山东群英会选号技巧

ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། 山东群英会选号技巧འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

ཝུའུ་དབྱིང་ཅེ་ཆབ་མདོའི་སྨར་ཁམས་དང་། གོ་འཇོ། བྲག་གཡབ་བཅས་སུ་ཕེབས་ནས་དབུལ་སྒྲོལ་འགག་སྒྲོལ་དང་ཐོན་ལས་འཕེལ་རྒྱས་སོགས་ཀྱི་ལས་དོན་ལ་བརྟག་ཞིབ་གནང་བ།

སྤེལ་དུས 2019-07-30 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
               ཟླ་7ཚེས་27ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ལྗོངས་ཏང་ཨུད“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་ཝུའུ་དབྱིང་ཅེས་ཆབ་མདོ་གྲོང་ཁྱེར་སྨར་ཁམས་དང་། གོ་འཇོ། བྲག་གཡབ་བཅས་རྫོང་དུ་ཕེབས་ནས་དབུལ་སྒྲོལ་འགག་སྒྲོལ་དང་ཐོན་ལས་འཕེལ་རྒྱས་སོགས་ཀྱི་ལས་དོན་ལ་ཆེད་དོན་བརྟག་ཞིབ་གནང་བ་མ་ཟད། “ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་སྐོར་ལ་རྒྱ་ཆེའི་གཞི་རིམ་ལས་བྱེད་པ་དང་མང་ཚོགས་ཀྱི་བསམ་འཆར་དང་གྲོས་འགོ་ཡང་གསན་ཞིང་། འདི་ནི་ཝུའུ་དབྱིང་ཅེས་སྨར་ཁམས་རྫོང་འཇང་མི་རིགས་ཤང་འཇང་མི་རིགས་གྲོང་ཚོར་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བརྒྱད་པ་དང་། དགུ་པ། བཅུ་པ་བཅས་ཀྱི་འཐུས་མི་འཇང་མི་རིགས་གྲོང་ཚོའི་ཏང་སྤྱི་ཁྱབ་ཀྲི་པུའུ་ཧྲུའུ་ཅི་དཀོན་མཆོག་བཀྲ་ཤིས་ལ་ཆེད་མངགས་གཟིགས་པར་ཕེབས་པ།
               སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་བྱམས་བརྩེའི་འཚམས་འདྲི་བསྣམས་ནས་ཚེས་27ཉིན་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ལྗོངས་ཏང་ཨུད“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་ཝུའུ་དབྱིང་ཅེས་ཆབ་མདོ་གྲོང་ཁྱེར་སྨར་ཁམས་དང་། གོ་འཇོ། བྲག་གཡབ་བཅས་རྫོང་དུ་ཕེབས་ནས་དབུལ་སྒྲོལ་འགག་སྒྲོལ་དང་ཐོན་ལས་འཕེལ་རྒྱས་སོགས་ཀྱི་ལས་དོན་ལ་ཆེད་དོན་བརྟག་ཞིབ་གནང་བ་མ་ཟད། “ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་སྐོར་ལ་རྒྱ་ཆེའི་གཞི་རིམ་ལས་བྱེད་པ་དང་མང་ཚོགས་ཀྱི་བསམ་འཆར་དང་གྲོས་འགོ་ཡང་གསན་པ་རེད།
               ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དྲུང་ཆེ་ལིའུ་ཅང་ལྷན་དུ་ཕེབས་པ་རེད།
               ཞོགས་པ་ཝུའུ་དབྱིང་ཅེ་དང་བཅས་པ་སྨར་ཁམས་རྫོང་ཆུ་ཚན་ཁ་ཤང་ནས་རླངས་འཁོར་ལ་བཞུགས་ཏེ་ཐོན་པ་དང་། ཝུའུ་དབྱིང་ཅེས་དང་ཐོག་སྨར་ཁམས་རྫོང་འཇང་མི་རིགས་ཤང་འཇང་མི་རིགས་གྲོང་ཚོར་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བརྒྱད་པ་དང་། དགུ་པ། བཅུ་པ་བཅས་ཀྱི་འཐུས་མི་འཇང་མི་རིགས་གྲོང་ཚོའི་ཏང་སྤྱི་ཁྱབ་ཀྲི་པུའུ་ཧྲུའུ་ཅི་དཀོན་མཆོག་བཀྲ་ཤིས་ལ་ཆེད་མངགས་གཟིགས་པར་ཕེབས་པ་མ་ཟད། བརྗོད་དོན་གཙོ་བོའི་སློབ་གསོའི་སྐོར་ལ་ཁོང་གི་བསམ་འཆར་དང་གྲོས་འགོ་ཡང་གསན་པ་རེད། དཀོན་མཆོག་བཀྲ་ཤིས་ཀྱིས་འཇང་མི་རིགས་གྲོང་ཚོར་ཏང་གིས་སྔར་ནས་ད་བར་ཐུགས་ཁུར་གནང་བས་མང་ཚོགས་ཚོས་ཏང་གི་རྗེས་སུ་འབྲང་བའི་ཆོད་སེམས་བརྟན་ལ་ཕྱུག་འགྱུར་གྱི་ཡིད་ཆེས་ཀྱང་ཧ་ཅང་ཆེན་པོ་ཡོད། ཏང་དང་སྲིད་གཞུང་གིས་འགྲིམ་འགྲུལ་སྟབས་མི་བདེ་བ་སོགས་ཀྱི་གནད་དོན་ཐག་གཅོད་བྱས་ཏེ་འཇང་མི་རིགས་གྲོང་ཚོའི་བལྟོས་བཅས་བཀག་སྡོམ་གྱི་འཚོ་བར་འགྱུར་ལྡོག་གཏོང་རྒྱུའི་རེ་བ་ཡོད་ཅེས་བཤད། ཝུའུ་དབྱིང་ཅེས་ལོ་19ཡི་གོང་ཁོང་ཉིད་ཚྭ་ཁ་ལྷོར་ཕེབས་པའི་གནས་ཚུལ་ཕྱིར་དྲན་གནང་བ་དང་བརྩེ་སེམས་ཟབ་མོས་སྐབས་དེ་དུས་འདི་གར་མང་ཚོགས་མང་པོ་མེད་ལ་ངོ་དྲག་པའི་ལམ་ཞིག་མཐོང་རྒྱུ་མེད། ད་དུང་སློབ་གྲྭའི་ཁང་པ་ཚང་མ་ཐོག་གཅིག་མ་རེད་འདུག དེ་རིང་བསྐྱར་དུ་ཡོང་སྐབས་ཚང་མའི་འཚོ་བ་ལེགས་པ་དང་ལྟོ་གོས་ལ་སེམས་ཁྲལ་མེད་པ་མཐོང་བྱུང་བས་ཚང་མ་འཚོ་བ་ཡག་པོ་དེ་འདྲ་སྐྱེལ་རྒྱུ་བྱུང་བར་ང་དངོས་འབྲེལ་དགའ་པོ་འདུག