山东群英会选号技巧

ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། 山东群英会选号技巧ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > སློབ་གསོ་དགའ་ཚལ།

“རང་ལས་ངེས་དང་གཞན་ལས་ངེས་ཀྱི་ཚད་མ་གཉིས”ཇི་ལྟར་ངོས་འཛིན་ཚུལ་སྐོར་གླེང་བ།

སྤེལ་དུས 2019-10-29 ཡོང་ཁུངས། བོད་ལྗོངས་སློབ་གསོ། རྩོམ་པ་པོ། བསོད་ནམས་ཚེ་རིང་།
        ནང་དོན་གནད་བསྡུས། དཔྱད་རྩོམ་འདིར་བོད་ཀྱི་རིག་གནས་ཆེ་བ་ལྔའི་ཡ་གྱལ་དུ་གྱུར་པའི་བོད་དར་ཚད་མ་རིག་པ་ལས་གཞལ་བྱ་ཡུལ་ངེས་བྱེད་ཐབས་གཉིས་ཏེ། རང་ལས་ངེས་དང་གཞན་ལས་ངེས་ཀྱི་ཚད་མ་རྣམ་གཉིས་རྒྱུན་གཏན་སློབ་ཁྲིད་དང་། ལས་དང་པོ་བའི་སློབ་མ་ཚོས་རྣམ་ཀུན་སློབ་སྦྱོང་བྱེད་པའི་བརྒྱུད་རིམ་ཁྲོད་ཇི་ལྟར་ངོས་འཛིན་དགོས་ཚུལ་སོགས་ལུང་རིགས་གཉིས་ཀྱི་སྒོ་ནས་ངོ་སྤྲོད་བྱས་འདུག
        བརྡ་ཆད་གཙོ་བོ། རང་ལས་ངེས་ཀྱི་ཚད་མ། གཞན་ལས་ངེས་ཀྱི་ཚད་མ། གཞལ་བྱའི་བདག་ཉིད།
        [ཀྲུང་གོའི་དཔེ་དེབ་དབྱེ་རྟགས།] G622 [ཡིག་ཚང་མཚོན་བྱང་།] A[རྩོམ་གྱི་གོ་རིམ་ཨང་སྒྲིག] 1004 -5899(2018)01 -26 -04    
        གཙང་མཁས་གཞན་ཕན་ལྷག་བསམ་བཟང་པོ་ཡིས།། ཤེས་ཆུང་སློབ་མའི་སྙིང་གི་དཀྱིལ་འཁོར་དུ།། རྟག་ཏུ་རོལ་བའི་བཤེས་གཉེན་གང་དེ་ལ།། སྒོ་གསུམ་གུས་པའི་ཡིད་ཀྱིས་ཕྱག་འཚལ་ལོ།། ཞེས་ཚིགས་སུ་བཅད་པ་འདི་ཡིས་སྔུན་བསུས་ནས་ཐེངས་འདིར་གང་བྲི་བར་བྱ་བ་ནི་རིག་པའི་གནས་ཆེན་ལྔའི་ཡ་གྱལ་དུ་གྱུར་པའི་ནང་པའི་གཏན་ཚིག་རིགས་པའམ་ཚད་མའི་གཞུང་དག་ནས་བསྟན་པའི་གཞལ་བྱ་ཡུལ་ངེས་བྱེད་ཀྱི་ཐབས་དམ་པ་སྟེ། རང་ལས་ངེས་ཀྱི་ཚད་མ་དང་། གཞན་ལས་ངེས་ཀྱི་ཚད་མ་གཉིས་ལ་