山东群英会选号技巧

ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

2019ལོའི་ཀྲུང་གོའི་དྲ་རྒྱའི་སྨྱན་སྦྱོར་གྲོས་མོལ་ཚོགས་འདུའི་སྟེང་ཏིང་ལི་ཡིས་སྨྱན་སྦྱོར་མཉམ་འདྲེས་དེ་སྤོབས་པ་ཆེན་པོས་བར་མཚམས་ལས་བརྒལ་ཐུབ་པ་དགོས་ཞེས་བསྟན་པ།

སྤེལ་དུས 2019-07-31 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། འབྲུག་རྒྱལ་མཁར་གྱིས་བསྒྱུར།
             ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན།  ཀྲུང་དབྱང་དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་གྱི་ཨུ་ཡོན་ཚོགས་པའི་གཞུང་སྒྲུབ་ཁང་གིས་མཛུབ་སྟོན་བྱས་པ་དང་།  ཀྲུང་གུང་ཐེན་ཅིན་གྲོང་ཨུ་དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་གྱི་ཨུ་ཡོན་ཚོགས་པ། མི་དམངས་ཉིན་རེའི་ཚགས་པར། ཀྲུང་ཧྭ་རྒྱལ་ཡོངས་གསར་འགྱུར་ལས་བྱེད་པའི་མཐུན་ཚོགས། ཀྲུང་གོའི་དྲ་རྒྱའི་སྤྱི་ཚོགས་རྩ་འཛུགས་མཉམ་འབྲེལ་ཚོགས་པ་བཅས་ཀྱིས་གཙོ་སྒྲུབ་བྱས་པའི་2019ལོའི་ཀྲུང་གོའི་དྲ་རྒྱའི་སྨྱན་སྦྱོར་གྲོས་མོལ་ཚོགས་འདུ་དེ་ཟླ་7པའི་ཚེས་29ཉིན་ཐེན་ཅིན་ནས་བསྡུས།
པར་འདི་ནི་2019ལོའི་ཀྲུང་གོའི་དྲ་རྒྱའི་སྨྱན་སྦྱོར་གྲོས་མོལ་ཚོགས་འདུ་འགོ་ཚུགས་པའི་མཛད་སྒོའི་ཡུལ་དངོས་རེད།
             ཐེངས་འདིའི་གྲོས་མོལ་ཚོགས་འདུ་ནི་“མཉམ་འདྲེས་དང་བསྒྱུར་བཅོས་ཏེ། ཀྲུང་གོའི་དྲ་རྒྱའི་སྨྱན་སྦྱོར་འཕེལ་རྒྱས་ཀྱི་ཐོད་རྒལ་གསར་པ།”ཞེས་པ་བརྗོད་དོན་གཙོ་བོ་བྱས་ཏེ།   ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་མཛུབ་སྟོན་འོག  དུས་རབས་གསར་པའི་དྲ་རྒྱའི་སྨྱན་སྦྱོར་འཕེལ་རྒྱས་ཀྱི་ཁ་ཕྱོགས་ལ་དམིགས་ནས་དྲ་རྒྱའི་སྟེང་གི་བརྗོད་དོན་འཛུགས་སྐྲུན་ལ་ཤུགས་སྣོན་པ་སོགས་བརྗོད་བྱར་བཟུང་ནས་གྲོས་ཞིབ་གནང་བ་དང་།  ལས་རིགས་འཕེལ་རྒྱས་ཀྱི་བསམ་བློ་གསར་པ་དང་རིགས་ལམ་གསར་པ་གཅིག་བསྡུས་བྱས།
             ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་གཞོན་པ་དང་ཀྲུང་དབྱང་དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་གྱི་ཨུ་ཡོན་ཚོགས་པའི་གཞུང་སྒྲུབ་ཁང་གི་ཀྲུའུ་རིན།  རྒྱལ་ཁབ་མཉམ་སྦྲེལ་དྲ་རྒྱའི་ཆ་འཕྲིན་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་ཀྲང་རོང་ཝིན་གྱིས་གྲོས་མོལ་འགོ་ཚུགས་པའི་མཛད་སྒོའི་སྟེང་ཤིས་ཚིག་བརྗོད་སྐབས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསར་འགྱུར་གླེང་ཕྱོགས་ཀྱི་ལས་དོན་ལ་ཧ་ཅང་མཐོང་ཆེན་བྱེད་པ་དང་།  ཐེངས་མང་པོར་མཉམ་སྦྲེལ་དྲ་རྒྱར་བདག་དམ་ལེགས་པོ་དང་བཀོལ་སྤྱོད་ལེགས་པོ་བྱེད་དགོས་པ་ནན་གྱིས་བསྟན་ཡོད།  ལྷག་པར་དུ་ད་ལོའི་ཟླ་1པའི་ཚེས་25ཉིན་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཐུན་མོང་སློབ་སྦྱོང་ཐེངས་བཅུ་གཉིས་པའི་སྐབས་སུ།   སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན།  དྲང་ཕྱོགས་ནི་སྤྱིའི་བླང་བྱ་ཡིན་པ་དང་།  བདག་གཉེར་ཐུབ་པ་ནི་གནས་ལུགས་མཐར་ཐུག་ཡིན།  བཀོལ་སྤྱོད་ལེགས་པོ་ཐུབ་པ་ནི་འཇོན་ནུས་ངོ་མ་ཡིན་ཞེས་བསྟན་པ་དང་།  ཆ་འཕྲིན་གསར་བརྗེའི་འབྲས་བུ་བཀོལ་སྤྱོད་ལེགས་པོ་བྱས་ཏེ། སྨྱན་སྦྱོར་མཉམ་འདྲེས་ཀྱི་འཕྲེད་གཞུང་ཕྱོགས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པར་ནན་གྱིས་བསྟན།  འདི་ནི་མདུན་སྐྱོད་ཀྱི་སྣེ་ཁྲིད་དང་།  ལྷག་པར་དུ་འབད་བརྩོན་གྱི་བཀའ་རྒྱ་ཡིན།   དྲ་རྒྱའི་སྨྱན་སྦྱོར་ཀྱི་རྩ་བ་བརྟན་པོ་དགོས་པ་དང་།  དྲང་ཕྱོགས་ཀྱི་བརྒྱུད་སྒྲོག་མཁན་བྱེད་དགོས།  གསར་གཏོད་བྱེད་ཕོད་པ་དང་།  མཉམ་འདྲེས་བསྒྱུར་བཅོས་ཀྱི་སྔོན་བསྐྱོད་པ་བྱེད་དགོས།   རལ་གྲི་ཤུང་ནས་གཙོ་ཕྱོགས་རིན་ཐང་གི་སྲུང་སྐྱོང་པ་བྱེད་ཕོད་དགོས།  དཀའ་སྤྱད་འབད་བརྩོན་སྒོས་ལག་རྩལ་གསར་པའི་སྣ་འདྲེན་པ་བྱེད་དགོས། འགན་འཁུར་ཐུབ་པའི་སྒོ་ནས་དྭངས་གཙང་བར་སྟོང་གི་སྲུང་སྐྱོབ་པ་བྱེད་དགོས།  གླེང་ཕྱོགས་ལ་སྣེ་ཁྲིད་པ་དང་བསམ་བློ་ལ་སྣེ་ཁྲིད་པ།  རིག་གནས་བརྒྱུད་འཛིན་དང་མི་དམངས་ལ་ཞབས་འདེགས་ཞུ་བ་བཅས་ཀྱི་སྐབས་སུ་བརྒྱུད་སྒྲོག་གི་གཙོ་སྣེ་འཛིན་ཐུབ་པའི་སྒོ་ནས།  ཐུན་མོང་གིས་མཉམ་སྦྲེལ་དྲ་རྒྱ་ཞེས་པའི་“ཆེས་ཆེ་བའི་འགྱུར་གྲངས” འདི་བྱ་གཞག་འཕེལ་རྒྱས་ཀྱི་““ཆེས་ཆེ་བའི་འཕེལ་གྲངས””དུ་འགྱུར་ཐུབ་པ་བྱེད་དགོས་ཞེས་བརྗོད། 