ཚང་མའི་ཉེ་འགྲམ་དུ་བྱུང་བའི་འགྱུར་ལྡོག་ཆེན་པོ་དེ་དག་ལས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དང་སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་མེད་ཚེ། བོད་ལ་འཕེལ་རྒྱས་ཀྱི་གྲུབ་འབྲས་ཆེན་པོ་དེ་འདྲ་ཐོབ་མི་སྲིད་པ་ང་ཚོར་གསལ་པོར་བསྟན་ཡོད། མང་ཚོགས་ཚོས་བཏོན་པའི་གནད་དོན་ཚང་མ་ནི་འཕེལ་རྒྱས་ཁྲོད་འཕྲད་པའི་གནད་དོན་ཡིན་པས་དུས་ཚོད་དང་སེམས་ནུས་བཏོན་ནས་རེ་རེ་བཞིན་ཐག་གཅོད་བྱེད་དགོས། རང་སྐྱོང་ལྗོངས་ཀྱིས་ཀྱང་ཚད་མཐོའི་མཐོང་ཆེན་དང་གང་མགྱོགས་དོན་འཁྱོལ་བྱས་ནས་བརྗོད་པ་ཐམས་ཅད་ལག་བསྟར་དང་བྱས་པ་ཐམས་ཅད་ལ་གྲུབ་འབྲས་ཐོབ་པ་བྱེད་ངེས་ཡིན་ཞེས་གསུངས་པ་རེད།
               ཝུའུ་དབྱིང་ཅེས་གསུངས་དོན། མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་འདོད་ནི་མི་དམངས་ཀྱི་རང་རེའི་ཏང་གི་འབད་འཐབ་དམིགས་ཚད་ཡིན། ད་ཐེངས་ཀྱི“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བའི་དམིགས་ཡུལ་ནི་མི་རིགས་ཁག་གི་མང་ཚོགས་ཀྱི་འཚོ་བ་ཇེ་ལེགས་སུ་གཏོང་ཆེད་རེད། རིམ་ཁག་འགོ་ཁྲིད་ལས་བྱེད་པ་ཚོས་གཞི་རིམ་མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་སྨན་བཅོས་དང་། སློབ་གསོ། འགྲིམ་འགྲུལ་སོགས་གླེང་མང་བ་དང་དཀའ་གནད་ཀྱི་གནད་དོན་ལ་དམིགས་ཏེ། སྟོབས་ཤུགས་གཞི་རིམ་དུ་འདོན་པ་དང་ལས་དོན་སྔོན་ཚུད་ནས་བསྒྲུབ་རྒྱུ་མཐའ་འཁྱོངས་ཀྱིས་གཞི་རིམ་གྱི་སྤྱི་པའི་ཞབས་ཞུའི་ནུས་པ་ཆེ་རུ་ཧུར་ཐག་གཏོང་བ་དང་མང་ཚོགས་ཚོར་ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་བྱམས་སྐྱོང་ཚོར་བ་བྱེད་དགོས། དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན་བརྒྱབ་སྟེ་མི་རིགས་ཁག་གི་མང་ཚོགས་ཀྱིས་ཕན་པ་གང་དུ་ཡོད་པ་དང་ཕན་པ་གང་ནས་བྱུང་བ་རྟོགས་པ་དང་། ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་། བློ་བརྟན་འགྱུར་མེད་ངང་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས།