རྒྱུན་གཏན་སློབ་གསོ་སློབ་ཁྲིད་ཁྲོད་ཇི་ལྟར་ངོས་འཛིན་ཚུལ་ཅུང་ཙམ་ཞིག་ཡི་གེའི་གཟུགས་སུ་ཕབ་པ་ལ། དེ་ཡང་། བཤེས་གཉེན་དམ་པའི་བཀའ་སློབ་བདུད་རྩི་ལྟ་བུ་དག་ཁོ་བོའི་སེམས་སུ་གང་ཡོད་པ་རྣམས་ལ་གཞི་བྱས་ནས་བྲི་བར་བྱ་བ་ལ་གསུམ་ཡོད་དེ། མཚན་ཉིད་ཀྱི་སྟེང་ནས་ངོས་འཛིན་ཚུལ་དང་། རྟགས་སྦྱོར་གྱི་སྟེང་ནས་ངོས་འཛིན་ཚུལ་དང་གནད་བསྡུས་ཀྱི་མཇུག་བསྡུ་བ་བཅས་གསུམ་ཡིན།
        དང་པོ། མཚན་ཉིད་སྟེང་ནས་ངོས་འཛིན་ཚུལ། 
        དེ་ཡང་། 《རིགས་རྒྱན》ལས། “ཚད་མ་གང་ཞིག རང་གི་གཞལ་བྱའི་བདག་ཉིད་ཡུལ་སྟེང་དུ་གནས་པ་མེད་ན་རང་ཉིད་མི་འབྱུང་བ་ལ་རང་སྟོབས་ཀྱིས་ངེས་པ་འདྲེན་ནུས་པ། རང་ལས་ངེས་ཀྱི་ཚད་མའི་ཚན་ཉིད”①ཞེས་བཀོད་པ་དང་། པཎ་ཆེན་བསོད་ནམས་གྲགས་པས་མཛད་པའི《ཚད་མའི་དཀའ་འགྲེལ་དགོངས་པ་རབ་གསལ》ནང་། “རང་གི་གཞལ་བྱའི་བདག་ཉིད་མཐར་ཐུག་པ་ཡུལ་སྟེང་གནས་པ་མེད་པར་རང་ཉིད་མི་འབྱུང་བ་ལ་ངེས་པ་རང་སྟོབས་ཀྱིས་འདྲེན་ནུས་པའི་གསར་དུ་མི་བསླུ་བའི་ཤེས་པ་རང་ལས་ངེས་ཀྱི་ཚད་མའི་མཚན་ཉིད”②ཅེས་གསུངས་པ་རྣམས་ཀྱི་དོན་ནི་རང་ལས་ངེས་ཀྱི་ཚད་མ་ཡིན་ན་རང་གི་གཞལ་བྱ་ངེས་པ་གང་ཞིག་རང་གི་གཞལ་བྱའི་བདག་ཉིད་ཀྱང་ངེས་པ་ཞིག་དགོས་པར་འདོད། དེ་ཡི་ཕྱིར་ན། རང་ལས་ངེས་ཀྱི་ཚད་མ་ཡིན་ན། སྤྱིར་ཚད་མ་སྟེ་གསར་དུ་མི་བསླུ་བའི་རིག་པ་ཞིག་ཡིན་དགོས། དཔེར་ན། རང་རྒྱལ་དགྲ་བཅོམ་པ་དང་། སྟོང་ཉིད་དོན་སྤྱིའི་ཚུལ་གྱིས་རྟོགས་པ་མན་ཆད་ཀྱི་སྐྱེ་བུའི་བརྒྱུད་ཀྱི་སྔོན་འཛིན་མིག་ཤེས་སྐད་ཅིག་དང་པོ་རྣམས་ནི་ཚད་མ་ཡིན་ལ། དེ་དག་གི་རྒྱུན་སྐད་ཅིག་གཉིས་པ་རྣམས་ནི་ཚད་མ་མ་ཡིན་ནོ།། སྔོ་འཛིན་མིག་ཤེས་སྐད་ཅིག་དང་པོའི་རྒྱུན་དུ་གྱུར་པའི་སྐད་ཅིག་གཉིས་པ་རྣམས་ནི། ཚད་མ་མ་ཡིན་ཏེ། གསར་རྟོགས་མ་ཡིན་པའི་ཕྱིར་རོ།། གསར་རྟོགས་མ་ཡིན་ཏེ། རྟོགས་ཟིན་རྟོགས་པའི་རིག་པ་ཡིན་པའི་ཕྱིར་རོ།། རྟོགས་ཟིན་རྟོགས་པའི་རིག་པ་ཡིན་ཏེ། སྔོ་འཛིན་མིག་ཤེས་སྐད་ཅིག་དང་པོའི་རྒྱུན་དུ་གྱུར་པའི་སྔོ་འཛིན་མིག་ཤེས་སྐད་ཅིག་གཉིས་པ་དེ་ཡིན་པའི་ཕྱིར་རོ།། དེ་བཞིན་རང་ལས་ངེས་ཀྱི་ཚད་མ་ཡིན་ན་རང་གི་གཞལ་བྱའི་བདག་ཉིད་ཀྱང་ངེས་པ་ཞིག་དགོས་ཏེ། བུམ་འཛིན་མིག་ཤེས་སྐད་ཅིག་དང་པོ་ལྟ་བུ་ནི་རང་ལས་ངེས་ཀྱི་ཚད་མ་ཡིན། དེ་རང་ལས་ངེས་ཀྱི་ཚད་མ་ཡིན་ཏེ། རང་གི་གཞལ་བྱ་ངེས་པ་གང་ཞིག རང་གི་གཞལ་བྱའི་བདག་ཉིད་ཀྱང་ངེས་པའི་ཚད་མ་ཡིན་པའི་ཕྱིར་རོ།། དེ་ལྟར་ཡིན་ཏེ། བུམ་པ་དེ་བུམ་འཛིན་མིག་ཤེས་ཀྱི་གཞལ་བྱ་ཡང་ཡིན་ལ་གཞལ་བྱའི་བདག་ཉིད་མཐར་ཐུག་ཀྱང་ཡིན། བུམ་པ་དེ་བུམ་འཛིན་མིག་ཤེས་ཀྱི་གཞལ་བྱ་མཐར་ཐུག་ཡིན་ཏེ། བུམ་འཛིན་མིག་ཤེས་ཀྱིས་བུམ་པ་རྟོགས་པ་དེ་ཉིད་བུམ་འཛིན་མིག་ཤེས་ཚད་མ་དེའི་བྱེད་ལས་ཡོངས་སུ་རྫོགས་པ་ཡིན་པའི་ཆ་ནས་བུམ་འཛིན་མིག་ཤེས་ཀྱི་གཞལ་བྱའི་བདག་ཉིད་མཐར་ཐུག་ལ་བུམ་པ་ཁོ་རང་ཡིན་ནོ། །
        མདོར་ན། སྤྱིར་ཚད་མ་ཡིན་ན་རང་ལས་ངེས་ཀྱི་ཚད་མ་ཡིན་པས་མ་ཁྱབ་ཀྱང་ཆོས་དེ་ལ་ཚད་མ་ཡིན་ན་རང་ལས་ངེས་ཀྱི་ཚད་མ་ཡིན་པས་ཁྱབ་བོ།། དེ་གཞན་རྣམས་ལ་ཡང་རིགས་འགྲེ་དེ་བཞིན་རང་ལས་ངེས་ཀྱི་ཚད་མ་དང་། གཞན་ལས་ངེས་ཀྱི་ཚད་མ་རྣམ་གཉིས་ནི་མངོན་སུམ་ཚད་མས་རང་གི་གཞལ་བྱའི་བདག་ཉིད་མཐར་ཐུག་ངེས་མ་ངེས་ཀྱི་སྟེང་ནས་དེ་ལྟར་དབྱེ་བ་བཞག་ཏུ་ཡོད་ཀྱང་རྗེས་དཔག་ཚད་མ་རྣམས་ནི་མཐའ་གཅིག་ཏུ་རང་ལས་ངེས་ཀྱི་ཚད་མ་ཁོ་ན་ཡིན་ནོ།། དེ་ཡང་། 