 

པར་འདི་ནི་ཁྲེན་རེན་ཅེ་དང་འབྲོག་ཁུལ་གྱི་བྱིས་པ་ཚོ་ཡིན།
          བོད་དུ་ཐོག་མར་སླེབས་སྐབས། མཚོ་འཕགས་དམའ་བའི་ཉ་འབྲས་ཀྱི་ཕ་ས་ཀྲེ་ཅང་ནས་མཚོ་འཕགས་སྨི་4700ཟིན་པའི་བྱང་ཐང་དུ་སླེབས་རྗེས་ས་བབ་ཀྱི་ཧེ་བག་ལས་འབྱུང་གཞི་འཁྲུགས་པ་དེས་ཁྲེན་རེན་ཅེ་ལ་བོད་སྐྱོར་གྱི་ཉམས་ཚོད་དང་པོ་བླངས་ནས་མྱོང་ཚོར་ཟབ་མོ་བྱུང་བ་དང་། དར་རྒྱས་ཆེ་བའི་ཧང་ཀྲོའུ་ནས་“རྒྱང་རིང་གནམ་སའི་བར”གྱི་བོད་རང་སྐྱོང་ལྗོངས་ནག་ཆུ་གྲོང་ཁྱེར་ཤན་རྩ་རྫོང་དུ་སླེབས་རྗེས་འཚོ་བའི་ཆ་རྐྱེན་ལ་འགྱུར་ལྡོག་ཆེན་པོ་བྱུང་བ་ནི་ཁོང་གི་བསམ་ཡུལ་ལས་འདས་པ་ཞིག་རེད། 
          “ཐ་ན་གསང་སྤྱོད་དུ་འགྲོ་སྐབས་ཀྱང་ང་ལ་མཚོན་ན་དཀའ་ངལ་འདུག སྨི་བརྒྱའི་མཚམས་ཀྱི་ལ་ངོས་སུ་དྲོད་གྲང་ཀླད་ཀོར་མན་གྱི་ཏུའུ་20ལྷག་ཙམ་དང་རིམ་པ་8ཡན་གྱི་གྲང་རླུང་ཁྲོད་ནས་བསྐྱོད་དགོས། ཐེངས་ཤིག་ང་ལ་ཚ་བ་ཆེན་པོ་རྒྱས་ནས་དངོས་གནས་འགྲོ་མི་ཐུབ་པས། རང་ཉིད་ཀྱི་སྒོ་རའི་ནང་དུ་ལྕགས་ཁེམ་གྱིས་ས་འཁྱགས་བརྐོས་ཏེ་གསང་སྤྱོད་བྱས་ནས་རང་ཉིད་ལ་སྟབས་བདེ་སྐྲུན་དགོས་བསམ། མཐའ་མར་དེ་ནི་ལས་ཐོག་སྔ་མའི་བོད་སྐྱོར་ལས་བྱེད་པའི་སྤྱོད་ཁང་ཡང་ རེད་འདུག སྐབས་དེར་ངའི་སེམས་སུ་དྲན་ཚུལ་སྣ་མང་ལྷན་དུ་སྐྱེས་ཤིང་མིག་ཟུང་མཆི་མས་བརླན་བྱུང་།” ཁྲེན་རེན་ཅེ་ཡིས་གསུངས་དོན། “བོད་ལྗོངས་མགྱོགས་མྱུར་ངང་འཕེལ་རྒྱས་ཕྱིན་པ་དེས་འཚོ་བ་འདི་རིགས་ཕལ་ཆེ་བ་ལོ་རྒྱུས་སུ་གྱུར་ཡོད་ནའང་། ང་རང་གྲོགས་པོ་དང་གཉེན་ཉེར་གྱེས་ནས་གཅིག་པུ་མཐའ་ཡས་པའི་བྱང་ཐང་དུ་ཁེར་རྐྱང་དང་ནད་ཀྱིས་མནར་བའི་ཚོར་སྣང་ནི་བསམ་ཡུལ་ལས་འདས་པ་ཞིག་རེད། ལྷག་པར་དུ་ནད་གཞིས་རྐྱེན་པས་སྨན་ཁང་དུ་ཉལ་སྐབས་མྱོང་ཚོར་དེ་རིགས་སྔར་བས་ཟབ”ཅེས་གསུངས་བྱུང་།
