山东群英会选号技巧

དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། 山东群英会选号技巧བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > དམངས་སྲོལ་ནོར་བུ།

ཤར་རྒྱལ་མོ་ཚ་བ་རོང་གི་གདོད་མའི་ལོ་རྒྱུས་དང་སྦྲགས་ཏེ་ཞང་ཞུང་གི་ཤོན་དང་རྒྱལ་རོང་གི་དར་གར་སྐོར་ཅུང་ཙམ་གླེང་བ།

སྤེལ་དུས 2020-03-10 ཡོང་ཁུངས། རྔ་སྒྲ། རྩོམ་པ་པོ། ཆུ་མདོ་པད་མ་བཀྲ་ཤིས།
[གནད་བསྡུས།] སྤྱིར་སྟོད་དུ་རྒྱ་གར་གྱི་ས་མཚམས་ན་གནས་པའི་མངའ་རིས་ཕྱོགས་ཀྱི་མི་སྡེ་དང་། སྨད་རྒྱ་ནག་གི་ས་མཚམས་ན་སྡོད་པའི་ཤར་རྒྱལ་མོ་ཚ་བ་རོང་འདི་ཚོ་ལ་ཟླ་ལམ་དུ་མས་ཆོད་པའི་བར་ན་སྐད་ལུགས་དང་ཆ་ལུགས་མི་གཅིག་པའི་ཡུལ་གྲུ་འདི་ཙམ་གནས་ཤིང་ཕན་ཚུན་འབྲེལ་མེད་ལྟ་བུར་ཆགས་འདུག་མོད། འོན་ཀྱང་དེ་གཉིས་བར་ཀྱི་ཐུན་མོང་དུ་གྱུར་པའི་རིག་གནས་གང་འཚམས་ཤིག་ཡ་མཚན་པོ་འདྲ་བར་ཡོད་པར་མ་ཟད་རིག་གནས་དེ་དག་ནི་ཡ་ཐོག་ཞང་ཞུང་རིག་གནས་དང་འབྲེལ་བ་དམ་ཟབ་ཡོད་པའང་མངོན་ཞིང་། ཁོ་བོས་གནའ་རབས་ལོ་རྒྱུས་ཀྱི་ཡིག་ཆར་གཞི་བྱས་ཤིང་། དེང་སང་དམངས་ཁྲོད་དུ་བཞུགས་པའི་སྒྱུ་རྩལ་བ་རྒན་གྲས་རྣམས་ཀྱི་ངག་རྒྱུན་གྱི་བཤད་སྲོལ་སོགས་དཔྱད་གཞིར་བྱས་ཏེ། ཞང་ཞུང་ཤོན་རྩེད་དང་ཤར་རྒྱལ་མོ་ཚ་བ་རོང་ཕྱོགས་ན་སོར་ཉར་བྱས་ཡོད་པའི་དར་གར་ཤོ་ནེ་གཉིས་ཆེད་དུ་བདམས་ཏེ་དཔྱད་པར་རགས་བསྡུས་བྱས་ཡོད་དོ།།  
[ཚིག་གཙོ་བོ།] ཞང་ཞུང་། རྒྱལ་རོང་། ཤོན། དར་གར་ཤོ་ནེ།

གུ་གེའི་གྱང་རིས།
          དང་པོ། ཞང་ཞུང་རུས་རྒྱུད་སྤྱི་བཤད།
          ཞང་ཞུང་གི་གཡུང་དྲུང་ཤོན་རྩེད་སྐོར་གླེང་དགོས་ན། ཐོག་མར་ཞང་ཞུང་ཞེས་པ་དེ་ངེས་པར་དུ་ཤེས་དགོས་ཏེ། དེ་ཡང་གཤེན་བསྟན་ལ་དད་པའི་བོད་མི་བྱིངས་ལ་མཚོན་ན་ཞང་ཞུང་ནི་གཡུང་དྲུང་བོན་གྱི་བསྟན་པའི་འབྱུང་ཁུངས་ཡིན་པས་གལ་ཆེར་འཛིན་དགོས་པར་གོར་མ་ཆག བོད་རིག་པའི་ཞིབ་འཇུག་པ་རྣམས་ལ་མཚོན་ན་ཞང་ཞུང་ཞེས་པ་དེ་ནི་ཡ་ཐོག་གངས་ཅན་མཐོ་སྒང་ན་རྒྱལ་ཕྲན་མང་པོར་ཡོད་པ་ལས་རྒྱལ་ཕྲན་ཞིག་གི་མིང་ཡིན་ཞིང་། རྒྱལ་ཕྲན་དེར་རང་གི་རྒྱལ་པོ་དང་རང་གི་ཐུན་མོང་གི་ཤེས་རིག་སོགས་དར་རྒྱས་ཆེས་ཆེར་བྱུང་ཡོད་པས། རིམ་གྱིས་གངས་ཅན་གྱི་ཡུལ་ན་ཆེས་ཆེ་བའི་རྒྱལ་ཕྲན་ཞིག་ཏུ་གྱུར་ཞིང་། ཞང་ཞུང་རྒྱལ་ཕྲན་མངའ་ཐང་དར་བའི་རྩེ་སོན་པ་ནི། ཞང་ཞུང་སྒོ་ཕུགས་བར་གསུམ་ཞེས་རྒྱལ་ཁབ་ཀྱི་ས་ཁྱོན་ཀྱང་གངས་ཅན་མཐོ་སྒང་དུ་ཡོངས་སུ་རྒྱ་བསྐྱེད་མཛད་དེ་དར་རྒྱས་ཀྱི་བྱིན་རླབས་ཆེས་ཆེར་མཛད། བོད་ཀྱི་ལོ་རྒྱུས་སུ་དུས་སྐབས་དེ་ལ་ཞང་ཞུང་རྒྱལ་རབས་དང་། རྒྱལ་རབས་འདིའི་རྒྱལ་པོའི་མིང་ལ་ཞང་ཞུང་སྲིད་པའི་རྒྱལ་པོ་བྱ་རུ་ཅན་ཞེས་བསྔགས་པ་ཡང་དོན་ལ་གནས་སོ།།
          དེ་ཡང་ཞང་ཞུང་མིའི་རུས་རྒྱུད་གཙོ་བོ་ནི་བོད་ཀྱི་ལོ་རྒྱུས་ལས་ཡོངས་གྲགས་པའི་མིའུ་གདུང་དྲུག་གི་ཡ་གྱལ་བསེ་ཁྱུང་སྦྲ་རུས་ལས་གྱེས་པ་ཞིག་སྟེ། 《ཞང་བོད་གནའ་རབས་ལོ་རྒྱུས་ནོར་བུའི་མེ་ལོང་།》ལས།། མི་ནི་མི་ཉག་ལྡོང་། མི་ནི་མི་སྲོང་སམ་བྷ།། མི་ནི་སྦྲ་རྒྱལ་ཞང་ཞུང།། མི་ནི་སེང་རྒ་འ་ཞ།། མི་ནི་སྒ་རྗེ་དྲང་དཀར།།①ཞེས་གསུངས་པ་གནང་བས། དོན་ནི་དབྲའི་རུས་ཚན་ལས་ཞང་ཞུང་རིགས་རྒྱུད་འཕེལ་བ་དང་། སྒའི་རུས་ཚན་ལས་འ་ཞའི་རིགས་བརྒྱུད། ལྡོང་རུས་ཚན་ལས་མི་ཉག་གི་རིགས་རྒྱུད། སྟོང་རུས་ཚན་ལས་སུམ་པའི་རིགས་རྒྱུད་རྣམས་མཆེད་པར་སྣང་། ལྷག་པར་དུ་བོན་གཞུང་《སྲིད་པ་རྒྱུད་པའི་ཁ་བྱང་།》་ལས། ཞང་ཞུང་སྟོང་སྡེ་རྒུ་རུ་འཕེལ།། དབྲ་ཞང་ཞུང་རིགས་ལ་དྲིན་ཆེའོ།།②ཞེས་སྦྲའམ་དབྲའི་རུས་རྒྱུད་ལས་ཞང་ཞུང་གི་རིགས་རྒྱུད་འཕེལ་བ་ཤིན་ཏུ་གསལ་བས་ཞང་ཞུང་མིའི་རིགས་རྒྱུད་གཙོ་བོ་ནི་དེང་སང་གངས་ཅན་བོད་ཀྱི་རིགས་རུས་ཀྱི་གྲངས་འདྲེན་ལས་སྦྲའམ་དབྲའི་རུས་ཡིན་པར་གོར་མ་ཆག ཞང་ཞུང་དབྲའི་རིགས་རྒྱུད་ཕལ་ཆེར་མངའ་རིས་སྐོར་གསུམ་གྱིས་གཙོས་པའི་སྟོད་ཕྱོགས་ཀྱི་རིགས་རྒྱུད་རྣམས་དང་། ཧི་མ་ལ་ཡའི་བོད་རིགས་ཁག་གི་མི། དེ་བཞིན་སྨད་ཕྱོགས་ཀྱི་ཁྱུང་ལའི་རི་རྒྱུད་གཡས་གཡོན་དུ་བཞུགས་པའི་ཁྱུང་པོ་དཀར་ནག་སེར་གསུམ་དང་བཅས་པའི་མི་ཚོགས་དག་ནི་བསེ་ཁྱུང་དབྲའི་རུས་རྒྱུད་ལས་གྲོལ་བ་གཙོ་ཆེ་བས་འདིར་མདོ་ཙམ་སྨོས་པས་ཆོག་ཤེས་པར་བྱས་སོ།།

གུ་གེའི་གྱང་རིས།
          གཉིས་པ། ཤར་རྒྱལ་མོ་ཚ་བ་རོང་གི་རུས་རྒྱུད་སྤྱི་བཤད།