             ཐེན་ཅིན་གྲོང་ཨུའི་ཧྲུའུ་ཅི་གཞོན་པ་དང་ཧྲེ་ཀྲང་ཀྲང་གའོ་ཆིན་དང་།  རྒྱལ་ཡོངས་དམངས་ཆེན་སྤྱི་ཚོགས་འཛུགས་སྐྲུན་ཨུ་ཡོན་ཚོགས་པའི་ཀྲུའུ་རིན་ཨུ་ཡོན་གཞོན་པ་དང་ཀྲུང་གོའི་དྲ་རྒྱའི་སྤྱི་ཚོགས་རྩ་འཛུགས་མཉམ་འབྲེལ་ཚོགས་པའི་ཚོགས་གཙོ་རིན་ཞན་ལེང་།   ཀྲུང་ཧྭ་རྒྱལ་ཡོངས་གསར་འགྱུར་ལས་བྱེད་པའི་མཐུན་ཚོགས་ཀྱི་ཏང་ཙུའུ་ཧྲུའུ་ཅི་དང་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཧུའུ་ཞའོ་ཧན་གྱིས་འགོ་འཛུགས་མཛད་སྒོའི་སྟེང་ཤིས་ཚིག་བརྗོད།   མི་དམངས་ཉིན་རེའི་ཚགས་པར་གྱི་སྤྱི་ཁྱབ་རྩོམ་སྒྲིག་པ་དང་ད་དུང་ཕྱི་རྒྱལ་པར་མའི་རྩོམ་སྒྲིག་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པའི་འགན་འཁུར་བའི་ཞུའུ་ཀྲིན་ཀྲུང་།  ཞིན་ཧྭ་གསར་འགྱུར་ཁང་གི་འགོ་གཙོ་གཞོན་པ་དང་ཏང་ཙུའུ་ཁོངས་མི་ལེའུ་སི་དབྱང་།  ཀྲུང་དབྱང་རྒྱང་སྒྲོག་བརྙན་འཕྲིན་སྤྱི་སྟེགས་ཀྱི་ཏང་ཙུའུ་ཁོངས་མི་དང་ཐའེ་ཀྲང་གཞོན་པ་ཡན་ཞའོ་མིང་།  ཐིན་ཞོན་སྤྱི་གཉེར་ཁང་གི་ལས་འཛིན་ཚོགས་པའི་ཀྲུའུ་ཞི་དང་ད་དུང་དབུ་བཞུགས་ལག་བསྟར་པའི་འགན་འཁུར་བའི་མ་ཧྭ་ཐིན།  ཝང་ཡུ་སྤྱི་གཉེར་ཁང་གི་གསར་འཛུགས་པ་དང་ད་དུང་དབུ་བཞུགས་ལག་བསྟར་པའི་འགན་འཁུར་བའི་ཏིང་ལི།  ཀྲུང་གོའི་བཟོ་བཀོད་གླིང་གི་ཡོན་ཧྲི་ལེའུ་ཡོན་ཅེ་བཅས་ཀྱིས་བརྗོད་དོན་གཏམ་བཤད་གནང་།
             དོ་སྣང་བྱེད་རིན་ཡོད་པ་ཞིག་ནི།  མཉམ་འདྲེས་སྨྱན་སྦྱོར་གྱི་ནང་དོན་གསར་གཏོད་ཇི་ལྟར་བྱེད་དགོས་གནད་དོན་ཐད་ལ།  ཏིང་ལི་ཡི་གཏམ་བཤད་ལ་ཡུལ་དངོས་ཀྱི་ལྟད་མོ་བའི་དོ་སྣང་ཐོབ།  ཁོས་བརྗོད་དོན།  མ་འོངས་པར་སྨྱན་སྦྱོར་མཉམ་འདྲེས་བྱེད་སྐབས་ནང་དོན་ཐད་སྤོབས་པ་ཆེན་པོས་བར་མཚམས་ལས་བརྒལ་ཐུབ་པ་བྱས་ཏེ། ཞིང་ཁམས་གསར་པ་ཞིག་མཐོང་ཐུབ་པ་བྱེད་དགོས་ཞེས་ཟེར།