          ལོ་བདུན་རིང་ཁྲེན་རེན་ཅེ་ཡིས་དཀའ་ངལ་སྣ་ཚོགས་ཁྱད་བསད་ཀྱིས་དུས་ཡུན་ཐུང་ངུའི་ནང་ཤན་རྩ་རྫོང་གི་སྲིད་འཛིན་གྲོང་ཚོ་62ཚང་མར་བསྐྱོད་ནས་ལས་ཀའི་ཁོར་ཡུག་གསར་པ་གང་མགྱོགས་ངང་རྒྱུས་ལོན་བྱས་པ་དང་། བོད་སྐྱོར་ལས་དོན་བདེ་བླག་ངང་ལེགས་གྲུབ་བྱས་པའི་རྨང་གཞིའི་ཐོག ཁོང་གིས་བདེན་པ་བདེན་ཐུབ་ཀྱི་གྲངས་གཞི་དང་མི་སེམས་འགུལ་བའི་དཔེ་མཚོན་གྱི་ལམ་ནས་རྟོག་ཞིབ་སྙན་ཞུ་བྲིས་ཏེ་འབྲེལ་ཡོད་ལས་ཁུངས་ལ་ཕུལ་ཡོད། ཁོང་གིས་སྔ་རྗེས་སུ་ཀྲུང་གོའི་ཡིད་རྟོན་དངུལ་འཛིན་དང་། ཧྭ་ཞ་ཐེབས་རྩ། ཀྲེ་ཅང་ཡུང་བང་ཁྲིམས་རྩོད་པའི་ལས་དོན་ཁང་། ཧྲང་ཧའེ་ཡ་ལཱ་སློབ་གསོ་ཀུང་སི། ཨ་མ་ཐང་ལགས་ཀྱི་གཅེས་སེམས་དགེ་སྒྲུབ་ལས་ཁུངས། དེ་མིན་གཉེན་ཉེ་དང་གྲོགས་པོ་སོགས་ནས་དགེ་སྒྲུབ་མ་དངུལ་སྒོར་ཁྲི་2000བསླངས་ནས་ཤན་རྩ་རྫོང་གི་སློབ་གྲྭ་འབྲིང་ཆུང་གི་སློབ་གསོའི་སྒྲིག་བཀོད་དང་དབུལ་པོའི་མང་ཚོགས་ཀྱི་འཚོ་བ་ཇེ་ལེགས་སུ་གཏོང་རྒྱུར་འབད་འབུངས་བྱས་པ་རེད།
          ཀྲུང་གོའི་ཡིད་རྟོན་སྡེ་ཚོགས་ཀྱིས་ཤན་རྩ་རྫོང་གི་ཆ་སྙོམས་མཚོ་འཕགས་སྨི་4800ཡི་གྲོང་ཚོར་བུ་བཅོལ་ཁང་8བཙུགས་ཤིང་། ཁྲེན་རེན་ཅེ་ཡིས་རྣམ་གྲངས་དོན་འཁྱོལ་ལག་བསྟར་བྱ་རྒྱུར་ཧུར་ཐག་བྱས་པ་དང་། བུ་བཅོལ་ཁང་ཉེ་འཁོར་གྱི་གྲོང་ཚོ་17དང་དུད་ཁྱིམ་658ཀྱི་ས་མཐོའི་ཕྲུ་གུ་བུ་བཅོལ་ཁང་དུ་ཞུགས་རྒྱུའི་དཀའ་གནད་བསལ་ཡོད། གྲོང་ཚོ་རིམ་པའི་བུ་བཅོལ་ཁང་བསྐྲུན་པ་དེས་འབྲོག་ཁུལ་གྱི་བྱིས་པའི་སློབ་སྔོན་སློབ་གསོར་སྐུལ་མ་ཆེན་པོ་ཐེབས་པ་མ་ཟད། འབྲོག་པ་མང་ཚོགས་ཀྱིས་གདེང་འཇོག་ཆེན་པོ་ཐོབ་བཞིན་ཡོད། ཁོང་ཚོས་ཁྲེན་རེན་ཅེ་ལ་བྱམས་བརྩེའི་ངང“བུ་བཅོལ་ཁང་འཛུགས་པའི་གཡག་རྒོད”ཅེས་འབོད་ཀྱིན་ཡོད། 