               ཉེ་བའི་ལོ་ཤས་རིང་། གོ་འཇོ་རྫོང་གིས་མང་ཚོགས་གནས་སྤོའི་འདུན་པར་བརྩི་འཇོག་གང་ལེགས་བྱས་ཏེ་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་དང་གྲོང་རྡལ་ཆུང་ངུ་འཛུགས་སྐྲུན་ཟུང་འབྲེལ་གྱིས་གནས་སྤོ་ཡུལ་གྱི་འཛུགས་སྐྲུན་ལས་དོན་ཁག་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བས་མིག་སྔར་ཨ་དབང་ཤང་གི་དུད་ཚང་234ཡི་མི་1108ཀྱི་གནས་སྤོས་གནས་སྡོད་ཀྱི་ལས་དོན་ཡོངས་སུ་ལེགས་གྲུབ་བྱུང་བ་དང་དྲོད་ཁང་ཆེ་མོའི་ནང་སྔོ་ཚལ་འདེབས་འཛུགས་བྱ་རྒྱུ་དེ་ཡུལ་གཞན་དུ་གནས་སྤོས་ཀྱི་ལེ་ལག་ཚང་བའི་ཐོན་ལས་སུ་བརྩིས་ཏེ་མང་ཚོགས་ཀྱི་སྔོ་ཚལ་དཀོན་པའི་གནད་དོན་ཐག་གཅོད་བྱས་པ་མ་ཟད། ད་དུང་མང་ཚོགས་དབུལ་པོའི་ཡོང་འབབ་ཀྱང་མང་དུ་སོང་ཡོད། ཝུའུ་དབྱིང་ཅེ་དེ་གར་ཕེབས་ནས་གནས་སྤོས་མང་ཚོགས་ཀྱི་ཐོན་སྐྱེད་དང་། འཚོ་བ། ལས་ཞུགས་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། ཁོང་གིས་རིམ་པ་ཁག་དང་སྡེ་ཚན་ཁག་ལ་སྤྱི་ཡོངས་ཀྱི་བསམ་བཀོད་དང་ཕུགས་ལ་དམིགས་ནས་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་དང་ས་གནས་དེ་གའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཟུང་འབྲེལ་དམ་ཟབ་ཀྱིས་མ་དངུལ་སྤྱི་འདོམས་བསྡུ་སྒྲིལ་དང་ཚན་རིག་དང་ལུགས་མཐུན་ངང་འཆར་འགོད་བྱས་ཏེ་དངུལ་སྐར་ལི་ཙམ་ལའང་ཕན་འབྲས་ཆེན་པོ་ཐོན་པ་བྱེད་དགོས། ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་ཁྲོད་ཀྱི“སུ་གནས་སྤོ་བྱེད་པ”དང་། “སུས་སྤོ་རོགས་བྱེད་པ”“གནས་སྤོ་ཇི་ལྟར་བྱེད་པ”“ཇི་ལྟར་བྱས་ནས་བརྟན་ལྷིང་ཡོང་བ་བྱེད་པ”“ཇི་ལྟར་བྱས་ནས་ཕྱུག་པོ་ཆགས་པ་བྱེད་པ”སོགས་ཀྱི་གནད་དོན་ལ་དམིགས་ཏེ་རྒྱ་ཆེའི་མང་ཚོགས་ལ་ངང་རྒྱུད་རིང་བ་དང་། ཞིབ་ཚགས་པ། གནད་ལ་འཕིགས་པ་བཅས་ཀྱི་སྒོ་ནས་སྲིད་ཇུས་གསལ་འགྲེལ་བྱེད་པ་དང་ཁོང་ཚོའི་བསམ་ཕྱོགས་གསེད་བཀྲོལ་དང་ཡིད་ཆེས་བརྟན་དུ་གཏོང་རྒྱུར་སྐུལ་མ་གཏོང་བ་དང་རོགས་རམ་བྱས་ཏེ་དཀའ་སྡུག་བཟོ་ཐུབ་པའི་གྲ་སྒྲིག་ཡག་པོ་བྱེད་པ་དང་། དངོས་ཡོད་ཀྱི་དཀའ་ངལ་ཁྱད་བསད་ཐུབ་པ། ཕྱུག་འགྱུར་ཕུགས་འདུན་མངོན་འགྱུར་ཐུབ་པ་བཅས་བྱེད་དགོས། མང་ཚོགས་ལ་བརྟེན་པ་དང་མང་ཚོགས་སྐུལ་སློང་མཐའ་འཁྱོངས་བྱས་ཏེ་ཐབས་བརྒྱ་ཇུས་སྟོང་གིས་མང་ཚོགས་གནས་སྤོ་བྱས་རྗེས་ཀྱི་འཚོ་ཐབས་མང་དུ་གཏོང་བ་དང་ཞབས་ཞུ་འགན་ལེན་ལས་དོན་ཡག་པོ་བསྒྲུབས་ནས་དཀའ་ངལ་ཡོད་པའི་མང་ཚོགས་གནས་སྤོ་ཐུབ་པ་དང་། གཞིས་ཆགས་ཐུབ་པ། ཕྱུག་པོ་ཆགས་ཐུབ་པ་བཅས་བྱེད་དགོས་པའི་བཀའ་མངགས་གནང་བ་རེད།
               བརྟག་ཞིབ་ཚོགས་ཆུང་གིས་སྨར་ཁམས་རྫོང་དང་གོ་འཇོ་རྫོང་དུ་བརྟག་ཞིབ་ལས་དོན་བསྒྲུབས་ནས་བྲག་གཡབ་རྫོང་གྲོང་དུ་འབྱོར་སྐབས་དགོང་མོའི་ཆུ་ཚོད་10པ་ཟིན་ཡོད། ཝུའུ་དབྱིང་ཅེས་ལམ་བར་གྱི་ངལ་དུབ་ལ་མི་འཛེམས་པར་ཐད་ཀར་དབྱེན་འདུམ་གྲོང་རྡལ་གྱི་ཐོན་ལས་དབུལ་སྐྱོར་འཁོར་ཁང་དུ་ཕེབས་ཏེ་གསེར་དངུལ་ལས་སྣོན་བཟོ་གྲྭ་དང་། དཀར་གཡང་འཁྱིལ་མི་རིགས་ལག་ཤེས་བཟོ་རྩལ་ཚད་ཡོད་ཀུང་སི། ཆུང་སྐྱིད་མི་རིགས་ལག་ཤེས་བཟོ་རྩལ་ཚད་ཡོད་ཀུང་སི། གཡང་ཆེན་ཐང་ག་རྒྱུན་འཛིན་ཚད་ཡོད་ཀུང་སི། བཀྲ་ཤིས་ཞིང་ནགས་འཛུགས་སྐྲུན་མ་འཇོག་ཚད་ཡོད་ཀུང་སི་བཅས་ཀྱིས་ས་གནས་དེ་གའི་དུད་ཚང་དབུལ་པོའི་ལས་ཞུགས་ཐག་གཅོད་བྱས་ཚུལ་སོགས་ལ་བརྟག་ཞིབ་ནན་ཏན་གནང་ཞིང་། ཁོང་གིས་ས་གནས་དེ་གའི་དོན་དངོས་ལ་གཞི་ཚུགས་པ་དང། ཐོན་ཁུངས་ཀྱི་ལེགས་ཆར་བརྟེན་པ། “རྫོང་རེར་སྤུས་རྟགས་རེ”མཐའ་འཁྱོངས་བཅས་བྱས་ཏེ་ཞིང་ལས་འཚམ་སར་ཞིང་ལས་དང་ཚོང་ལས་འཚམ་སར་ཚོང་ལས་བྱེད་པ་དང་། ཁྱད་ལྡན་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེན་གཏོང་བ། མང་ཚོགས་ལ་ཁྱིམ་དར་ཕྱུག་འགྱུར་གྱི་ཚན་རིག་དང་མཐུན་པའི་ཐབས་ལམ་འཚོལ་རོགས་བྱས་ནས་མཛེས་སྡུག་ལྡན་པའི་འཆར་གཞི་དངོས་དངོས་རྗེན་རྗེན་གྱི་བདེ་སྐྱིད་འཚོ་བར་འགྱུར་བ་བྱེད་དགོས། མང་ཚོགས་ཀྱི་ཐོན་ལས་འཕེལ་རྒྱས་དང་རང་བརྟེན་ལས་གཏོད་ལ་ཁྲིད་སྟོན་བྱེད་རོགས་བྱེད་པ་དང་ཆབས་ཅིག་ཐོན་རྫས་ཕྱིར་ཚོང་བྱེད་སྐབས་དང་ཁྲོམ་རའི་འགྲན་རྩོད་སོགས་ཐད་འཕྲད་སྲིད་པའི་གནད་དོན་ལ་བསམ་གཞིག་ནན་ཏན་བྱས་ནས་དཀའ་ངལ་ཁྱད་བསད་ཧུར་ཐག་བྱེད་པ་དང་། ཕྱིར་ཚོང་རྒྱ་ཆེར་གཏོང་བ། ཐོན་ལས་སྟོབས་ཆེར་གཏོང་བ་བཅས་བྱས་ནས་མང་ཚོགས་ཀྱི་ཡོང་འབབ་མང་དུ་གཏོང་དགོས་པའི་བླང་བྱ་བཏོན་གནང་བ་རེད།