             “ཀྲུང་གོར་དྲ་མི་མི་གྲངས་དུང་ཕྱུར་8.29ཡོད་པ་དང་།  ཉིན་རེར་ཐོན་སྐྱེད་བྱས་པའི་ཆ་འཕྲིན་གྱི་ཁ་གྲངས་དུང་ཕྱུར་300ལ་སླེབས་ཐུབ། ”ཏིང་ལི་ཡིས་བརྗོད་དོན།  “འགུལ་སྐྱོད་འབྲེལ་མཐུད་དྲ་རྒྱའི་ལག་རྩལ་གསར་པའི་འཕེལ་རྒྱས་དང་བསྟུན་ནས། མི་ཚང་མར་སྐད་སྦུག་ཡོད་ལ།  བརྒྱུད་སྒྲོག་ཐབས་ལམ་ཡང་མི་ནས་མིའི་བར་ལ་ཐད་ཀད་བརྒྱུད་སྒྲོག་བྱེད་པར་གྱུར་པ་དང་།  སྔོན་ཆད་ཀྱི་བར་ཁེ་བའི་རིན་གོང་ལྷག་མ་མེད་པར་གྱུར།  དེའི་མཇུག་འབྲས་ནི་ཆ་འཕྲིན་བརྒྱུད་སྒྲོག་ནི་སྔར་བས་ལས་ཞོར་གྱི་རྣམ་པར་གྱུར་བ་དང་།  སྨྱན་སྦྱོར་ཀྱི་ཆ་འཕྲིན་གདམ་གསེས་བྱེད་པའི་ནུས་པ་ཇེ་ཞན་དུ་གྱུར་ལ།  རྫུན་མ་དང་ཐ་ཤལ་གྱི་ཆ་འཕྲིན་གྱིས་དྲ་རྒྱའི་བར་སྟོང་ཁེངས་པར་བྱས།”ཞེས་ཟེར།
             ཏིང་ལི་ཡིས་བརྗོད་དོན། སྨྱན་སྦྱོར་མཉམ་འདྲེས་ཀྱི་སྲིད་ཕྱོད་ཀྱི་ཐད་ནས་བལྟས་ན།  བརྒྱུད་སྒྲོག་ལ་སྤོབས་པ་ཆེན་པོས་བར་མཚམས་ལས་བརྒལ་ཐུབ་པ་དགོས་པ་དང་།  མ་འོངས་པའི་སྨྱན་སྦྱོར་ཐོད་རྒལ་ནི་ལག་རྩལ་ཙམ་མ་ཡིན་པར་བརྗོད་དོན་ཡིན། དཔེར་ན་སྨྱན་སྦྱོར་དང་སློབ་གསོ།  རིག་རྩལ། འཚོ་བ་སོགས་ཕྱོགས་མང་པོའི་ཐད་ཀྱི་མཐུན་སྦྱོར་དང་།  ཀྲུང་གོའི་སྐད་ཆ་བརྒྱུད་སྒྲོག་དང་ཀྲུང་གོའི་གཏམ་རྒྱུད་གླེང་ཐུབ་དགོས།  དེ་དང་མཉམ་དུ་སྨྱན་སྦྱོར་མཉམ་འདྲེས་ཀྱི་ཟབ་ཚད་ཀྱི་ཐད་ནས་བལྟས་ན།  དྲ་རྒྱའི་སྟེང་མྱུར་དུ་བརྒྱུད་སྒྲོག་བྱེད་པའི་ནུས་པ་དང་།  དྲ་རྒྱའི་ཕྱི་ནས་གསུང་རབ་གསོག་ཉར་བྱེད་པའི་ནུས་པ་ལྡན་དགོས།  ཆ་འཕྲིན་ནི་ཟད་གྲོན་དངོས་རྫས་ཙམ་མ་ཡིན་པར་ཡུན་རིང་པོར་འཕེལ་རྒྱས་འབྱུང་བའི་རང་བཞིན་ཅན་གྱི་བརྗོད་དོན་ཞིག་ཏུ་འགྱུར་ཐུབ་པ་བྱེད་དགོས་ཞེས་བསྟན།
             ཤེས་རྟོགས་བྱུང་བར་གཞིགས་ན།  ཐེངས་འདིའི་གྲོས་མོལ་ཚོགས་འདུར་བརྗོད་དོན་དང་ཐོན་ལས། ལག་རྩལ་དང་རྒྱལ་སྤྱིའི་བརྒྱུད་སྒྲོག་བཅས་ཕྱོགས་བཞིའི་གྲོས་མོལ་བཀོད་སྒྲིག་བྱས་ཡོད།  སོ་སོས་སྨྱན་སྦྱོར་མཉམ་འདྲེས་འཕེལ་རྒྱས་དང་སྨྱན་སྦྱོར་ཡོངས་ཀྱི་བརྒྱུད་སྒྲོག་རྣམ་པ་གསར་འཛུགས་ལ་དམིགས་ནས།  བར་མཚམས་ལས་བརྒལ་ཏེ་མཉམ་དུ་འཕེལ་བ་སྟེ།  