          དེ་ཡང་ཤར་རྒྱལ་མོ་ཚ་བ་རོང་གི་རིགས་རྒྱུད་གཙོ་བོ་ནི་གངས་ཅན་བོད་ཀྱི་རྩ་བའི་རུས་རྒྱུད་དབྲ་རུས་ལས་མཆེད་པར་མང་ཕྱིར། རྒྱལ་རོང་མིའི་རུས་རྒྱུད་ཅིང་དབྲ་རུས་ཞེས་བཞེད་དེ། 《བོད་མི་བུ་གདུང་དྲུག་གི་རུས་མཛོད་མེ་ཏོག་སྐྱེད་ཚལ།》ལས། སྤྱིར་རྒྱལ་མོ་རོང་གི་རྒྱལ་ཁག་ཐམས་ཅད་ཀྱི་རྒྱལ་པོའི་གདུང་རྒྱུད་ཐམས་ཅན་ནི་སྦྲའམ་དབྲ་ཁོ་ན་ཡིན་པར་བཞེད་ལ། ཞེས་དང་། ཡང་《མདོ་སྨད་ཆོས་འབྱུང་།》ལས། ཚ་ཆུའི་རྒྱུད་དུ་བསྟན་པའི་ལྕགས་རི་ཚ་བ་ཁག་གསུམ་དུ་བསྔགས་པའི་རྒྱལ་ས་ཡོད། རྒྱལ་རོང་རྒྱལ་ཁག་ཐམས་ཅད་ཀྱི་རུས་སྦྲ་ཡིན་པར་བཤད། རིགས་དེར་ཚ་ཁོ་རང་སྐད་ལ་ང་ཤིས་ཙ་(ངའི་སྦྲ་ཞེས་པ་སྟེ་རོང་མིའི་ཟུར་ཆག་གི་སྐད)ཟེར་③ཞེས་ཤར་རྒྱལ་མོ་ཚ་བ་རོང་གི་རུས་རྒྱུད་གཙོ་བོ་ཡང་སྦྲའང་དབྲའི་རུས་ཡིན་པར་གསུངས་ཤིང་། དེས་ན་སྟོད་ཞང་ཞུང་གི་དབྲའི་རུས་རྒྱུད་དང་སྨད་རྒྱལ་མོ་ཚ་རོང་ཡུལ་གྱི་དབྲའི་རུས་བར་ལ་འབྲེལ་བ་གང་ཡོད་ཟེར་ན།  རྒྱལ་རོང་ལོ་རྒྱུས་《རབ་གསལ་མེ་ལོང་།》ལས། ཞང་ཞུང་སྲིད་པའི་རྒྱལ་པོ་ཁྲི་ཝེར་གསེར་གྱི་བྱ་རུ་ཅན་གྱིས་ཞང་ཞུང་ཏ་རོག་ཡུལ་ན་(དེང་སང་བོད་ལྗོངས་གཞེས་ཀ་རྩེའི་འབྲོང་པ་རྫོང་གི་བྱང་རྒྱུད་ཀྱི་ས་ཆ)བཞུགས་པའི་ཉི་ཤེལ་འོད་ཀྱི་བྱ་རུ་ཅན་དང་ལིག་ཝེར་གྱེར་གྱི་རྒྱལ་པོ་ཟླ་ཤེལ་འོད་ཀྱི་བྱ་རུ་ཅན་གཉིས་ཤར་རྒྱལ་མོ་ཚ་བ་རོང་ཕྱོགས་སུ་འགྲོ་བའི་མགོན་དུ་བྱོན་དགོས་པར་བཀའ་བསྩལ་བས་རིམ་གྱིས་དེར་བསྐྱོད་དེ། གནས་རྒྱལ་མོ་ཚ་བ་རོང་ཆེན་གྱི་དབུས། ཆུ་ཆེན་ཀ་ལང་ཀ་ཞེས་བྱ་བའི་ས་ཆར་ཐོན་ནས་ཡུལ་དེར་མི་འགྱུར་བརྟན་བཅུ་འཛོམས་པའི་གཡུ་རྩེ་ཕོ་བྲང་དམར་པོ་བཞེངས། རྒྱལ་པོའི་མིང་ལ་ལིག་ཝེར་རབ་བརྟན་རྒྱལ་པོ་བཏགས།⑤ཞེས་གསུངས་པ་དང་། གཞན་ཡང་སྔོན་རབ་བརྟན་རྒྱལ་པོའི་ཁམས་ཆེན་སྟོང་ཕྲག་བརྒྱ་པའི་ཤིང་པར་ཨ་དུམ་གྱི་མཇུག་ལས། མིའི་ལུགས་ཕྱོགས་བཞི་དབུས་ལྔར་གཡོ་ཅོག་(ལྕོག)ལྔ།།  བཙུགས་པས་ཕོ་བྲང་གཡུ་རྩེ་ཞེས་སུ་བཏགས།། ལྷ་སྲས་ཀོང་ང་ཀུན་གྱི་སྤྱི་རྗེར་བཀུར།། ལིག་ཝེར་བཙན་ན་རབ་བརྟན་རྒྱལ་པོར་གྲགས་ཞེས་གསུངས་པས་ཤེས་པར་བྱའོ།། དེ་ལྟར་ཞང་ཞུང་དབྲའི་རུས་རྒྱུད་མང་པོར་བསྐལ་བ་ཡ་ཐོག་དུས་ནས་ཡུལ་ཤར་རྒྱལ་མོ་ཚ་རོང་དུ་བྱོན་ཏེ་ཡུལ་དེ་དག་ཏུ་ཞང་ཞུང་གི་མི་རྒྱུད་དང་ཞང་བོད་ཀྱི་ཤེས་རིག་དར་བར་མངོན། དེ་ཡང་ཞང་ཞུང་ལིག་ཝེར་རྒྱལ་རྒྱུད་དེ་དག་ཡུལ་རྒྱལ་མོ་རོང་དུ་འབྱོར་པའི་དུས་ཡུན་ཏེ། 《ཞང་བོད་གནའ་རབས་ཀྱི་ལོ་རྒྱུས་ནོར་བུའི་མེ་ལོང་།》ལས། ལོ་གྲངས་སུམ་སྟོང་བརྒྱད་བརྒྱ་ལྷག་ཙམ་འདས་པའི་སྔོན་རོལ་དུ་བྱུང་བའི་གཤེན་རབ་མི་བོ་ཆེའི་སྦྱིན་བདག་ཞང་ཞུང་སྲིད་པའི་རྒྱལ་པོ་ཁྲི་ཝེར་གསེར་ཀྱི་བྱ་རུ་ཅན་ཞེས་⑥བཀོད་པར་གནང་བས། ཁྲི་ཝེར་གསེར་ཀྱི་བྱ་རུ་ཅན་ཞེས་བྱ་བ་དེ་ནི་ཞང་ཞུང་ཏ་རོག་རྒྱལ་པོ་ཕྱོགས་རྒྱལ་མོ་ཚ་བ་རོང་དུ་འབྱོན་དགོས་པར་བཀའ་བསྩལ་མཁན་གྱི་རྒྱལ་པོ་རང་ཡིན་ལ།   ཏ་རོག་ཡུལ་གྱི་ལིག་ཝེར་རྒྱལ་པོ་ཤར་རྒྱལ་མོ་ཚ་བ་རོང་དུ་འབྱོན་པའི་དུས་ཚིགས་ཕལ་ཆེར་སྟོན་པ་གཤེན་རབ་མི་བོ་ཆེ་དང་དུས་མཉམ་དང་། ཡང་ན་ཅུང་ཕྱིས་སུ་ངོས་འཛིན་བྱས་ན་ཆོག་པར་སེམས། དུས་དེ་ག་ནས་བཟུང་སྟེ་རྒྱལ་རོང་དང་ཞང་ཞུང་བར་ལ་འབྲེལ་བ་ཟབ་མོར་འདུག་ལ། རྒྱལ་རོང་གི་ཡུལ་སྡེ་ཕལ་མོ་ཆེར་ཞང་ཞུང་གི་ཆབ་འོག་ཡིན་ཀྱང་འབངས་རྣམས་ནི་བོད་ཀྱི་རིགས་རུས་ཁོ་ན་ཡིན། དེ་ཡང་ཡུལ་ག་གེ་མོའི་རྒྱལ་རོང་བས་ཁོ་བོ་ཅག་ནི་ཞང་ཞུང་རྒྱལ་རྒྱུད་ཀྱི་སྐུ་རུས་དག་པར་ཡིན་པར་འདོད་པས། རང་རིགས་ལ་སྐུ་རུས་ཞེས་ཀྱང་འབོད་པ་དང་། ལིག་ཝེར་རབ་བརྟན་རྒྱལ་པོའི་ཕོ་བྲང་ཡུལ་རྒྱལ་རོང་ཀ་ལང་ཀ་ན་འགྱིང་ངེར་བཞེངས་པས་དེང་སང་ཡང་གནས་དེར་ལིག་ཝེར་ཞེས་རྔ་བ་ཁུལ་ཆུ་ཆེན་རྫོང་གི་ཡུལ་ཚོ་ཞིག་གི་མི་དམངས་སྲིད་གཞུང་གི་མིང་དུ་བཏགས་ཏེ་འབོད་པ་དང་། ཕྱོགས་མཚུངས་སུ་ཏ་རོག་ཡུལ་གྱི་ཉི་ཤེལ་འོད་ཀྱི་བྱ་རུ་ཅན་གྱི་གདུང་རྒྱུད་རྣམས་ཡུལ་དེ་དག་གི་ཉེ་འདབས་སུ་བཀྲམ་སྟེ་རིམ་གྱིས་ཡུལ་དེ་གའི་དཔོན་པོར་བཀོད་པ་གནང་བས། རྒྱལ་རོང་གི་ཡུལ་སྐད་དུ་ཏ་རོག་ཅེས་ཞང་ཞུང་སྟོད་ཕྱོགས་ཀྱི་ཡུལ་གྱི་མིང་སྟེ་དཔོན་པོའི་སྤྱི་མིང་དུ་ཆགས་ཏེ་དེང་སང་ཡང་ཡུལ་དེ་གའི་དཔོན་པོའི་སྤྱི་མིང་ལ་ཏ་རོག་ཅེས་ཀུན་གྱིས་འབོད་པའང་ཤེས་སོ།།
          གཞན་ཡང་ཅུང་ཕྱིས་སུ། ཞང་ཞུང་དབྲ་རུས་ལས་གྱེས་པའི་ཁྱུང་གི་རུས་རྒྱུད་མང་པོར་ཕྱོགས་རྒྱལ་མོ་ཚ་བ་རོང་དུ་བྱོན་པའང་མངོན་ཏེ། དཔེ་རྙིང་《ཁྱུང་པོའི་རྒྱལ་རྒྱུད་ཤེལ་དཀར་མེ་ལོང་།》ལས། དེ་ནས་ཡང་རྫུ་འཕྲུལ་སྟོབས་དང་ལྡན་པའི་ཁྱུང་འཕགས་ཁྲ་མོ་དང་ལྷ་སྲས་གཡུང་དྲུང་གཉིས་ཤར་རྒྱལ་མོ་རོང་དུ་བྱོན་པའི་སྐབས་ལ་བབ་ནས། ཡབ་སྲས་གཉིས་ཀའི་རྫུ་འཕྲུལ་ཞབས་ཀྱིས་བཅགས་ནས། ཤོད་ཆེན་བཅོ་བརྒྱད་རྣམས་ལ་བཀའ་འབྲེལ་བཞག་ཅེས་⑦ཁྱུང་རུས་ལས་སྤྲུལ་པའི་ཁྱུང་འཕགས་ཁྲ་མོ་དང་ལྷ་སྲས་གཡུང་དྲུང་གཉིས་མཉམ་དུ་ཡབ་མྱེས་ཆེན་དམུ་བཞེར་རྒྱལ་པོའི་བཀའ་ལུང་གནང་བཞིན་ཡུལ་རྒྱལ་མོ་ཚ་བ་རོང་གི་དབུས། དགེ་བཅུ་ཐམས་ཅད་འདུས་པའི་མདོ་གསུམ་ཉེ་བར་ཕེབས་ནས་རྒྱལ་རོང་གི་མི་རྣམས་ལ་འགྲོ་དོན་མཛད་པར་བསྟན་ཏེ། ལྷག་པར་དུ་ལྷ་སྲས་གཡུང་དྲུང་དང་ལྷ་མོ་མདངས་ལྡན་མ་གཉིས་སྟངས་དཔྱལ་འཚོགས་ནས་སྲས་བཞི་འཁྲུངས་ཤིང་། སྲས་བཞི་བོ་ནི་ཀུན་སློང་བུ་ཙ་དང་ཁྲོ་ཙ་དང་། དབང་ཙ། དགེ་ཤིས་ཙ་བཅས་བཞིའོ།།⑧ཞེས་གསུངས་པ་དང་། གཞན་ཡང་《ལེགས་བཤད་རིན་པོ་ཆེའི་གཏེར་མཛོད》ལས།   