《རིགས་རྒྱན》ལས། “རང་ལས་ངེས་ཀྱི་ཚད་མ་ལ་དབྱེ་ན། གོམས་པ་ཅན་གྱི་མངོན་སུམ་ཚད་མ་དང་རྗེས་དཔག་རྣམ་གཉིས་ནི་མཐའ་གཅིག་ཏུ་རང་ལས་ངེས་ཀྱི་ཚད་མ་ཡིན་ལ། དོན་བྱེད་སྣང་གི་མངོན་སུམ་དང་རང་རིག་མངོན་སུམ་ལ་རང་ལས་ངེས་དང་། གཞན་ལས་ངེས་ཅི་རིགས་སུ་ཡོད་པ་ཡིན་ནོ”④ཞེས་གསུངས་སོ།། ཡང་ཁ་ཅིག་གིས་ལུང་གི་རྗེས་དཔག་རྣམས་ནི་གཞན་ལས་ངེས་ཚད་མ་མ་ཡིན་ནམ་སྙམ་ན། དེ་ནི་དེ་ལྟར་མ་ཡིན་ཏེ། ཚད་མའི་གཞུང་དག་ནས་གཞི་ཤེས་བྱ་རྣམས་མིག་སོགས་དབང་པོ་ལྔའི་ཡུལ་དུ་གྱུར་པའི་གཞལ་བྱའི་སྡེ་ཚན་གཅིག་དང་། དབང་པོ་ལྔའི་ཡུལ་དུ་མ་གྱུར་ཡང་ཚུལ་གསུམ་པའི་རྟགས་ལ་བརྟེན་ནས་རྟོགས་ནུས་པའི་གཞལ་བྱའི་སྡེ་ཚན་གཅིག དབང་པོ་ལྔ་དང་ཚུལ་གསུམ་རྟགས་ཀྱིས་རྟོགས་མི་ཐུབ་པར་ལུང་ལ་བརྟེན་ནས་དེ་ལྟར་ཁས་ལེན་དགོས་པའི་གཞལ་བྱ་གཅིག་བཅས་ཤེས་བྱ་ཐམས་ཅད་གཞལ་བྱ་སྡེ་ཚན་གསུམ་དུ་བགོས་པ་ལས། དབང་པོ་ལྔ་དང་ཚུལ་གསུམ་རྟགས་ཀྱི་རྟོགས་མི་ཐུབ་པར་ལུང་ལ་བརྟེན་ནས་ཁས་ལེན་དགོས་པའི་གཞལ་བྱ་ཤིན་ཏུ་ལྐོག་གྱུར་དཔེར་ན། ལས་འབྲས་དང་སྐྱེ་བ་སྔ་ཕྱི་སོགས་ནི་ལུང་གི་རྗེས་དཔག་ལ་བརྟེན་ནས་ཁས་ལེན་དགོས་པ་རྣམས་གཞན་ལས་ངེས་ཀྱི་ཚད་མ་མ་ཡིན་ཏེ། གཞན་ལས་ངེས་ཀྱི་ཚད་མ་ཡིན་ན་རང་གི་གཞལ་བྱ་ངེས་ལ། གཞལ་བྱའི་བདག་ཉིད་མ་ངེས་པ་ཞིག་དགོས་པ་ཡིན། ལས་འབྲས་དང་སྐྱེ་བ་སྔ་ཕྱི་སོགས་ངེས་ལ་དེ་དག་གི་བདག་ཉིད་མ་ངེས་པ་ཞིག་མེད་པས་ལུང་གི་རྗེས་དཔག་རྣམས་ནི་གཞན་ལས་ངེས་ཀྱི་ཚད་མ་མ་ཡིན་ནོ།།