               ཝུའུ་དབྱིང་ཅེས་འདི་ལོ་ནི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་70འཁོར་བའི་ལོ་ཡིན་ལ་དབུལ་སྒྲོལ་འགག་སྒྲོལ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པའི་འགག་རྩའི་ལོ་ཡང་ཡིན་པས་སྒྱུར་འཕེལ་བརྟན་གསུམ་གྱི་ལས་དོན་ཁག་ཡག་པོ་སྒྲུབ་པའི་ལས་འགན་ཧ་ཅང་ལྕི་པོ་ཡོད། གཅིག་ནས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱེད་དགོས་པ་དང་། གཉིས་ནས་བརྟན་ལྷིང་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་བྱས་ནས་སྤྱི་ཚོགས་ཀྱི་སྤྱི་ཡོངས་ཞི་མཐུན་བརྟན་ལྷིང་ཡོང་རྒྱུར་ནུས་ཤུགས་ཡོད་རྒུས་འགན་ལེན་བྱེད་དགོས་པ། གསུམ་ནས་དམངས་འཚོའི་སྟོན་ཕྱོགས་མངོན་པར་བྱས་ཏེ་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་དགོས་པ། བཞི་ནས་གཞི་རིམ་གྱི་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་སྒྱུར་འཕེལ་བརྟན་གསུམ་གྱི་རྨང་གཞི་བརྟན་དུ་གཏོང་དགོས་པའི་ནན་བཤད་གནང་བ་རེད།
               བརྟག་ཞིབ་གནང་རིང་། ཝུའུ་དབྱིང་ཅེ་ད་དུང་སྨར་ཁམས་རྫོང་ལྕགས་སེར་གྲོང་ཚོའི་ཕུག་ལམ་དུ་ཕེབས་ཏེ་རྒྱལ་ལམ་318ཧའེ་ཐུང་ལུང་ཤུར་གྱི་གཞུང་ལམ་བཅོས་སྐྱོང་རྣམ་གྲངས་ལ་རྟོག་ཞིབ་གནང་བ་དང་སྦྲགས། ཨར་སྐྲུན་བཟོ་པས་བོད་ཀྱི་འཛུགས་སྐྲུན་ལ་རོགས་རམ་བྱས་པར་ཐུགས་རྗེ་ཆེ་ཡང་ཞུས་ཤིང་། ཁོང་གིས་ཨར་སྐྲུན་བཟོ་པ་ཚོར་གཟུགས་པོར་དོ་སྣང་བྱེད་པ་དང་ཐོན་སྐྱེད་བདེ་འཇགས་འགན་ལེན་བྱ་རྒྱུའི་བཀའ་མངགས་གནང་བ་དང་། རིམ་པ་ཁག་དང་སྡེ་ཚན་ཁག་ལ་ཨར་སྐྲུན་བདེ་འཇགས་དོ་དམ་ལ་མུ་མཐུད་ཤུགས་སྣོན་རྒྱག་པ་དང་བདེ་འཇགས་ཀྱི་འགན་འཁྲི་དང་བྱ་ཐབས་དོན་འཁྱོལ་བྱས་ཏེ་འཕྱུགས་པ་གཏན་ནས་མི་ཡོང་བ་བྱེད་དགོས་པ་དང་། ཞིང་པ་ལས་མིར་སེམས་ཁུར་དང་བྱམས་སྐྱོང་བྱས་ཏེ་ཁོང་ཚོའི་གླ་ཆ་དུས་ཐོག་དང་གྲངས་ཚང་ངང་སྤྲད་ནས་ཁོང་ཚོའི་ཁྲིམས་མཐུན་ཁེ་དབང་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།