ཐ་སྟག་ཁྱུང་འཕགས་ཁྲ་མོ་ནི་ཚེའི་རིག་འཛིན་བརྙེས་པས་ཞང་བོད་ཀྱི་རྒྱལ་རབས་རིམ་བྱོན་གྱི་བླ་ཡི་མཆོག་གནས་བྱས་པའི་མཐར་འབྲུག་སྔོན་མོ་ཆིབས་སུ་ཞོན་ཏེ་མདོ་སྨད་རྒྱལ་རོང་དུ་བྱོན་ནས་ལྷ་མོ་མདངས་ལྡན་མ་དང་ཁབ་ཏུ་བཞེས། དེ་ལ་བུ་འབོར་གཡུང་དྲུང་བུ་བཞི་སོགས་གྲོལ་ཏེ་བོན་སྲིད་དང་རྒྱལ་སྲིད་ཀུན་འཕེལ་ནས་བསྟན་པ་རྒྱས་པར་སྤེལ། ཞེས་ཡུལ་དེ་དག་ཏུ་ཁྱུང་གི་རུས་རྒྱུད་ཐོན་ཏེ་ཁྱུང་གི་མི་རྒྱུད་དར་བ་མ་ཟད། ཁྱུང་གི་ཤེས་རིག་རིམ་གྱིས་སྤེལ་ནས་རྒྱལ་རོང་གི་ཡུལ་སྡེ་ཀུན་ཏུ་ཡ་ཐོག་ཞང་བོད་ཀྱི་ལུགས་སྲོལ་ལྟར་གསས་ཁང་དང་འཐབ་ཁང་འདྲེས་མ་མང་དུ་བརྩིགས། རྡོ་མཁར་དང་སྡོད་ཁང་སོགས་ཁ་དོག་དཀར་པོའི་ཚོན་རྩི་ཡིས་གསོལ། ཡུལ་སྡེ་མཐའ་དག་འབྲེལ་ཚད་དོན་ལྡན་དུ་འགྱུར་བའི་མཛད་པར་རྒྱུན་རིང་པོར་འབྱུང་བར་འགྱུར་བ་ཀུན་གྱིས་ཤེས་པར་བྱའོ།། དེ་ཡང་ཁྱུང་གི་རུས་རྒྱུད་ཕྱོགས་རྒྱལ་མོ་ཚ་བ་རོང་དུ་ཐོན་པའི་དུས་སྐབས་ཏེ།《ལེགས་བཤད་རིན་པོ་ཆེའི་གཏེར་མཛོད》ལས།   འདིའི་དུས་ནི་བེེ་རོ་རྒྱལ་མོ་ཚ་བ་རོང་དུ་ཕེབས་པ་དང་དུས་མཉམ་མམ་སྙམ་མོ།⑨ཞེས་གསུངས་མོད་ཀྱང་། ཁོ་བོས་བལྟས་ན་བེེ་རོ་དང་དུས་མཉམ་ཡིན་པར་མི་སེམས་ཏེ། རྒྱུ་མཚན་ནི། བེེ་རོ་དང་མདོ་བཞེར་ནག་པོ་གཉིས་དུས་མཉམ་ཡིན་པར་བོད་ཀྱི་ལོ་རྒྱུས་ལས་ཤིན་ཏུ་གསལ་བར་མ་ཟད།  མདོ་བཞེར་ནག་པོ་ནི་རབ་བརྟན་རྒྱལ་རྒྱུད་ལས་ཆད་པའི་བཤད་སྲོལ་ཞིག་འདུག་ཅེས་མདོ་སྨད་ཆོས་འབྱུང་ལས་གསུངས་པའི་ཕྱིར་དང་། གཞན་ཡང་སྔར་བོད་རྒྱལ་སྟེང་གཉིས་ཀྱི་ཡ་གྱལ་ལྷ་སྲས་སྤུ་ལྡེ་གོང་རྒྱལ་གྱིས་མེ་ཉག་དཔལ་རྒྱལ་དང་མཚེ་མི་རིང་སྐྱོང་གཉིས་མངགས་ཏེ། དམ་པ་ཁྱུང་གི་གདུང་རབས་སྔོན་བྱོན་སྟོན་པ་མུ་ཁྱུང་རྒྱན་དང་ལྷ་ཁྱུང་རྒྱན་སྐུ་མཆེན་གཉིས་(ལེགས་བཤད་མཛོད་ལས་སྐུ་མཆེད་ཡིན་པར་གསུངས།)ཞང་ཞུང་ནས་བོད་དུ་གདན་དྲངས། བོད་དུ་བོན་སྒོ་མང་པོ་སྤེལ་ནས་སླར་ཡང་བོན་གྱི་བསྟན་པ་དར་བ་ཡིན་ཞེས་བོན་གཞུང་གླིང་གྲགས་སོགས་ལས་བཀོད་འདུག་པ་དང་།⑩གཞན་ཡང་། མུ་ཁྱུང་རྒྱན་གྱི་སྲས་ཁྱུང་འཕགས་ཁྲ་མོ་དང་། དེའི་སྲས་ལྷ་སྲས་གཡུང་དྲུང་། དེའི་སྲས་གཡུང་དྲུང་བུ་བཞི། དེ་རྣམས་མི་རབས་བཞི་ཙམ་ལས་མེད་པས་གཡུང་དྲུང་བུ་བཞི་དང་བེེ་རོ་གཉིས་དུས་མཉམ་ཡིན་མི་སྲིད་སྙམ། ལྷག་པར་དུ་སྐབས་དེར་གཡུང་དྲུང་སྤུན་བཞིས་མངའ་དབང་དུ་བསྡུས་པའི་རྒྱལ་རོང་གི་ས་ཆ་སྤྱི་ཁོག་ཙམ་བསྟན་ན།《ཁྱུང་པོའི་རྒྱལ་རྒྱུད་ཤེལ་དཀར་མེ་ལོང་།》ལས། ཤར་ཕྱོགས་རྒྱའི་ས་དང་ཉེ་བ་དང་། ལྷོ་ཕྱོགས་འཇང་གི་ས་ཡུལ་དང་ཉེ་བ། ནུབ་ཕྱོགས་འགའ་དག་(མགར་ཐར)གསེར་གཞུང་ཚུད་ཆད། བྱང་ཕྱོགས་ཧོར་ཡུལ་དང་ཉེ་བའི་ཐམས་ཅད་མངའ་འོག་ཏུ་འདུས་ཡོད་པར་གསུངས་གནང་བས།⑾གཡུང་དྲུང་སྤུན་བཞིས་དབང་དུ་སྡུག་བའི་རྒྱལ་རོང་གི་ས་ཁོངས་རྒྱ་ཆེ་ཞིང་། སྲས་བཞིའི་རྒྱལ་ས་ཡང་ཡབ་ཆེན་ལྷ་སྲས་གཡུང་དྲུང་སྐུ་ཉིད་ཀྱི་བཀའ་བཞིན་གནང་བར་ལྟར། ཀུན་སློང་ཙས་ཆུ་ཆེན་རབ་བརྟན་ཡུལ་དུ་བཞུགས་ནས་རབ་བརྟན་རྒྱལ་པོའི་གདུང་རྒྱུད་སྤེལ་བ་དང་། ཁྲོ་ཙའང་ཁྲོ་བོ་སྐྱབས་ཀྱིས་ཁྲོ་ཆེན་ཡུལ་གྱི་རྒྱལ་ས་བཟུང་ནས་ཁྲོ་སྐྱབས་ཀྱི་རྒྱལ་རབས་སྤེལ་བ་དང་། དབང་ཙས་རོང་མོ་ཆུ་སྨད་ཡུལ་གྱི་རྗེ་བོ་མཛད་པ་དང་། དགེ་ཤས་ཙས་དགེ་ཤེས་ཁོག་ཏུ་བསྟན་དང་འགྲོ་དོན་མཛད་པར་མངོན་ནོ།།

མངའ་རིས་སྐོར་བྲོ།
          གསུམ་པ། ཞང་ཞུང་གི་ཤོན་རྩེད་སྐོར།
          དེ་ཡང་ཞང་ཞུང་གི་ཤོན་ནམ་ཤོན་རྩེད་ཅེས་པར་ཞང་ཞུང་ནས་བྱུང་བའི་གཏན་ཚིགས་གང་ཡོད་ཅེ་ན། ཤོན་རྩེད་ཀྱི་སྐོར་ལ་ཡིག་ཐོག་ཏུ་འཁོད་པ་སྔ་ཤོས་ནི། སྟོན་པ་གཤེན་རབ་ཀྱི་མཛད་མདོ་རྒྱས་འབྲིང་རྣམས་ཡིན་ཞིང་། ལུང་དེ་དག་ཏུ་ཞང་ཞུང་མང་ཚོགས་ཀྱིས་སྟོན་པ་གཤེན་རབ་མི་བོ་ཡུལ་ཚོ་གཅིག་ནས་གཅིག་ཏུ་བསུ་སྐྱེལ་ཞུ་བའི་སྐབས་སུ་ཤོན་རྩེད་འཁྲབ་པར་བསྟན་པ་ནི། 《མདོ་དྲི་མེད་གཟི་བརྗིད》ལས། རོལ་མོ་སྣ་ཚོགས་པར་བསྒྱུར་ཏེ། དར་ཕྱར་རོ།། དུང་འབུད་དོ།། རྔ་རྡུང་ངོ་།། གཤང་བཀྲོལ་ལོ།། གླིང་བུ་འབུད་དོ།། པི་ཝང་བཀྲོལ་ལོ།། ཅིང་ཆེན་སྒྲོག་གོ། ཅང་ཆེན་བརྡུང་ངོ་།། ཅག་པར་བརྡབས་སོ།། གོང་བསྒྱུར་རོ།། སྒོང་སྤོར་རོ།། སྒོང་རྩེའོ།། ཤོན་འཁྲབ་བོ།། གར་བྱེད་དོ།། བྲོ་རྡུང་ངོ་།། གླུ་དབྱངས་ལེན་ནོ།།⒀ཞེས་གསུངས་པས། ཤོན་འཁྲབ་པའི་ལུགས་སྲོལ་ཏེ་དུས་དེ་ག་ནས་ཡུལ་དེ་དག་ཏུ་དར་ཁྱབ་ཧ་ཅང་ཆེ་བར་མ་ཟད། གླུ་གར་བྲོ་གསུམ་དང་རོལ་ཆས་རིགས་སྣ་ཤ་མི་ཤ་ཚ་འདུག་པའང་མི་ཀུན་གྱི་ཐུགས་སུ་ངེས་ཤིང་།  