        གཞན་ལས་ངེས་ཀྱི་ཚད་མའི་མཚན་ཉིད་ལ། 《རིགས་རྒྱན》ལས། “ཚད་མ་གང་ཞིག་རང་གི་གཞལ་བྱའི་བདག་ཉིད་ཡུལ་སྟེང་དུ་གནས་པ་མེད་ན་རང་ཉིད་མི་འབྱུང་བ་ལ་གཞན་སྟོབས་ཀྱིས་ངེས་པ་འདྲེན་དགོས་པ”③ཞེས་དང་།《ཚད་མའི་དཀའ་འགྲེལ་དགོངས་པ་རབ་གསལ》 དུ“རང་གི་གཞལ་བྱའི་མཐར་ཐུག་པ་ཡུལ་སྟེང་དུ་གནས་པ་མེད་པར་རང་ཉིད་མི་འབྱུང་བ་ལ་ངེས་པ་རང་སྟོབས་ཀྱིས་འདྲེན་མི་ནུས་པར་ཕྱིས་འབྱུང་ཐ་སྙད་པའི་ཚད་མ་གཞན་ལ་བརྟེན་ནས་ངེས་པ་འདྲེན་དགོས་པའི་གསར་དུ་མི་བསླུ་བའི་ཤེས་པ་གཞན་ལས་ངེས་བྱེད་ཀྱི་ཚད་མའི་མཚན་ཉིད” ④ཅེས་གསུངས་པ་རྣམས་ཀྱི་དོན་རང་བློས་གང་དཔོག་ཚུལ་གྱིས་བཀྲལ་བ་ལ། གཞན་ལས་ངེས་ཀྱི་ཚད་མ་ཞེས་པ་དེ་ཇི་ལྟ་བུ་ཞིག་ལ་བརྗོད་དམ་ཟེར་ན། དེ་ནི་རང་གི་གཞལ་བྱ་ངེས་ཀྱང་གཞལ་བའི་བདག་ཉིད་དམ་ཡང་ན་གཞལ་བའི་ངོ་བོ་མཐར་ཐུག་དེ་མ་ངེས་པའི་གསར་དུ་མི་བསླུ་བའི་རིག་པ་ཞིག་ལ་ཟེར་བ་ཡིན། དཔེར་ན། དོན་ལ་མེ་ཡིན་ཞིང་རྟོག་པས་མེ་ཡིན་མིན་ཐེ་ཚོམ་ཟ་བའི་རྒྱང་རིང་པོའི་དམར་པོ་མཐོང་བའི་མངོན་སུམ་ལྟ་བུ་ནི་གཞན་ལས་ངེས་ཀྱི་ཚད་མ་ཡིན། དེ་ལྟར་ཡིན་ཏེ་མངོན་སུམ་དེས་རང་གི་གཞལ་བྱ་དམར་པོ་དེ་གང་ཟག་དེའི་རྒྱུད་ལ་ངེས་ཀྱང་གཞལ་བྱའི་བདག་ཉིད་མཐར་ཐུག་པ་དེ་མ་ངེས་པར་ཐེ་ཚོམ་ཟ་བཞིན་དུ་ཞུགས་པ་ཡིན་ནོ།། ཐེ་ཚོམ་ཟ་ན་ཚད་མ་མ་ཡིན་པ་གྱུར་རོ་ཞེ་ན། དེ་ནི་དེ་ལྟར་མ་ཡིན་ཏེ། དོན་ལ་མེ་ཡིན་ཞིང་རྟོག་པས་མེ་ཡིན་མིན་ཐེ་ཚོམ་ཟ་བའི་རྒྱང་རིང་པོའི་དམར་པོ་མཐོང་བའི་མིག་ཤེས་དེས་རང་གི་གཞལ་བྱ་དམར་པོ་དེ་རྟོགས་པས་དེ་ལ་རང་ལས་ངེས་ཀྱི་ཚད་མ་ཡིན་པས་ཐེ་ཚོམ་དུ་འགྲོ་བ་མ་ཡིན། དེ་འདྲའི་མངོན་སུམ་དེས་རང་གི་གཞལ་བྱ་རྟོགས་ཤིང་གཞལ་བྱའི་བདག་ཉིད་དམ་གཞལ་བྱའི་ངོ་བོ་མཐར་ཐུག་དེ་ཇི་འདྲ་ཡིན་མིན་གང་ཟག་དེའི་རྒྱུད་ལ་ཐེ་ཚོམ་དྲངས་པ་ཙམ་ལས་ངེས་པ་སྟེར་མི་ནུས་པར་ཕྱི་བྱུང་ཚད་མ་གཞན་ལ་