          བུ་བཅོལ་ཁང་འཛུགས་རྒྱུ་ནི་ཀྲུང་གོའི་ཡིད་རྟོན་སྡེ་ཚོགས་ཀྱིས་བོད་སྐྱོར་བྱས་པའི་བསྡུས་གཟུགས་ཤིག་རེད། ལོ་བདུན་གྱི་རིང་ལ་ཀྲུང་གོའི་ཡིད་རྟོན་སྡེ་ཚོགས་ཀྱིས་མ་དངུལ་སྒོར་ཁྲི་4300བཏང་ནས་ཤན་རྩ་རྫོང་གི་བོད་སྨན་ཁང་བཙུགས་པ་དང་། མ་དངུལ་སྒོར་དུང་ཕྱུར་1.2བཏང་ནས་ཞུང་མེ་གྲོང་རྡལ་གྱི་འབྱོར་འབྲིང་དཔེ་སྟོན་གྲོང་ཚོ་བཙུགས་པ་སོགས་དམངས་འཚོའི་རྣམ་གྲངས་ནག་ཆུའི་ནུབ་རྒྱུད་དུ་གནད་སྨིན་དབུལ་སྐྱོར་གྱི་ལས་གྲྭ་རྩེ་གྲས་སུ་གྱུར་ཡོད། གཞན་ཡང་ཀྲུང་གོའི་ཡིད་རྟོན་དངུལ་ཁང་ལྷ་ས་ཡན་ལག་དངུལ་ཁང་2015ལོའི་ཟླ་8ཚེས་6ཉིན་གསར་དུ་བཙུགས་པ་དང་། 2019ལོའི་ཟླ་6པར་རིམ་རྩིས་བྱས་ན་ཡིད་རྟོན་དངུལ་བུན་སྒོར་དུང་ཕྱུར་137བཏང་བ་དང་། ཀྲུང་གོའི་ཡིད་རྟོན་དངུལ་འཛིན་སོགས་ཀྱི་ལས་ཁུངས་ཀྱིས་སྔ་རྗེས་སུ་ཧྭ་ཡུས་གཏེར་ལས་དང་ཧའེ་སི་ཁོའོ་སོགས་བོད་ལྗོངས་ཀྱི་ཁེ་ལས་5ཁྲོམ་རར་འོས་སྦྱོར་བྱས་ནས་བོད་ལྗོངས་ཀྱི་དཔལ་འབྱོར་འཛུགས་སྐྲུན་དང་དམངས་འཚོའི་བདེ་སྐྱིད་ཀྱི་ཆེད་དུ་དངུལ་རྩའི་རྒྱབ་སྐྱོར་གང་ཐུབ་ཅི་ཐུབ་བྱས་ཡོད། 

པར་འདི་ནི་ཁྲེན་རེན་ཅེ་ཡིས་འབྲོག་ཁུལ་གྱི་བྱིས་པ་རྣམས་ལ་གཟིགས་པར་ཕེབས་པའི་རྣམ་པ་ཡིན།
          མི་གཅིག་གིས་བོད་སྐྱོར་བྱས་ནས་ཁྱིམ་ཚང་ཧྲིལ་པོས་བོད་སྐྱོར་བྱེད་པ་ཡིན།  བུ་ཆུང་བ་ཟླ་བ་གསུམ་ཙམ་གྱི་ཚེ་ཁྲེན་རེན་ཅེ་མ་བུ་གཉིས་དང་ཁ་བྲལ་ནས་བོད་སྐྱོར་ཐེངས་གསུམ་པར་རེ་ཞུ་བྱེད་སྐབས། ཆུང་མས་བརྩེ་འདང་ཟབ་མོས་“ཁྱོད་རང་སེམས་བདེ་མོ་གནང་དང་། ང་ཚོའི་བྱིས་པ་ངས་ལྟ་སྐྱོང་ཡག་པོ་བྱེད་ངེས། འབྲོག་ཁུལ་གྱི་བྱིས་པ་ཡང་བྱིས་པ་ཡིན་པས་ཁྱེད་ཀྱིས་ལྟ་སྐྱོང་ཡག་པོ་མཛོད”ཅེས་བཤད། 
          ཁྲེན་རེན་ཅེ་ཡིས། “གལ་སྲིད་རྩ་འཛུགས་ཀྱིས་སྤྲད་པའི་གོ་སྐབས་མེད་པ་དང་། བོད་ལྗོངས་ཀྱི་ས་ཆ་དང་མང་ཚོགས་ཀྱི་དཀྱེལ་ཡངས་དང་ལེན།  དེ་མིན་ཁྱིམ་མིའི་བློས་གཏོང་བའི་བློ་རྒྱ་དག་མེད་ཚེ། ང་རང་བོད་ལྗོངས་ལ་ལས་འབྲེལ་བྱུང་ནས་ངའི་མི་ཚེའི་ཕུགས་འདུན་དང་དད་སེམས་ཇེ་ཟབ་ཏུ་འགྲོ་མི་སྲིད”ཅེས་བཤད། 