གཞན་ཡང་《བཀའ་ཐང་སྡེ་ལྔ།》ལས། མཛེས་པའི་ཁྱེའུས་ལག་ན་རྔ་མ་ཐོགས།། གར་སྟབས་བྲོ་བརྡུང་ཤོན་རྩེད་བྱེད་པ་དང་།། རྒྱལ་པོའི་སྐྱོ་སངས་འབག་དང་སེང་གེ་དང་།། སྔགས་བོན་རྔ་ཐོགས་འཆམས་པོ་བྱེད་པ་དང་།། རྒྱལ་པོ་མཉེས་པ་བཙུན་མོ་མཛེས་མ་ཀུན།། རྒྱལ་པོའི་སྤྱན་སྔར་སྤྲིན་ལྟར་གཏིབས་ནས་བཞུགས།། བུ་མོ་མཛེས་མས་གཡུང་དྲུང་ཤོན་གྲ་བཅས།། གསུང་སྙན་ཟོར་ཁུགས་འཐེན་ཅིང་རྐང་བྲོ་བརྡུང་། ⒁ཞེས་གསུངས་པས། ཞང་ཞུང་ཤོན་རྩེད་ཅེས་བྱ་བ་དེ་ནི་ཡ་ཐོག་སྟོན་པ་གཤེན་རབ་མི་བོ་ཆེ་སྐུ་བཞུགས་པའི་དུས་ནས་ཞང་ཞུང་ཡུལ་ན་འཁྲབ་པའི་སྲོལ་མཆིས་པར་མ་ཟད། ཤོན་རྩེད་སྐབས་ཤོན་དཔོན་གྱི་ལག་ན་རྔ་མ་ཐོགས་པ་དང་། སྔགས་བོན་གྱིས་རྔ་བརྡུངས་ནས་འཆམས་པ་དང་། ཤོན་གྱི་མིང་ལ་གཡུང་དྲུང་ཤོན་ཞེས་པ་དང་། ཤོན་དེ་ནི་རྒྱལ་པོའི་སྤྱན་སྔར་དུ་བསྡུས་ནས་རྩེད་དགོས་པ་བཅས་ཞང་ཞུང་ཤོན་རྩེད་དེ་དམིགས་བསལ་ཡིན་སྟབས་ཀྱིས་ཁྱད་དུ་དམིགས་ནས་ལེགས་པར་མཚམས་སྦྱོར་བྱས་ཡོད་པའང་མངོན་ནོ།།
          དེ་ཡང་གཡུང་དྲུང་ཤོན་ཞེས་པ་དེ་སྟོད་ཕྱོགས་མངའ་རིས་ས་ཆའི་བོད་མི་དག་གིས་ཤོན་ཞེས་ཟེར་ཞིང་། ཤོན་དེ་རྩེད་པ་ལ་ཤོན་རྩེད་ཅེས་བཤད། ཡ་ཐོག་གནའ་བོའི་ཞང་ཞུང་རྒྱལ་རབས་ནས་བཟུང་སྟེ་མཐོ་སྒང་གི་མི་རིགས་རྣམས་ཀྱིས་གནས་དུས་ཀྱི་སྟོད་མོ་དང་། མཛད་སྒོ་རོལ་བའི་སྐབས་སུ་རྩེད་པའི་བྲོ་གར་ཞིག་ཡིན། དེ་ཡང་ལོ་རྒྱུས་སུ་ཤོན་རྩེད་མཁན་དག་གི་ཆ་ལུགས་སྟེ་ཤིན་ཏུ་མཐོང་ཆེན་བྱེད་དགོས་པར་སྣང་སྟེ། དཔེར་ན། ཤོན་འཁྲབ་པའི་བུད་མེད་རྣམས་ཀྱིས་ལུས་ལ་གོས་ཆེན་གྱི་ཕྱུ་བ་གྱོན་དགོས་པ་དང་། ལག་ལ་ཀོལ་གྲོང་སྟེ་དྲིལ་ར་ཐོགས་དགོས་པ། མགོ་རྒྱན་ལ་ཞུ་སླས་ཞེས་གཡུ་དང་གསེར་སོགས་ཀྱིས་བརྒྱན་པ། སྐེ་ལ་བྱུ་རུ་དང་། མུ་ཏིག  གསེར་སོགས་ཀྱི་ཕྲ་རྒྱན་ཅན་དང་། ལུས་ལ་ཁྲབ་མང་བ་བརྒྱན་ཏེ། དེ་དག་མེད་ན་ཤོན་གྱི་གར་རྩེན་ནང་ཞུགས་མི་ཆོག་པའི་ཁྲིམས་སྲོལ་ཞིག་ཡོད་ཅེས་མཁས་པ་དག་གིས་བཤད། ཤོན་གྱི་འཁྲབ་སྟངས་ནི་སྐྱེས་པ་བྲོ་དཔོན་ནམ་ཤོན་དཔོན་གྱིས་ལག་གཡས་པར་གཡག་གམ་འབྲོང་གི་རྔ་མ་དཀར་པོའི་དངུལ་གྱི་ཡུ་བ་ཅན་ཞིག་བསྣམས་ཏེ། ལག་གཡོན་པས་རང་གི་རྗེས་སུ་ཡོད་པའི་བྲོ་རོགས་ཀྱི་ལག་སྦྲེལ་ཞིང་། དེ་བྱིངས་ཀྱིས་གྲལ་བསྟར་བསྒྲིགས་པའི་སྐྱེས་ཕོ་མོ་ཀུན་ཀྱང་ལག་གཡས་གཡོན་གཉིས་བྲོ་རོགས་ཕན་ཚུན་བར་གཡུང་དྲུང་ལག་སྦྲེལ་དུ་བསྟུན་ནས་ཁ་ནས་དབྱངས་དང་། རྐང་པས་འགྲོས་ཀྱིས་གཡས་སྐོར་དུ་མཉམ་པར་འཇོག་པའི་སྟངས་བྱས་ནས་འཁྲབ་རྩེད་བྱེད་པའི་ཞབས་བྲོ་ཞིག་ཡིན་ནོ།།

མངའ་རིས་སྐོར་བྲོ།
          བཞི་བ། རྒྱལ་རོང་གི་དར་གར་ཤོ་ནེའི་སྐོར།
          དེ་ཡང་ཤར་རྒྱལ་མོ་ཚ་བ་རོང་གི་བོད་མི་དག་གིས་གཡུང་དྲུང་ཤོན་ལ་དར་གར་ཅེས་སྨྲས་ཤིང་། ཤོན་རྩེད་ཅེས་པ་ལ་དར་གར་ཤོ་ནེ་འཁྲབ་ཅེས་སྨོས་པ་ཡིན། དང་ཐོག་བྲོ་དཔོན་ནམ་ཤོན་དཔོན་རྣམས་ཀྱི་ལག་ཏུ་གཡག་རྔ་དཀར་པོ་ཞིག་འཛིན་ནས་འཁྲབ་པར་ཡོད་སྐད།  དེང་སང་བཅོས་ཏེ་ལག་ཏུ་ཁ་བཏགས་དཀར་པོའམ་ཡང་ན་དྲིལ་རའི་ཕྲེང་བརྒྱུད་གཅིག་ཐོགས་ནས་འཆམས་པ་ཞིག་སྟེ།  དེ་ཡང་རྒྱལ་རོང་གི་དར་གར་ཤོ་ནེ་འཁྲབ་སྐབས་ངེས་པར་དུ་ཕོ་མོ་རིགས་མང་པོའི་སྐོར་གྱིས་ཆས་ལུགས་སྔར་ལུགས་ཀྱི་གྱོན་ཆས་ཀྱིས་སྤྲས་དགོས་ཏེ། སྐྱེས་པ་རྣམས་ཀྱི་མགོ་ལ་སྟག་ཞུ་དང་གཟིག་ཞུ། ཝྭ་ཞུ་སོགས་མནབས། ངག་དང་ལག་སྟབས་སོགས་སྒེག་ཉམས་ཅན་སྔར་སྲོལ་མ་ཉམས་པར་སྟོན། བུད་མེད་རྣམས་ཀྱི་ལུས་ལ་ཟླ་གམ་མམ་འཇོལ་བེར་གོན། མགོ་རྒྱན་ལ་གཡུ་དང་གསེར་སོགས་ཀྱིས་བརྒྱན། སྐེ་ལ་བྱུ་རུ་དང་མུ་ཏིག་སོགས་ཐོགས། དབྱངས་ཀྱི་ལྡིར་སྒྲ་དང་རྔ་གཤང་རོལ་མོས་སྒྲ་བསྒྲགས་པ་དང་བཅས་གྲལ་བསྟར་བསྒྲིགས་ནས་དལ་མོ་དལ་བུ་ངང་ནས་བགྲོད་པ་དང་བསྟུན་ནས་འཁྲབ་རྩེད་བྱེད་པའི་ཞབས་བྲོ་ཞིག་ཡིན། རྒྱལ་རོང་མང་ཚོགས་ཀྱིས་བཤད་སྲོལ་ལྟར་ན། རྒྱལ་རོང་གི་དར་གར་ཤོ་ནེ་འཁྲབ་པའི་ལུགས་སྲོལ་དེ་ནི་ཆེས་སྔ་དུས་ནས་རྒྱལ་རོང་ཡུལ་དུ་གདའ་སྟེ་དར་ཁྱབ་ཤིན་ཏུ་ཆེ་བར་མ་ཟད། དར་གར་ཤོ་ནེ་འཁྲབ་པའི་ཆ་ལུགས་ཀྱི་མཚོན་དོན་ནི་བྱ་རྒྱལ་ཁྱུང་ཆེན་ཡིན་པར་བཞེད་ལ།  དེའི་རྒྱུ་མཚན་གྱིས་ཤར་རྒྱལ་མོ་ཚ་བ་རོང་གི་མི་རྣམས་ཀྱིས་དར་གར་ཤོ་ནེ་འཁྲབ་སྐབས་ངེས་པར་དུ་ལུས་ལ་གྱོན་ཆས་ཀླུབ་སྟངས་ཀྱང་གནའ་སྲོལ་བཞིན་དུ་ཤིན་ཏུ་དོ་སྣང་བྱེད་ཀྱིན་ཡོད།  ལུང་པ་ག་གེ་མོའི་མི་རྣམས་ཀྱིས་དར་གར་ཤོ་ནེ་འཁྲབ་སྐབས། དབུའི་ཆས་སུ་དབུ་སྐྲ་རྩེ་རྒྱལ་དང་། དར་ཀྱི་འགྱིང་ཐོད་སྟག་ཞུ་གཟིག་ཞུ་ཝྭ་ཞུ་སོགས་མནབས་ཏེ། ལུས་ཆས་སུ་དར་དཀར་གྱི་འཇོལ་བེར་དང་། སྟག་གཟིག་གཅན་སྤྱང་ཡང་ན་ར་ལུག་སོགས་ཀྱི་ཐུལ་བ་གོན་ནས་འཁྲབ་དགོས་པར་ཡིན། དེ་ཡང་ལུས་ལ་ཟླ་གམ་མམ་འཇོལ་བེར་གྱོན་པས་ཁྱུང་གི་གཤོག་པར་མཚོན་པ་དང་། དབུ་ལ་སྟག་ཞུ་དང་ཝྭ་ཞུ་སོགས་མནབས་པས་ཁྱུང་གི་མགོ་བོར་མཚོན་པར་ཡིན་ཞེས་ཀུན་གྱིས་བཤད། ཁོ་བོས་བལྟས་ན་དེ་ལྟར་ཡིན་ཤས་ཆེ་སྙམ།  