བརྟེན་ནས་རྟོགས་དགོས་པའི་རྒྱུ་མཚན་གྱིས་གཞན་ལས་ཀྱི་ཚད་མར་བཞག་པ་ཡིན་པ་ལས་གཞལ་བྱ་བདག་ཉིད་ལ་ནི་མ་ཡིན་ནོ།། གཞན་ལས་ངེས་ཞེས་པའི་དོན་ནི་གཞལ་བྱའི་བདག་ཉིད་གཞན་གྱིས་ངེས་ཞེས་པའི་དོན་ཡིན། གཞན་ཞེས་པ་ནི་ཚད་མ་གཞན་དང་། ངེས་ཞེས་པ་ནི་གཞལ་བྱའི་བདག་ཉིད་ངེས་པའི་དོན་ཡིན། དེ་ཡང་། དེ་འདྲའི་མངོན་སུམ་གྱིས་རང་གི་གཞལ་བྱ་ངེས་ཀྱང་གཞལ་བྱའི་བདག་ཉིད་མཐར་ཐུག་པ་དེ་མ་ངེས་པར་ཕྱི་འབྱུང་ཚད་མ་གཞན་ལ་བརྟེན་ནས་ངེས་དགོས་པའི་ཚད་མ་རིགས་ལ་གཞན་ལས་ངེས་ཀྱི་ཚད་མ་ཞེས་ཟེར་བ་ཡིན་པ་ལས་གཞལ་བྱ་ལ་ནི་མ་ཡིན། གཞན་ལས་ངེས་ཀྱི་ཚད་མ་ནི་གཞལ་བྱའི་བདག་ཉིད་ལ་གཞན་ལས་ངེས་ཀྱི་ཚད་མ་ཡིན་ཡང་གཞལ་བྱ་ལ་ནི་རང་ལས་ངེས་ཀྱི་ཚད་མ་ཡིན་ནོ། ། མདོར་ན། གཞན་ལས་ངེས་ཀྱི་ཚད་མ་ནི་སྣང་བ་རང་ལས་ངེས་ཤིང་བདེན་པ་གཞན་ལས་ངེས་པ་ཞིག་ལ་ཟེར། དཔེར་ན། དེ་འདྲའི་མངོན་སུམ་དེས་རང་གི་སྣང་ཡུལ་དུ་གྱུར་པའི་དམར་པོ་དེ་ལ་ཚད་མའི་བྱེད་ལས་ཡོངས་སུ་རྫོགས་པའི་ཆ་ནས་དམར་པོ་དེ་དམར་པོ་རུ་རྟོགས་པས་དེ་ལ་ནི་རང་ལས་ཀྱི་ཚད་མ་ཡིན། འོན་ཀྱང་དེ་འདྲའི་མངོན་སུམ་དེས་དམར་པོ་དེ་མེ་ཡིན་མིན་མ་རྟོགས་པར་གང་ཟག་དེའི་རྒྱུད་ལ་ཐེ་ཚོམ་དྲངས་པ་ཙམ་ལས་ངེས་པ་སྟེར་མི་ནུས་པར་ཕྱི་འབྱུང་ཚད་མ་གཞན་ལ་བརྟེན་ནས་གཞལ་བྱ་གང་དེའི་བདེན་པའམ་བདག་ཉིད་དེ་རྟོགས་དགོས་པས་ན་གཞན་ལས་ཀྱི་ཚད་མ་ཡིན་ནོ། །
        གཉིས་པ།  རྟགས་སྦྱོར་གྱི་སྟེང་ནས་ངོས་འཛིན་ཚུལ།