དྲ་རྒྱའི་སྨྱན་སྦྱོར་ཀྱི་རིམ་སྤར་གསར་བསྒྱུར་གྱིས་ཐོན་ལས་སྤུས་ཚད་མཐོན་པོར་འཕེལ་རྒྱས་བྱུང་བ། ལག་རྩལ་གསར་གཏོད་ལ་རིག་ནུས་སྨྱན་སྦྱོར་དང་དྲ་རྒྱའི་སྨྱན་སྦྱོར་གྱི་རྒྱལ་སྤྱིའི་བརྒྱུད་སྤེལ་གྱི་རྣམ་པ་གསར་པ་སོགས་བརྗོད་དོན་གཙོ་བོར་གྱུར་ཡོད།  ཕྱོགས་མང་པོ་ནས་དུས་རབས་གསར་པའི་སྨྱན་སྦྱོར་དྲ་རྒྱའི་སྨྱན་སྦྱོར་གསར་བསྒྱུར་གྱི་རིམ་སྤར་དང་མཉམ་འདྲེས་འཕེལ་རྒྱས་ཀྱི་ལམ་བུའི་སྐོར་བགྲོ་གླེང་གནང་། 
             ཚོགས་ཞུགས་སྐུ་མགྲོན་རྣམས་ཀྱིས་བསྟན་པར།  སྨྱན་སྦྱོར་དེ་གཞུང་ཕྱོགས་གཏིང་ཟབ་ངང་འཕེལ་བ་ནི་སྤྱིའི་འཁོར་ཕྱོགས་ཡིན་པ་དང་།  དྲ་རྒྱའི་སྨྱན་སྦྱོར་ལ་གསར་བསྒྱུར་གྱི་སྤོབས་པ་ལྡན་དགོས་ལ་དུས་ཐོག་འཕེལ་འགྱུར་བྱེད་ཐུབ་དགོས།  བསམ་བློ་དང་བྱེད་ཕྱོགས་བྱེད་ཐབས། ལམ་ལུགས་སོགས་ཀྱི་ཐད་ལ་སྤོབས་པ་ཆེན་པོས་གསར་གཏོད་བྱས་ནས།  གསར་བསྒྱར་གྱི་སྔོན་བསྐྱོད་པ་ཞིག་ཏུ་འགྱུར་ཐུབ་དགོས། ནང་དོན་ལེགས་པོའི་རྩ་བ་བརྟན་པོར་ཚུགས་ནས།  མང་ཉུང་ནས་སྤུས་ཚད་ལེགས་བསྒྱུར་དང་།   དྲ་ནུས་ནས་མང་སེམས་གཅིག་བསྡུས་ཀྱི་ཐད་ལ་ཐོད་བརྒལ་བྱེད་དགོས་ལ།  ནང་སྙིང་ལག་རྩལ་གསར་གཏོད་ཐད་ལ་ཐོད་བརྒལ་རང་བཞིན་མངོན་འགྱུར་ཐུབ་པ་དགོས་ལ།  སྨྱན་སྦྱོར་དུས་རབས་ཀྱི་ལག་རྩལ་གྱི་སྣེ་བཟུང་ནས་ཕྱོགས་ཡོངས་ནས་གླེང་ཕྱོགས་ཀྱི་སྣེ་ཁྲིད་པའི་ནུས་པ་ལྡན་དགོས་པར་བསྟན། 
             ཀྲུང་གོའི་དྲ་རྒྱའི་སྨྱན་སྦྱོར་གྲོས་མོལ་ཚོགས་འདུ་ནི་རང་རྒྱལ་དྲ་རྒྱའི་སྨྱན་སྦྱོར་ལས་རིགས་ཀྱི་རིམ་པ་ཆེས་མཐོ་བ་དང་གཞུང་ཕྱོགས་དང་ཤུགས་རྐྱེན་ཆེས་ཆེ་བའི་ལོ་ཚོགས་ཤིག་ཡིན་ལ།  དེ་ནི་ཀྲུང་གོའི་དྲ་རྒྱའི་སྨྱན་སྦྱོར་འཕེལ་རྒྱས་ཁ་ཕྱོགས་ཀྱི་སྒུའུ་ཁུང་ལྟ་བུ་ཡིན།  གཙོ་བདག་ལས་ཁུངས་དང་རྒྱལ་ཁབ་པུའུ་ཨུ། ཀྲུང་དབྱང་དང་ས་གནས་གསར་འགྱུར་ལས་ཁུངས། ས་གནས་སོ་སོའི་དྲ་འཕྲིན་ཁང་། ཚོང་དོན་དྲ་ཚིགས། སྨྱན་སྦྱོར་གསར་པའི་ལས་ཁུངས། མཉམ་སྦྲེལ་དྲ་རྒྱའི་ལས་ཁུངས་ཀྱི་སྐུ་མགྲོན་དང་ལས་རིགས་ཁག་གི་ཆེས་མཁས་པ།  དྲ་རྒྱའི་སྤྱི་ཚོགས་རྩ་འཛུགས་བཅས་ནས་ཡོང་བའི་མི་800ལྷག་གྲོས་མོལ་ཚོགས་འདུ་འདིར་ཞུགས་ཡོད། 
北京两步彩走势 北京两步彩开奖 pk10规则 新疆喜乐彩注册 海南4+1走势图 北京赛车pk10玩法 北京两步彩开奖 山东群英会app 海南4+1开奖 山东群英会