རྒྱལ་རོང་མི་རྣམས་ཀྱི་བཤད་སྲོལ་ལྟར་ན། ཁྱུང་ནི་ཁོ་ཚོའི་མེས་པོར་འདོད་པར་མ་ཟད། ཁོ་ཚོ་ནི་ཁྱུང་གི་རྗེས་རབས་ཡིན་པར་ཁས་ལེན་བཞིན་ཡོད། ཤར་རྒྱལ་མོ་ཚ་བ་རོང་གི་མཁར་རྫོང་གི་ངོས་སུ་མདོག་དཀར་པོའི་ཚོན་རྩི་གསོལ་བ་དང་། མཁའ་རྫོང་གི་ཡང་རྩེའི་ཟུར་གཉིས་ལ་རྡོ་དཀར་པོས་བརྩིགས་ཤིང་རྩིག་སྟངས་ཀྱང་མཁར་ཟུར་གྱི་རྩེ་མོ་རྭ་ལྟར་རྣོ་ཞིང་ཅུང་ཙམ་ནང་དུ་གུག་པའི་ཚུལ་དུ་སྣང་བ་སྟེ་བྱ་རྒྱལ་ཁྱུང་གི་རྭ་ཅོ་མཚོན་པ་དང་། མཁར་ཟུར་གཉིས་ཀྱི་དཀྱིལ་དུ་ལ་བཙས་སམ་རྡོ་དཀར་གསུམ་སྤུངས་པས་བྱ་རྒྱལ་ཁྱུང་གི་གཙུག་གི་ནོར་བུར་མཚོན་པར་ཡིན་ཞེས་བཤད། གཏམ་རྒྱུད་ལས། ཁྱུང་ཞེས་པ་དེ་དཔའ་རྩལ་ལ་མཚོན་པའི་སྲོག་ཆགས་ཤིག་ཡིན་པར་མ་ཟད། དེའང་དབྲ་རུས་ཀྱི་དགྲ་ལྷ་ཡང་བརྩིས་ཤིང་། ལོ་རྒྱུས་སུ་རྒྱལ་རོང་འགག་དོག་མོ་གསུམ་པོ་སྦྲ་ཡིས་ཐོབ། སྦྲ་དཔལ་རྩལ་ཆེ་བ་དེའི་དོན་ཡིན་ཞེས་སྙན་པ་བཅས་སོ།།
          དེ་ཡང་ཞང་ཞུང་ཤེས་རིག་ནང་གི་ཁྱུང་ནི་ཡ་ཐོག་སྲིད་པའི་ལྷ་རབས་ཀྱི་མཆེད་ཁུངས་ལ་ངོས་འཛིན་བྱེད་བཞིན་ཡོད་ལ། ཁྱུང་གི་གཟུགས་རིས་ནི་ཡ་ཐོག་ཞང་ཞུང་རྒྱལ་རབས་སྐབས་སུ་བོན་གྱི་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་སྟེ། ཞང་ཞུང་སྲིད་པའི་རྒྱལ་པོ་ཁྲི་ཝེར་ལ་རྗེ་གསེར་གྱི་བྱ་རུ་ཅན་ཞེས་གྲགས་པའི་བྱ་རུ་ཅན་བཅོ་བརྒྱད་ཀྱི་དབུ་ལ་བྱ་ཁྱུང་གི་གཟུགས་རིས་ཀྱི་རྒྱན་ཆས་སྤྲས་ཡོད་པར་སྣང་བས། ཁྱུང་གི་གཟུགས་རིས་ཀྱང་མིའི་བསོད་ནམས་དང་དབང་ཐང་གི་མཚོན་བྱེད་དུ་བརྩི་བའི་དོན་ལས་སོ།། དེ་ཡང་བྱ་རུ་ཐོབ་པའི་རྒྱལ་པོ་ཕལ་མོ་ཆེར་བྱ་རུའི་གཟུགས་དབྱིབས་སྣ་ཚོ་ཅན་གྱིས་བརྒྱན་པར་ཡོད་དེ། ནམ་མཁའི་བ་དན་ཅན། ཁྱུང་གི་རུ་མཚོན་ཅན། རྨ་བྱའི་ལྡེམ་རྒྱང་ཅན། རྒོད་ཀྱི་འཕར་འདབ་ཅན་སོགས་མང་པོར་གདའ།《སྲིད་རྒྱུད།》ལས། སྐུ་གཤེན་བོན་པོ་ལ། གཡུ་ཡི་བྱ་རུ་བཙུགས་པ་གནང་།⒂ཞེས་དང༌།《དར་རྒྱས་གསལ་སྒྲོན།》ལས། རྒྱལ་གྱི་གོང་ན་གཤེན་བཙུན་པའི་གཙིགས་བྱིན་པ་ནི། དབུ་སྐྲ་ལ་སིལ་མ་རྩེ་རྒྱལ་ལ་བཅད་ཅིང་གཏུབ་ཏུ་མེད་པ་དང༌། དར་ལ་སེང་དཀར་པོའི་འགྱིང་ཐོད་ལ། བྱ་རྒྱལ་རྒོད་ཀྱི་ལྡེམ་ཕོད་བཙུགས་པ་དང༌། ⒃ཞེས་རྒྱལ་པོ་གོང་མའང་སྐུ་གཤེན་དཔོན་གསས་རྣམས་ཀྱི་ཆེ་རྟགས་སུ་བྱ་ཁྱུང་གཙུག་གི་ནོར་བུ་ལྟར་ཁྱུང་རྭའི་རྩེ་ལ་བྱ་གྲིས་བརྒྱན་པ་སོགས་ལུགས་སྲོལ་འདུག ལུགས་སྲོལ་འདིའང་དུས་ཀྱི་དབང་གིས་བསྐལ་དོན་དུ་ཡལ་མེད་ལ། སློབ་དཔོན་པདྨའི་དབུ་ཞྭ་བྱ་སྒྲོ་ཅན་གྱོན་པའི་སྐུ་འབྲི་བ་དང༌། གླིང་སེང་ཆེན་གྱི་སྐུ་འབྲི་ཚེ་བྱ་སྒྲོ་ཅན་གྱི་ཞྭ་གྱོན་པ་འབྲི་བ་སོགས་ཚང་མ་ཡ་ཐོག་ཞང་ཞུང་རྒྱལ་པོའི་ལུགས་སྲོལ་ལྟར་བྲིས་པ་ཡིན། ད་ལྟའི་གཟི་རྩ་སྡེ་དགུའི་བོད་ཀྱི་རུ་སྡེའི་ཕོ་མོའི་དབུ་ལ་ཕྱིང་ཞྭ་ཟླུམ་པོ་མཐའ་ཤན་ཅན་གྱོན་ནས་ཞྭ་ཐོག་ཏུ་བྱ་སྒྲོ་དཀར་བོ་འཛུགས་པའི་ཆ་ལུགས་འདི་ཡང་ཡ་ཐོག་ཞང་ཞུང་གི་ལུགས་མ་ཉམས་པ་ཡིན་པར་སེམས། ལུགས་སྲོལ་འདིའང་རྒྱལ་གཤེན་ཟུང་སྦྲེལ་གྱི་ཆེ་རྟགས་སམ་དབུ་རྒྱན་ཆེ་ཞྭའི་བཟོ་དབྱིབས་ཙམ་དུ་མ་ཟད། མཆོད་པའི་ཞིང་དང་བཀུར་བའི་གནས་ལའང་བརྒྱན་སྲོལ་ཡོད་དེ། མཆོད་རྟེན་དང་ཁང་བ་སོགས་ཀྱི་རྩེ་ལ་བྱ་རུ་ཁྱུང་རུས་བརྒྱན་པ་དང༌། སྐུ་རྟེན་དང་ལྷ་བའི་རྨོག་ཞྭའི་ཐོག་ཏུ་བྱ་སྒྲོ་མང་པོར་འཛུགས་པ་དང༌། ཡི་དམ་ཁྲོ་བོའི་འཁོར་འགའ་ལ་ཡང་དབུ་ལ་གནམ་ལྕགས་བྱ་རུ་ཁྱུང་རུ་འཁྲུངས་ཞེས་བཤད་སྲོལ་འདུག་པ་སོགས་ཚང་མར་ཞང་ཞུང་ལུགས་སྲོལ་ལྟར་ཆགས་པར་གོར་མ་ཆག གཞན་ཡང་ཞང་ཞུང་ཞེས་པར་ཡང་བྱ་ཁྱུང་དང་འབྲེལ་བ་ཡོད་དེ།《འབེལ་གཏམ་ལུང་གི་སྙིང་པོ།》ལས། བྱ་ཡི་སྤྱི་རྗེ་ཁྱུང་ཡིན་པར་བཤད་ཅིང༌། དེ་ཡི་མགོའི་གཡས་གཡོན་དུ་རྭ་ཡི་རྣམ་པ་ཅན་ཕྲ་སྦོམ་དང་རིང་ཐུང་གི་ཚད་དབྱིབས་སོགས་གསལ་བར་བཤད་པར་དཀའ་ཡང་བློ་ཡིས་རགས་ཙམ་དཔྱད་ཚེ་བྱ་རྒྱལ་ཁྱུང་གི་རུ་ལ་བྱ་རུ་ཞེས་བཤད། དེ་ཡང་བྱ་ཁྱུང་གི་རུ་དབྱིབས་དང་མཚུངས་པས་ཁྱུང་རུ་ཞེས་བརྗོད་པའི་ཕྱིར། ཞང་ཞུང་ཞེས་པའི་མིང་འདི་ཡང་ཞང་ཞུང་གི་སྐད་དུ་ཞང་ཞེས་པ་ལ་བོད་སྐད་དུ་བྱའི་དོན་དང༌། ཞུང་ཞེས་པ་ལ་བོད་སྐད་དུ་ཁྱུང་ཞེས་བརྗོད་པས། དེ་བོད་སྐད་དུ་བསྒྱུར་ན་བྱ་ཁྱུང་ཞེས་འབྱུང་བས། བྱ་ཁྱུང་གི་ལུང་པའམ་ཁྱུང་པོའི་ལུང་པར་བརྗོད་པ་ཡིན་དགོས་སོ།།⒄ཞེས་གསུངས་སོ།།

མངའ་རིས་སྐོར་བྲོ།
          ལྔ་པ། ཞང་ཞུང་ཤོན་དང་རྒྱལ་རོང་དར་གར་གྱི་ཁྱད་ཆོས་སྐོར།