        བུམ་འཛིན་མིག་ཤེས་སྐད་ཅིག་དང་པོ་ཆོས་ཅན། རང་ལས་ངེས་ཀྱི་ཚད་མ་ཡིན་པར་ཐལ། ཚད་མ་གང་ཞིག་གཞན་ལས་ངེས་ཀྱི་ཚད་མ་མ་ཡིན་པའི་ཕྱིར། རྟགས་གཉིས་པ་མ་གྲུབ་ན། བུམ་འཛིན་མིག་ཤེས་སྐད་ཅིག་དང་པོ་ཆོས་ཅན། གཞན་ལས་ངེས་ཀྱི་ཚད་མ་མ་ཡིན་པར་ཐལ། རང་ལས་ངེས་ཀྱི་ཚད་མ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། རང་ལས་ངེས་ཀྱི་ཚད་མ་ཡིན་པར་ཐལ། བུམ་འཛིན་མིག་ཤེས་རང་སྟོབས་ཀྱིས་སྒོ་ནས་བུམ་པ་རྟོགས་པ་ཡིན་པའི་ཕྱིར། མ་གྲུབ་ན། བུམ་འཛིན་མིག་ཤེས་དེ་རང་གི་གཞལ་བྱ་བུམ་པ་ལ་ཚད་མ་མ་ཡིན་པར་ཐལ་ལོ།། གོང་དུ་མ་ཁྱབ་ཟེར་ན། ཁྱབ་པར་ཐལ། ཚད་མ་གང་ཞིག་རང་གི་གཞལ་བྱའི་བདག་ཉིད་ལ་རང་སྟོབས་ཀྱི་ངེས་པ་འདྲེན་ནུས་དང་མི་ནུས་དེ་རང་ལས་ངེས་དང་། གཞན་ལས་ངེས་ཀྱི་དབྱེ་གཞི་ཡིན་པའི་ཕྱིར། དེ་བཞིན་དུ། ཆོས་དེ་ལ་ཚད་མ་ཡིན་ན་རང་ལས་ངེས་ཀྱི་ཚད་མ་ཡིན་པས་ཁྱབ་ཅེས་པའི་སྡོམ་ཚིག་ཡང་དག་ཡོད་པའི་ཕྱིར།
        དོན་ལ་མེ་ཡིན་ཞིང་རྟོག་པས་མེ་ཡིན་མིན་ཐེ་ཚོམ་ཟ་བའི་རྒྱང་རིང་པོའི་དམར་པོ་མཐོང་བའི་མངོན་སུམ་དེ་ཆོས་ཅན། རང་ལས་ངེས་ཀྱི་ཚད་མ་མ་ཡིན་པར་ཐལ། གཞན་ལས་ངེས་ཀྱི་ཚད་མ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན་གཞན་ལས་ངེས་ཚད་མ་ཡིན་པར་ཐལ། ཚད་མ་གང་ཞིགརང་གི་གཞལ་བྱའི་བདག་ཉིད་ལ་རང་སྟོབས་ཀྱི་ངེས་པ་འདྲེན་མི་ནུས་པ་དེ་ཡིན་པའི་ཕྱིར། རྟགས་དང་པོ་མ་གྲུབ་ན། དེ་ཆོས་ཅན། ཚད་མ་ཡིན་པར་ཐལ། རང་གི་གཞལ་བྱ་དམར་པོ་དེ་ལ་ཚད་མ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན།རང་གི་གཞལ་བྱ་དམར་པོ་དེ་ལ་ཚད་མ་ཡིན་པར་ཐལ། དེ་ལ་རང་ལས་ངེས་ཀྱི་ཚད་མ་ཡིན་པའི་ཕྱིར། ཡིན་པར་ཐལ། དམར་པོ་དེ་དམར་པོ་རུ་རྟོགས་པ་ཡིན་པའི་ཕྱིར། གོང་གི་རྟགས་གཉིས་པ་མ་གྲུབ་ན། དེ་ཆོས་ཅན། རང་གི་གཞལ་བྱའི་བདག་ཉིད་ལ་རང་སྟོབས་ཀྱི་ངེས་པ་འདྲེན་མི་ནུས་པ་དེ་ཡིན་པར་ཐལ། ཆོས་ཅན་དེ། དེ་ལྟར་ཡིན་པའི་ཕྱིར། དེ་ལྟར་ཡིན་པར་ཐལ། དོན་ལ་མེ་ཡིན་ཞིང་རྟོག་པས་མེ་ཡིན་མིན་ཐེ་ཆོམ་ཟ་བའི་ཞེས་བཞག་ཡོད་པའི་ཕྱིར།