               ཝུའུ་དབྱིང་ཅེས་ད་དུང་གཞི་རིམ་གྱིས་ཆོས་ལུགས་ལས་དོན་ལ་ཁྲིམས་ལྟར་དོ་དམ་བྱེད་པའི་འབྲེལ་ཡོད་ལས་དོན་ལ་བརྟག་ཞིབ་དང་མཛུབ་ཁྲིད་གནང་བ་དང་འབྲེལ། ཉེ་བའི་ལོ་ཤས་རིང་དང་ལྷག་དོན་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རང་སྐྱོང་ལྗོངས་ཀྱིས་ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་བྱེད་ཕྱོགས་དང་རྒྱལ་ཁབ་ཀྱིས་ཆོས་ལུགས་ལས་དོན་ལ་དོ་དམ་བྱེད་པའི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ་དགོན་སྡེ་ཁག་དང་གྲྭ་བཙུན་ཡོངས་ལ་དྲོ་སྐྱིད་སྦྱིན་ཡོད་ལ་རྒྱ་ཆེའི་མང་ཚོགས་ཀྱི་ཆོས་དད་རང་མོས་ལ་ཡང་འགན་ལེན་གང་ལེགས་བྱུང་ཡོད། དེ་དག་ཐམས་ཅད་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་བྱུང་བ་ཞིག་རེད། གོམ་སྟབས་རྗེས་མའི་ལས་དོན་ཁྲོད“ཁྲིད་སྟོན”ལ་ཤུགས་རྒྱག་རྒྱུ་མཐའ་འཁྱོངས་དང་། ཁྲིམས་ལྟར་དོ་དམ་དང་། དམངས་གཙོའི་དོ་དམ། སྤྱི་ཚོགས་ཅན་གྱི་དོ་དམ་བཅས་ཟུང་འབྲེལ་མཐའ་འཁྱོངས། དོ་དམ་བྱེད་ཀྱིན་ཞབས་འདེགས་ཞུ་ཐུབ་པ་བཅས་བྱས་ཏེ་དགོན་སྡེ་དོ་དམ་ལ་ཟམ་མི་ཆད་པར་ཤུགས་སྣོན་རྒྱག་པ་དང་གསར་གཏོད་བྱེད་དགོས་པ་དང་། དད་ལྡན་མང་ཚོགས་ཀྱི་དད་སེམས་ལ་བརྩི་འཇོག་བྱེད་ཞོར་དུ་མང་ཚོགས་ཀྱིས་ཆོས་ལུགས་ལ་དཔྱོད་ཤེས་ཀྱི་ལྟ་སྟངས་འཛིན་རྒྱུར་སློབ་གསོ་ཁྲིད་སྟོན་བྱེད་རྒྱུ་དེ་ཡུན་རིང་མཐའ་འཁྱོངས་དང་གོམས་གཤིས་ཆགས་པ་བྱེད་དགོས། བརྩེ་སེམས་དངོས་ལ་བརྟེན་ནས་བར་ཐག་ཉེ་རུ་བཏང་སྟེ་རྒྱ་ཆེའི་གྲྭ་བཙུན་དང་དད་ལྡན་མང་ཚོགས་ཏང་དང་སྲིད་གཞུང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་དང་ཁོང་ཚོར་སེམས་གཏིང་ནས་ཏང་གི་སྲིད་ཇུས་བཟང་པོ་དང་། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གི་ཐུགས་ཁུར་དངོས་ཚོར་རྒྱུར་ཁྲིད་སྟོན་བྱས་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མཉམ་དུ་གཏོད་དགོས་པའི་བླང་བྱ་བཏོན་གནང་བ་རེད།
རྩོམ་སྒྲིག་པ། སངས་སྐྱབས།
pk10怎么玩 天津快乐十分 极速3D彩票 海南4+1 内蒙古快3 北京赛车 北京两步彩走势 辽宁快乐12开奖结果 北京赛车pk10赔率最高的平台 山东群英会怎么玩