          དེ་ཡང་ཞང་ཞུང་གི་ཤོན་དང་རྒྱལ་རོང་གི་དར་གར་ཤོ་ནེའི་ཐུན་མོང་གི་ཁྱད་ཆོས་ནི། ཕོ་མོ་མང་པོ་མི་གྲངས་ཉི་ཤུ་ནས་བརྒྱ་སྐོར་བར་གང་ཡོད་ལག་བསྣོལ་བསྒྲིལ་མ་ཟླུམ་སྐོར་ཕྱི་ནང་རིམ་པ་མི་མང་ན་གསུམ་དུ་བྱེད། ཤོན་དཔོན་ལག་གཡས་ཀྱིས་གཡག་དཀར་པོའི་རྔ་མ་དངུལ་གྱི་ཡུ་བ་ཅན་ཞིག་འཕྱར་བསྐོར་བྱེད་བཞིན་རྔ་ཆེ་ཆུང་དང་། དུང་། དུང་ཆེན། སུར་སྣ་འཁར་རྔ། སྦུག་ཆོལ་སོགས་ཀྱི་སྒྲ་དང་བཅས། ཁ་ནས་ཞང་བོད་འདྲེས་མའི་སྐད་ཀྱི་དབྱངས་དང་། རྐང་པས་འགྲོས་ཀྱིས་གཡས་སྐོར་དུ་བསྐྱོད་པའི་ལྷ་རྟེན་དང་མཉམ་དུ་བགྲོད་ཅིང་།《འབེལ་གཏམ་ལུང་གི་སྙིང་པོ།》ལས། ཞང་ཞུང་བས་ངག་གི་གླུ་དབྱངས་ནི། དཔེར་ན།  བྷི་ལི་བྷེ་ཧོ་ན།  ༼   ལག་པ་འཐུད་ནས་འགྲོ།   ༽  གྷོ་ལི་གྷོ་ཧོ་ན།  ༼  ཤོན་རྩེད་རོལ་ལ་ཕེབས།  ༽  ཧ་ཡ་བྷེ་ཧོ་ན།  ༼  སྔོན་དུ་མགྱོགས་པར་སྐྱོད་ལ་ཕྱིར་གཤེགས།   ༽  ཁ་གྷོ་གྷོ་རིང་འུང་དྷེན།  ༼  ལྷ་འཇམ་མི་ཚོ།   ༽   ཁ་གྷོ་གྷོ་ཙུ་ལིད་པ་ལིད།  ༼   ལྷ་ཁང་ལིད་པ་འདིར་འཛོམས།   ༽  ཟླུམ་པོ་གྷོ་རི་དུའི་ངྷེན།  ༼   ལྷ་ཡི་དབུ་ཟླུམ་པོ་ཀླུབ།   ༽  ⒅ཅེས་ཞང་སྐད་འདྲེས་པའི་སྔར་གྱི་ཡུལ་སྐད་རྙིང་པ་ལས་དབྱངས་དང་བཅས་ཏེ་འཁྲབ་པ་དང་། ཤར་རྒྱལ་མོ་ཚ་བ་རོང་བས་དར་གར་ཤོ་ནེ་འཁྲབ་སྐབས་ཀྱི་ངག་གི་གླུ་དབྱངས་ནི། དཔེན་ན། རྒྱལ་རོང་བཙན་ལྷའི་ཡུལ་ཕྱོགས་ལ་ཤིན་ཏུ་དར་ཁྱབ་ཆེ་བའི་《ཤོན་མོ་ཆེ་ཁྱུང་།》ཞེས་བྱ་བའི་ངག་གི་གླུ་ཚིག་ནི་འདི་ལྟར།  ཡ་ཤོན་ཡེ་མོ་གྷོ་གྷོ། ཡ་ཧ་ཧེ་ཧོ་ཧའི་ཆེ་ཡེ། ཁྱུང་ནི་ལ་ཧ་ཧ་ཡ། ཆེ་ཡེ་ཁྱུང་། ཡ་ཧ་ཧ་ཧ་ཧ་ཝ་ཧའི་རང་ཡོ་སེམས། མི་ལ་ལ་ཧ་ཧ་ཧའི།⒆ཞེས་དེང་སང་སྐད་བརྡ་དང་མི་འཕྲོག་པ་གཞན་ནའང་མེད་པ་ལྟར་བཞུགས་པའི་ཞང་སྐད་འདྲེས་མ་མཐའ་དག་སྣང་།  འདིའི་སྐོར་ལ་མཁས་པའི་དབང་པོ་མཁྱེན་རབས་འོད་གསལ་གྱིས། རྒྱལ་རོང་ས་ཁུལ་ན་གནའ་རབས་བོད་ཀྱི་སྐོར་བྲོ་ཞེས་པའི་ཕོ་མོ་མང་པོ་ལག་སྦྲེལ་གྱིས་སྐོར་བྲོ་འཁྲབ་པའི་ལུགས་སྲོལ་ཞིག་ཡོད་⒇ཅེས་དང་། རྒན་རིན་པོ་ཆེ་བཙན་ལྷ་ངག་དབང་ཚང་གིས་རྒྱལ་རོང་དར་གར་ནང་དུ་ཤོན་བྲོའི་རིགས་ཡོད་ལ། ལ་ལ་ནི་ཞང་སྐད་འདྲེས་པ་ཡིན་པར་ཤེས་ཐུབ་(21)ཅེས་གསུངས་པར་གནང་བས་ཤེས་པར་བྱའོ།།

རྒྱལ་རོང་སྐོར་བྲོ།
          དྲུག་པ། ཤོན་དང་དར་གར་ཤོ་ནེའི་ཐ་སྙད་བྱུང་ཚུལ་སྐོར།
          དེའང་ཁ་སྐད་དུ་ཤོན་ཟེར་བ་ནི་གཡུང་དྲུང་ཤོན་རྩེད་ཀྱི་བསྡུས་མིང་ཡིན་ཞིང་། དེ་ནི་ཞང་ཞུང་གི་སྐད་དེ། དོན་དུ་གར་རྩེད་ལ་འཇུག་པ་དང་། ཤོན་འདི་ལ་གཡུང་དྲུང་ཤོན་ཞེས་སྦྱོར་དོན་ནི། གནའ་བོའི་ཞང་ཞུང་གི་ཤོན་རྩེད་དག་གི་རྐང་པའི་འདེགས་འཇོག་གཡུང་དྲུང་བོན་སྐོར་དུ་བསྐྱོད་པ་དང་། སྒོས་སུ་ཤོན་རྩེད་མཁན་རྣམས་ཀྱི་ལག་པ་བྲོ་རོགས་ཕན་ཚུན་བར་གཡུང་དྲུང་ལག་སྦྲེལ་གྱི་ཚུལ་དུ་བྱེད་པ་སོགས་ཀྱིས་ཐོགས་པར་སྙམ། ཞེས་སྨན་རིའི་དགེ་བཤེས་ཆོས་འཁོར་ཚང་ཉི་མ་འོད་ཟེར་ཀྱིས་གསུངས།(22)གཞན་ཡང་ཤོན་ལ་ཤོན་རྩེད་ཅེས་འབོད་དོན་ནི། མདོ་ལས། ལ་ལས་ནི་གར་བྱེད་དོ།། ལ་ལས་ནི་བྲོ་བརྡུང་ངོ་།། ལ་ལས་ནི་ཤོན་འཁྲབ་བོ།། ཞེས་གསུངས་པ་ལྟར།བཀའ་ཐང་སྡེ་ལྔ་ལས། གར་སྟབས། བྲོ་བརྡུང་། ཤོན་རྩེད། ཅེས་ཀྱང་གསུངས་པས། གར་ནི་ལག་པས་བསྒྱུར་ཞིང་། བྲོ་ནི་རྐང་པས་བརྡུང་ལ། རྐང་ལག་གཉིས་ཀ་མཉམ་དུ་མཐུན་ཞིང་འཆམ་པོར་སྟབས་པའི་རིགས་ལ་འཆམ་དང་། འཁྲབ། རྩེད་སོགས་སོ་སོར་འཇུག་པས། ཤོན་ནི་འཁྲབ་རྩེད་བྱ་རྒྱུ་ཞིག་ཡིན་པར་ཡིག་རྙིང་རྣམས་སུ་གསལ་བས་མིང་ལའང་ཤོན་རྩེད་ཅེས་ཐོགས་པར་སྙམ།
          དེ་ཡང་གཡུང་དྲུང་ཤོན་དེར་རྒྱལ་རོང་ཕྱོགས་སུ“དར་གར”ཟེར་དོན་གང་ཡིན་ཟེར་ན། ཁོ་བོས་ཐོག་མར་དར་གར་ཟེར་བ་དེ་རྒྱལ་རོང་སྐད་ཤིག་སྟེ། དོན་ནི་སྐོར་བྲོ་ཟེར་བ་དང་། དར་གར་ཤོ་ནེ་འཁྲབ་ཅེས་པ་དེའང་སྐོར་བྲོ་བརྡུངས་ཞེས་པའི་དོན་དང་མཚུངས་པར་སེམས་མོད། འོན་ཀྱང་ཅུང་གཞུག་གི་དུས་སྐབས་ཤིག་ན་ཁོ་བོས་དར་གར་ཟེར་བའི་མིང་སྟེ་རྒྱལ་རོང་ཡུལ་ཏུ་འདུག་པར་མ་ཟད། ས་ཆ་གཞན་དུའང་དེ་ལྟར་བཞེད་རྒྱུ་ཡོད་པར་ཤེས་ཏེ། ཨ་མདོའི་ཤར་མཐའི་མཛོད་དགེ་དང་ཤར་ཁོག་ཟུང་ཆུའི་ཕྱོགས་ཀྱི་བོད་སྡེ་ཁག་ཏུ་དར་གར་ཅེས་བྱ་བའི་མིང་དེ་སྔོན་ནས་ད་ལྟའི་བར་དུ་ཡུལ་དེ་གར་རང་ཆགས་ཤིང་། དཔེར་ན། “དར་གར་དར་ལུང་།”ཞེས་པའི་སྒྲ་ཞིག་ཐོས་པ་ན་དེ་ནི་ཞབས་བྲོ་འཁྲབ་པའི་ཐ་སྙད་ཤིག་ཡིན་པ་ནི་ས་དེ་གའི་བོད་མི་སུ་དང་སུ་ཡིན་རུང་ཤེས་ངེས་ཡིན་ལགས། ཡུལ་དེ་དག་གི་བོད་མི་མཐའ་དག་གིས་རྒྱུན་དུ“དར་གར་དར་ལུང་རྒྱག”ཅེས་པ་དེའང་དགའ་སྟོན་གྱི་རྟེན་འབྲེལ་མཚོན་པའི་སྐོར་བྲོ་རྡུང་བཞིན་ཡོད་པའི་ཚུལ་ཞིག་ཡིན་པར་བློ་ལ་རབ་ཏུ་གནས་པས། དར་གར་ཞེས་བྱ་བ་དེའང་ཤར་རྒྱལ་མོ་ཚ་བ་རོང་གི་སྐད་ཁོ་ན་མ་ཡིན་པར་སྙམ།  