          བོད་རང་སྐྱོང་ལྗོངས་ཀྱིས་བོད་སྐྱོར་བྱས་ནས་ལོ་20འཁོར་བར་རྟེན་འབྲེལ་ཞུ་བའི་སྐབས་འདིར། ཁྲེན་རེན་ཅེ་ཡིས་བོད་ལྗོངས་ཀྱི་རྨི་ལམ་རྡོ་རྗེ་སོགས་གྲགས་ཅན་གཞས་གདངས་རྩོམ་མཁན་ལྔ་དང་མཉམ་དུ་ལོ་རྒྱུས་སྙན་ངག་རང་བཞིན་གྱི་རོལ་དབྱངས་ཚན་གླུ་ཆེ་གྲས《འཛམ་གླིང་ཡང་རྩེའི་ཀྲུང་གོའི་ཕུགས་འདུན》ཞེས་པ་གསར་རྩོམ་བྱས་པ་དང་། ཁྲེན་རེན་ཅེ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་ཡུལ་སྨད་ཤང་སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་གཉིས་ལ་འཕྲིན་ལན་སྤྲིངས་ནས་“བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་ཞིག་བྱེད་དགོས”ཞེས་ངག་བཅོལ་བྱས་པ་བརྗོད་བྱ་གཙོ་བོར་བྱས་པའི་གླུ་གཞས་《ལྷ་བྱ་ཁྲུང་ཁྲུང་དཀར་མོ》ཞེས་པ་བརྩམས། ཁོང་གི་སྙན་ངག་ཕྱོགས་བསྒྲིགས་《བོད་ལྗོངས་ཀྱི་དཔེ་དེབ》ཅེས་པ་པར་སྐྲུན་བྱས་ཏེ།  2018ལོར་ལུའུ་ཞུན་རྩོམ་རིག་བྱ་དགའི་མིང་ཐོར་འོས་འདེམ་ཁྲོད་དུ་ཚུད། “ང་ནི་རྩྭ་ཕྲན་རྐང་གཅིག་དང་འདྲ་བར།  བོད་སྐྱོར་བྱས་པས་མེས་རྒྱལ་གྱི་གནམ་སའི་བར་ནས་སྐྱེས”ཞེས་བཤད། 
          “ལོ་གསུམ་གྱི་བོད་སྐྱོར་བརྒྱུད་རིམ་ལས་ཚེ་གང་ལ་གངས་ལྗོངས་ཀྱི་བརྩེ་བ་ཆགས།” ལོ་བདུན་གྱི་བོད་སྐྱོར་ལས་ཀ་མཐའ་དག་བསྡོམས་པས་དེ་ནི་བོད་ལྗོངས་ལ་བཅངས་པའི་བརྩེ་སེམས་ཤིག་རེད། བརྩེ་སེམས་དེ་ནི་ཉིན་མཚན་དབྱེར་མེད་ཀྱི་བོད་སྐྱོར་ལ་བརྟེན་ནས་བྱུང་བ་ཞིག་ཡིན་ཞིང་། དེས་བོད་སྐྱོར་ལས་བྱེད་པ་ཚང་མའི་ཕུགས་བསམ་དང་ལག་ལེན་མཚོན་བཞིན་ཡོད་ལ་ཁོང་ཚོའི་བསམ་འདུན་དང་རེ་སྒུག་ཀྱང་མཚོན་ཡོད། ཁྲེན་རེན་ཅེ་ཡིས་“ངས་ནམ་ཡང་ཏང་གི་གསོ་སྐྱོང་བརྗེད་མི་སྲིད་པ་དང་། བོད་ལྗོངས་ཀྱིས་ང་ལ་གསོ་སྐྱོང་བྱས་པ་བརྗེད་མི་སྲིད་ལ། འོ་ཇ་ཡིས་ང་ལ་གནང་བའི་དྲི་ཞིམ་དེའང་བརྗེད་མི་སྲིད”ཅེས་གསུངས་པ་རེད།
pk10怎么玩 快三投注网 福建快三注册 北京赛车pk10玩法 新疆喜乐彩 澳门手机网投 pk10玩法 pk10规则 智慧彩票投注 北京赛车pk10玩法