        མདོར་ན། རང་ལས་ངེས་ཀྱི་ཚད་མ་དང་གཞན་ལས་ངེས་ཀྱི་ཚད་མ་ནི་སོ་སྐྱེའི་རྒྱུད་ཀྱི་མངོན་སུམ་ཚད་མས་རང་གི་གཞལ་བྱའི་བདག་ཉིད་མཐར་ཐུག་པ་དེ་ངེས་མ་ངེས་ཀྱི་སྟེང་ནས་དབྱེ་བ་ལས་རྗེས་དཔག་ཚད་མ་ནི་མཐའ་གཅིག་ཏུ་རང་ངེས་ལས་ཀྱི་ཚད་མ་ཡིན། མངོན་སུམ་ཚད་མ་ལ་དེ་ལྟར་རང་ལས་ངེས་དང་། གཞན་ལས་ངེས་བཅས་གཉིས་སུ་དབྱེ་བ་དེ་ཡང་གཞལ་བྱའི་བདག་ཉིད་ངེས་མ་ངེས་ཀྱི་སྟེང་ནས་དབྱེ་བ་ལས་གཞལ་བྱ་ངེས་མ་ངེས་ནི་མ་ཡིན་ནོ།། ཚད་མ་ཡིན་ན། རང་གི་གཞལ་བྱ་ངེས་པས་ཁྱབ་བོ།།
        མཆན་དང་དཔྱད་གཞིའི་ཡིག་རིགས།
        ①③④རྒྱལ་དབང་དགེ་འདུན་གྲུབ། ཚད་མ་རིགས་རྒྱན། [ M] སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་སྒྲིག་ཁང་། ཤ 31 ཤ 33  ཤ 31
        ②⑤པཎ་ཆེན་བསོད་ནམས་གྲགས་པ། ཚད་མའི་དཀའ་འགྲེལ་དགོངས་པ་རབ་གསལ།[ M] སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་སྒྲིག་ཁང་། ཤ 243 ཤ 243
        རྩོམ་པ་པོ་ངོ་སྤྲོད། བསོད་ནམས་ཚེ་རིང་། (1987 -) བོད་ལྗོངས་ཉིང་ཁྲི་ས་ཁུལ་ཀོང་པོ་རྒྱ་མདའ་རུ་འཁྲུངས། བོད་ལྗོངས་སྣང་རྫོང་གྲོང་མདའ་སློབ་ཆུང་དུ་དགེ་རྒན་གྱི་ཕྱག་ལས་གནང་ནས་ལོ་ལྔ་ཙམ་འདས། ད་ལྟ་བོད་ལྗོངས་སློབ་ཆེན་རིག་གཞུང་སློབ་གླིང་གི2015ལོའི་རབ་འབྱམས་པའི་ཞིབ་འཇུག་སློབ་མ་ཡིན། ཞིབ་འཇུག་ཁ་ཕྱོགས་གཙོ་བོ་གྲུབ་མཐའ་ཡིན།
北京赛车怎么玩 智慧彩票投注预测APP 新疆喜乐彩走势图 北京赛车怎么玩 安徽11选5 智慧彩票投注预测APP 北京赛车怎么玩 新疆喜乐彩注册 极速3分彩平台 北京赛车怎么玩