དེས་ན་དར་གར་ཞེས་པའི་ཐ་སྙད་དེ་དོན་གང་རེད་ཅེ་ན། ཐོག་མར་ང་ཚོས་གནའ་བོའི་ཞང་ཞུང་གི་གཡུང་དྲུང་ཤོན་གྱི་ལོ་རྒྱུས་ཅུང་སྨྲ་དགོས་ཏེ། ཞང་ཞུང་གཡུང་དྲུང་ཤོན་རྩེད་ལ་ཡིག་རྙིང་རྣམས་སུ་འཁོད་པ་ལྟར་ན་ཤོན་སྣ་འགའ་ཤས་སྣང་སྟེ། 《མདོ་དྲི་མེད་གཟི་བརྗིད》་ལས། ལ་ལས་ནི་ལྷ་ཡི་གར་བྱེད་དོ། ལ་ལས་ནི་ལྷ་ཡི་བྲོ་བརྡུང་ངོ་།ལ་ལས་ནི་ལྷ་ཡི་ཤོན་འཁྲབས་སོ། ལ་ལས་ནི་ལྷ་ཡི་ནེན་ཤོན་འཁྲབས་སོ། ལ་ལས་ནི་ལྷ་ཡི་གར་མ་ཤོན་འཁྲབས་སོ། (23)ཞེས་ཞང་ཞུང་གཡུང་དྲུང་ཤོན་ལ། ཤོན་དང་། ནེན་ཤོན་དང་། གར་མ་ཤོན་ཞེས་ཤོན་སྣ་འགའ་ཤས་བཀོད་ཡོད་པར་མངོན། དེ་ལས་མཁས་པ་ལ་ལས་ཀྱི་བཤད་སྲོལ་ལྟར་ན། གནའ་བོའི་ཞང་ཞུང་གི་སྐབས་སུ་“གཡུང་དྲུང་ཤོན་རྩེད”ལ་ཡིག་རྙིང་རྣམས་སུ་འཁོད་པའི“ནེན་ཤོན”སོགས་ཀྱིས་གཙོས་པའི་ཤོན་སྣ་ཉི་ཤུ་རྩ་ལྔ་དང་། དར་ཤོན་བཅུ་གསུམ། ཤོན་སྣ་བཅོ་བརྒྱད་སོགས་འཁྲབ་སྲོལ་སྣ་ཁ་མི་འདྲ་བ་ཕུན་སུམ་ཚོགས་པ་བྱུང་བ་འདུག་ཀྱང་ད་ལྟའི་དམངས་ཁྲོད་དུ་གུ་གེ་དང་། སྤུ་རྭང་། མཐོ་ལྡིང་བཅས་སུ་སྔར་དར་མྱོང་བའི་དར་ཤོན་བཅུ་གསུམ་ལས་དངོས་སུ་བཞི་ཙམ་མ་གཏོགས་འཁྲབ་ཤེས་མཁན་དཀོན།(24)ཞེས་གསུངས་པར་བརྟག་ན། ལོ་རྒྱུས་སུ་གཡུང་དྲུང་ཤོན་རྕེད་ལ་ཡུལ་དེ་དག་ཏུ་ཤིན་ཏུ་དར་ཞིང་རྒྱས་པ་ཡོད་པར་མཐོང་ནའང་རིམ་གྱིས་དུས་དབང་གིས་འགྲིབ་པ་ཡིན་ནམ་ཡང་ན་མི་ཆེན་བླ་ཆེན་གྱིས་བཙན་བཟོས་པའི་གནོད་འཚེ་ཐེབས་པ་ཡིན་པ་གང་ཡང་ཉམས་པའི་སྣང་ཚུལ་ཞིག་འོང་འདུག་པར་ཤིན་ཏུ་གསལ། སྲིབ་སྐྱིད་ཀརྨ་མཁས་གྲུབ་ཀྱིས་བརྩམས་པའི་མངའ་རིས་རོང་ཆུང་ཁུལ་གྱི་གླུ་གར་ཕྱོགས་བསྒྲིགས་ལས། གཡུང་དྲུང་ཤོན་རྩེད་དེ་ཉིད་གནའ་ནས་ད་བར་བཅོས་བསྒྱུར་ཆེན་པོ་ཐེངས་གསུམ་བྱུང་བ་བཞེད་དེ། དེ་དག་ནི་དུས་རབས་བདུན་པའི་སྐབས་སུ་སྲོང་བཙན་སྒམ་པོའི་སྐབས་དང་། དུས་རབས་དགུ་པའི་མགོར་གུ་གེའི་རྒྱལ་པོ་དག་གི་སྐབས་དང་། དུས་རབས་བཅུ་བདུན་པར་རྒྱལ་དབང་ལྔ་བའི་སྐབས་བཅས་སོ།། ད་ལྟ་མངའ་རིས་ཁུལ་དུ་མཐོང་རྒྱུ་ཡོད་པའི་གཡུང་དྲུང་ཤོན་རྩེད་དེ། རུ་ཐོག་རྫོང་གི་དམངས་ཁྲོད་དུ་དར་བའི་ཡ་པ་ཡ་མའི་ཤོན། སྤུ་རང་རྫོང་དུ་དར་བའི་དར་ཤོན་དང་གར་ཤོན། རྩ་མདའ་རྫོང་དུ་དར་བའི་གར་མ་ཤོན་དེའོ།། (25)ཞེས་གསུངས་པས། ད་ལན་ཤར་རྒྱལ་མོ་ཚ་བ་རོང་ཕྱོགས་སུ་དར་བའི་དར་གར་ཤོ་ནེ་ཞེས་པ་སྟེ། གོང་གི་སྤུ་རང་རྫོང་དུ་དར་བའི་དར་ཤོན་དང་གར་ཤོན་གཉིས་གཅིག་ཏུ་བསྡུས་པས་མིང་ཡིན་པར་ཁོ་བོས་འདོད་དེ། དར་ཤོན་དང་གར་ཤོན་གཉིས་ལ་རྒྱལ་རོང་ཕྱོགས་སུ་དར་གར་ཤོ་ནེ་ཞེས་འབོད་པ་དང་། དར་ཤོན་རྩེད་པ་དང་གར་ཤོན་རྩེད་པ་ལ་རྒྱལ་རོང་ཕྱོགས་སུ་དར་གར་ཤོ་ནེ་འཁྲབ་ཅེས་བརྗོད་པར་ཡིན་སྙམ། དེ་ལྟར་མིང་གཉིས་ཚིག་གཅིག་ཏུ་བསྡུས་པའི་སྲོལ་བོད་སྐད་ཡིག་ཏུ་ཤིན་ཏུ་མང་སྟེ། དཔེར་ན། བོད་ཀྱི་བརྡ་སྤྲོད་རིག་པ་《སུམ་བཅུ་པ།》དང་《རྟགས་ཀྱི་འཇུག་པ།》་གཉིས་ཚིག་གཅིག་ཏུ་བསྡུས་ན་སུམ་རྟགས་ཞེས་བརྗོད་པ་ལྟ་བུའོ།།
          དེ་ཡང་ཤོན་ལ་ཤོ་ནེ་ཞེས་མཚོན་དགོས་དོན་གང་ཡིན་ཟེན་ན། དེ་ནི་ཤར་རྒྱལ་མོ་ཚ་བ་རོང་དང་སྟོད་མངའ་རིས་བའི་སྐད་ལུགས་ཀྱི་ཁྱད་ཆོས་ཤིག་སྟེ། ཁོ་ཚོས་སྐད་དུ་ཡི་གེ་གཏོར་ནས་བཀླགས་ཉམས་ཀྱི་སྒྲ་ཤུལ་ཤིན་ཏུ་མང་བས་ཡིན་འདུག  དཔེར་ན། མངའ་རིས་བའི་སྐད་དུ་ཨ་ཕྱི་ལ་ཨེ་ཕི་ཡི་ཟེར་བ་དང་། ཕྱེད་ཀ་ལ་ཕེ་ཡེད་ཀ་ཞེས་པ་དང་། རྒྱལ་རོང་བའི་སྐད་དུ་ཤོན་ལ་ཤོ་ནེ་དང་། བྱ་ལ་པེ་ཡ་དང་། སྐྲ་ལ་སི་ཀ་ར།  སྨན་པ་ལ་སི་མན་པ་ཞེས་དེ་དག་གིས་ལོག་རྟོག་སེལ་ཞིང་ཡིད་ཆེས་ཀྱི་ཁུངས་ཚད་ལྡན་གྱི་ཐ་སྙད་ད་དུང་མང་པོར་རྙེད་རྒྱུ་ཡོད་དོ།། འོ་ན་རྒྱལ་རོང་བའི་ནེ་སྒྲ་དང་པེ་སྒྲ་དང་སི་སྒྲ་སོགས་ལ་ཇི་ལྟར་འགྱུར་བ་ཡིན་ཟེར་ན། དེའང་མངའ་རིས་བའི་སྐད་ལུགས་ཁྱད་ཆོས་ཤིག་སྟེ། དཔེར་ན།མངའ་རིས་སྐད་དུ་ཨ་ཅེ་ལ་ཨེ་ཅེ་དང་། ཨ་ཕྱི་ལ་ཨེ་ཕི་ཡི་ཟེར་བ་ལྟ་བུའོ།། དེ་དག་གི་ཚུལ་ལ་དགོངས་དགོས་ན། སི་ཏུ་པན་ཆེན་གྱི་སུམ་རྟགས་འགྲེལ་ཆེན་ལས། ཁམས་ཕྱོགས་ཀྱི་ཨ་མདོ་དང་རྒྱལ་རོང་སོགས་བྱང་ཤར་གྱི་ས་ཆ་རྣམས་སུ་བོད་ཡུལ་དབུས་ན་བྱུང་བའི་ཀློག་ཚུལ་མ་ཉམས་ཏེ། དེ་དག་གི་སྐད་ལ་འཕུལ་རྟེན་སོགས་སྒྲ་དག་པར་འདོན་པ་བྱུང་བ་མངོན་སུམ་གྱིས་གྲུབ་ཅེས་གསུངས་པ་ལས་ཤེས་པར་འཚལ་ལོ།།

རྒྱལ་རོང་སྐོར་བྲོ།
          མཐའ་སྡོམ།
          སྟོད་རྒྱ་གར་གྱི་ས་མཚམས་ན་གནས་པའི་མངའ་རིས་མི་སྡེ་དང་། སྨད་རྒྱ་ནག་གི་ས་མཚམས་ན་སྡོད་པའི་ཤར་རྒྱལ་མོ་ཚ་བ་རོང་གི་མི་སྡེའི་བར་ལོ་ངོ་སྟོང་བཞིའི་ཡས་མས་ན་འབྲེལ་བ་ཡོད་པ་མ་ཟད། དེ་ཚོ་ནི་གངས་ཅན་བོད་ཀྱི་རུས་རྒྱུད་གཙོ་བོ་སྟེ་བསེ་ཁྱུང་དབྲའི་རུས་ཡིན་པར་ཤིན་ཏུ་གསལ། དེ་དག་གི་ཡུལ་དུ་དར་ཁྱབ་ཆེ་བའི་ཤོན་ནམ་དར་གར་ཤོ་ནེ་ཞེས་བྱ་བ་ནི་ཞང་སྐད་ཅིག་སྟེ། དོན་དུ་གར་རྩེད་ལྟ་བུའི་དོན་ལ་འཇུག་པས། ཡ་ཐོག་ཞང་བོད་གནའ་མི་རྣམས་ཀྱིས་རྩེད་པར་དགའ་བའི་ཞབས་བྲོ་ཞིག་ཡིན། རྒྱལ་རོང་གི་དར་གར་ཤོ་ནེ་ནི་ཡ་ཐོག་ཞང་ཞུང་གི་གཡུང་དྲུང་ཤོན་རྩེད་ཀྱི་ཡ་གྱལ་དར་ཤོན་དང་གར་ཤོན་གཉིས་ཀྱི་བསྡུས་མིང་ཞིག་སྟེ། ཤོན་རྩེད་དེ་ཤར་རྒྱལ་མོ་ཚ་བ་རོང་ཕྱོགས་སུ་དར་སྔར་ལ། ད་ལྟ་བའང་མ་ཉམས་ཡུལ་མི་རྣམས་ཀྱིས་རྩེན་ཞིང་རོལ་བར་བྱེད་བཞིན་ཡོད་པས་སྒྱུ་རྩལ་དོན་སྙིང་ཆེན་པོ་དང་ལྡན་སྙམ། དེ་ཡང་ཤོན་གྱི་འཁྲབ་ལུགས་དེ་ནི་བོན་སྐོར་ཁོ་ནའི་བྱེད་ལུགས་ཤིག་སྟེ། ཡིག་རྙིང་བཀའ་ཐང་སྡེ་ལྔ་དང་། དུས་རབས་བརྒྱད་པར་བྲིས་པའི་དཔེ་རིས་རྙིང་པ་ད་ལྟའང་མཇལ་རྒྱུ་ཡོད་པའི་གུ་གེའི་གྱང་རིས་དང་། བསམ་ཡས་ལྷ་ཁང་གི་སྒོ་འགྲམ་གྱི་ལོགས་སུ་བྲིས་པ་དག་ལ་དངོས་སུ་བལྟས་པས་ཀྱང་ཤེས་སོ།།
          མཆན།
①《ཞང་བོད་གནའ་རབས་ཀྱི་ལོ་རྒྱུས་ནོར་བུའི་མེ་ལོང་།》ནམ་མཁའ་ནོར་བུས་བརྩམས། ཤོག་ངོས130་ནང་གསལ།⑥ཤོག་ངོས67ནང་གསལ།   སི་ཁྲིན་མི་རིགས་དཔེ་སྐྲུན་ཁང་།
②《སྲིད་པ་རྒྱུད་པའི་ཁ་བྱང་།》བློ་གྲོས་ཐོགས་མེད་ཀྱིས་བརྩམས། 《ཤར་རྒྱལ་མོ་ཚ་བ་རོང་གི་ལོ་རྒྱུས་རིག་གནས་དཔེ་ཚོགས། 》པོད་དང་པོའི་ཤོག་ངོས་167ལས་གསལ། སི་ཁྲིན་མི་རིགས་དཔེ་སྐྲུན་ཁང་།
③《མདོ་སྨད་ཆོས་འབྱུང་།》དཀོན་མཆོག་བསྟན་པ་རབ་རྒྱས་ཀྱིས་བརྩམས། ཤོག་ངོས།771ལས་གསལ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།
④《ཤར་རྒྱལ་མོ་ཚ་བ་རོང་གི་ལོ་རྒྱུས་རིག་གནས་དཔེ་ཚོགས། 》པོད་བཞི་བའི་ཤོག་ངོས་22ལས་གསལ། སི་ཁྲིན་མི་རིགས་དཔེ་སྐྲུན་ཁང་།
⑤《བོད་རྒྱལ་མོ་རོང་གི་ལོ་རྒྱུས་རབ་གསལ་མེ་ལོང་།》རྒྱལ་རོང་བ་བྲག་བར་དཔལ་ལྡན་གྱིས་བརྩམས། ཤོག་ངོས ་26་ལས་གསལ།
⑦《ཤར་རྒྱལ་མོ་ཚ་བ་རོང་གི་ལོ་རྒྱུས་རིག་གནས་དཔེ་ཚོགས། 》པོད་དང་པོའི་ཤོག་ངོས་71ལས་གསལ། སི་ཁྲིན་མི་རིགས་དཔེ་སྐྲུན་ཁང་།
⑧《ཤར་རྒྱལ་མོ་ཚ་བ་རོང་གི་ལོ་རྒྱུས་རིག་གནས་དཔེ་ཚོགས། 》  པོད་བཅུ་བའི་ཤོག་ངོས་34ལས་གསལ། ⑾ཤོག་ངོས།36ལས་ལས།  སི་ཁྲིན་མི་རིགས་དཔེ་སྐྲུན་ཁང་།
⑨《ལེགས་བཤད་རིན་པོ་ཆེའི་གཏེར་མཛོད།》ཤར་རྫ་བཀྲ་ཤིས་རྒྱལ་མཚན་གྱིས་བརྩམས། ཤོག་ངོས་148ལས་གསལ། ⑩ཤོག་ངོས་196ལས་གསལ།  མི་རིགས་དཔེ་སྐྲུན་ཁང་།
⑿《བོད་རྒྱལ་མོ་རོང་གི་ལོ་རྒྱུས་རབ་གསལ་མེ་ལོང་།》རྒྱལ་རོང་བ་བྲག་བར་དཔལ་ལྡན་གྱིས་བརྩམས། ཤོག་ངོས་29་ལས་གསལ།
⒀《མདོ་དྲི་མེད་གཟི་བརྗིད།》པོད་གཉིས་པའི་ཤོག་ངོས་199ལས་གསལ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་།
(14)(22)(24(25)2005ལོའི《བོན་སྒོ》འདོན་ཐེངས་བཅོ་བརྒྱད་པ། ཆོས་འཁོར་ཚང་ཉི་མ་འོད་ཟེར་ཀྱིས་བརྩམས་པའི་གཡུང་དྲུང་ཤོན་རྩེད་ལས་གསལ།
(15)《སྲིད་པ་རྒྱུད་པའི་ཁ་བྱང་།》བློ་གྲོས་ཐོགས་མེད་ཀྱིས་བརྩམས།《ཤར་རྒྱལ་མོ་ཚ་བ་རོང་གི་ལོ་རྒྱུས་རིག་གནས་དཔེ་ཚོགས།》པོད་དང་པོའི་ཤོག་ངོས་ཤོག་ངོས་184་ལས་གསལ། སི་ཁྲིན་མི་རིགས་དཔེ་སྐྲུན་ཁང་།
(16)《དར་རྒྱས་གསལ་བའི་སྒྲོན་མེ》སྤ་བསྟན་རྒྱལ་བཟང་པོས་བརྩམས། ཤོག་ངོས་142ལས་གསལ། ཀྲུང་གོའི་བོད་རིག་ཀྱི་ཤེས་རིག་དཔེ་སྐྲུན་ཁང་།
(17)《སྨན་རིའི་ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེའི་གསུང་འབུམ།》པོད་གསུམ་པའི་ཤོག་ངོས་26ལས་གསལ། ཁྲི་བརྟན་ནོར་བུ་རྩེའི་དཔེ་མཛོད་ཁང་།
(18)《སྨན་རིའི་ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེའི་གསུང་འབུམ།》པོད་གསུམ་པའི་ཤོག་ངོས་154ལས་གསལ། ཁྲི་བརྟན་ནོར་བུ་རྩེའི་དཔེ་མཛོད་ཁང་།
(19) 《ཤར་རྒྱལ་མོ་ཚ་བ་རོང་གི་ལོ་རྒྱུས་རིག་གནས་དཔེ་ཚོགས།》པོད་དགུ་བའི་ཤོག་ངོས་287་ལས་གསལ། སི་ཁྲིན་མི་རིགས་དཔེ་སྐྲུན་ཁང་།
(20)《ཤར་རྒྱལ་མོ་ཚ་བ་རོང་གི་ལོ་རྒྱུས་རིག་གནས་དཔེ་ཚོགས》པོད་དགུ་བའི་ཤོག་ངོས་7་ལས་གསལ།
(21)《ཤར་རྒྱལ་མོ་ཚ་བ་རོང་གི་ལོ་རྒྱུས་རིག་གནས་དཔེ་ཚོགས》གླེང་གཞིའི་ཤོག་ངོས་8་ལས་གསལ།
(23)《མདོ་དྲི་མེད་གཟི་བརྗིད》པོད་དགུ་བའི་ཤོག་ངོས་71ལས་གསལ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་།
          དཔྱད་གཞིའི་ཡིག་ཆ།  
1 མཁའ་རྨེའུ་བསམ་གཏན་གཏན།《མདའ་དང་འཕང་།》ཀྲུང་གོའི་བོད་རིག་པའི་དཔེ་སྐྲུན་ཁང་།
2 སློབ་དཔོན་བསྟན་འཛིན་རྣམ་དག《འབེལ་གཏམ་ལུང་གི་སྙིང་པོ།》ཁྲི་བརྟན་ནོར་བུ་རྩེའི་དཔེ་མཛོད་ཁང་།
3 སྤ་བསྟན་རྒྱལ་བཟང་པོ།《དར་རྒྱས་གསལ་བའི་སྒྲོན་མེ།》ཀྲུང་གོའི་བོད་རིག་ཀྱི་ཤེས་རིག་དཔེ་སྐྲུན་ཁང་།
4 མཁས་གྲུབ་ལུང་རྟོགས་རྒྱ་མཚོ།《བསྟན་འབྱུང་རིག་པའི་ཤན་འབྱེད་ནོར་བུ་ཀེ་ཏ་ཀའི་དོ་ཤལ།》མི་རིགས་དཔེ་སྐྲུན་ཁང་།
5《སྨན་རིའི་སློབ་དཔོན་ཡང་སྟོན་འཕྲིན་ལས་ཉི་མའི་གསུང་རྩོམ་ཕྱོགས་བསྒྲིགས》རྒྱལ་གཤེན་དཔེ་སྐྲུན་ཁང་།
海南4+1 山东群英会手机版 捕鱼大作战 极品斗地主 捕鱼大作战