山东群英会选号技巧

ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། 山东群英会选号技巧ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

“ཤམ་བྷ་ལར་ལོག་པ—ལིན་ཡེའི་བོད་ཡུལ་གྱི་སྣུམ་ཚོན་རི་མོའི་འགྲེམ་སྐོར”ཞེས་པ་བོད་ལྗོངས་ལྷ་ས་ནས་འགྲེམ་སྟོན་བྱས་པ།

སྤེལ་དུས 2019-09-24 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། འབྲུག་རྒྱལ་མཁར་གྱིས་བསྒྱུར།
རི་མོ་བ་ལིན་ཡེས་མིང་རྟགས་འགོད་ཀྱིན་པ།
               ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ་9པའི་ལྷ་སར་སྟོན་ཁའི་འགྱུ་བག་གིས་ཀུན་ནས་འཚོས་ཤིང་། རྒྱང་རིང་གི་གསལ་ལ་མི་གསལ་བའི་གངས་རི་དང་རྔམ་ཞིང་སྟུག་པའི་སྤྲིན་པ་ཡིས་རབ་ཏུ་བརྗིད་ཆགས་པའི་རང་བྱུང་གི་རི་མོ་ཞིག་བཞེངས་འདུག ཟླ་9པའི་ཚེས་21ཉིན། “ཤམ་བྷ་ལར་ལོག་པ—ལིན་ཡེའི་བོད་ཡུལ་གྱི་སྣུམ་ཚོན་རི་མོའི་འགྲེམ་སྐོར”ཞེས་པ་བོད་ལྗོངས་ལྷ་ས་ནས་འགྲེམ་སྟོན་བྱས། 
ལིན་ཡེའི་བརྩམས་ཆོས། 
               1986ལོར་སྐུ་ཞབས་ལིན་ཡེ་ཐོག་མར་མཐོ་སྒང་དུ་ཡུལ་ལྗོངས་འབྲི་རུ་ཡོང་མ་ཉིད་ནས་མིག་མདུན་གྱི་ལྟ་ན་སྡུག་པའི་ཡུལ་ལྗོངས་ཀྱིས་ཡིད་སེམས་ཅིག་ཅར་འཕྲོགས། དུས་དེ་ནས་བཟུང་སྟེ། ལིན་ཡེའི་སྣུམ་ཚོན་རི་མོའི་གསར་རྩོམ་གྱི་བརྗོད་བྱ་ཡོངས་རྫོགས་མཐོ་སྒང་གི་ཡུལ་སྲོལ་གོམས་འདྲིས་དང་འབྲེལ་བ་དམ་པོ་ཡོད་པ་རྐྱང་ཡིན། གཟིགས་སྐོར་ཡུལ་དངོས་སུ་ལིན་ཡེས་ལྟད་མོ་བ་རྣམས་ལ《གངས་ལྗོངས་ཀྱི་གཟབ་མཆོར》དང《ལྟ་སྲུང》  《རེ་སྒུག》བཅས་བརྩམས་ཆོས་ལུ་གུ་རྒྱུད་རེ་རེ་བཞིན་མཚམས་སྦྱོར་གནང་བ་དང་། དེའི་ཁྲོད་ནས《གངས་ལྗོངས་ཀྱི་གཟབ་མཆོར》ནི་ལོ་གཉིས་ལ་བྲིས་ཤིང་། ལིན་ཡེས་དུས་ཚོད་ཆེས་ཡུན་རིང་བ་དང་འབད་པ་ཆེས་ཆེན་པོ་གནང་བའི་བརྩམས་ཆོས་ཤིག་ཡིན་པས། བོད་ཡུལ་གྱི་མཆོར་སྒེག་ཟད་མི་ཤེས་པའི་གྱོན་གོས་རིག་གནས་མངོན་པར་མཚོན་ཡོད། 《ལྟ་སྲུང》ནི་ལིན་ཡེས་བོད་ཡུལ་ནས་ཐོས་པའི་ངག་རྒྱུན་དང་དངོས་ཀྱི་མྱོང་བ་ལས་བྱུང་བ་ཞིག་སྟེ། འབྲོག་ཁྱིའི་ལྟ་སྲུང་ལ་བརྟེན་ནས་ནོར་གནག་ལ་བྱ་གླག་གི་གནོད་འཚེས་མི་ཚུགས་པའི་གཏམ་རྒྱུད་ཅིག་བཤད་ཡོད། ལིན་ཡེའི་སྨྱུག་ཁའི་འོག  ཕྲ་འཛིན་གྱི་ལྟ་སྟངས་དང་ཐབས་རྩལ་བརྒྱུད་ནས་རྒྱ་ཆེ་བའི་མཐོང་རྒྱ་དང་ཚེ་སྲོག་གི་ལྟ་བ་ཕྱིར་མངོན་པར་བྱས་ཡོད། ཁོས་བྲིས་པའི་འབྲོག་ཁྱི་ནི་སྲོག་ཆགས་ཀྱི་འདྲ་པར་ཁྱབ་ཁོངས་ལས་ཆེ་ཆེར་བརྒལ་ཏེ་ཚེ་སྲོག་གི་ཕྱི་མོ་འཚོལ་བཞིན་ཡོད་ཅིང་། ཁོའི་སྨྱུག་ཁའི་གངས་ལྗོངས་ཀྱང་ཡུལ་ལྗོངས་ཞིབ་འབྲི་ཁོ་ནར་གནས་མེད་པར། མཐོ་སྒང་གི་མི་རིགས་ཤིག་གི་གཞུང་དྲང་བབ་ཆགས་དང་དཔའ་ངར་མངོན་པར་མཚོན་ཡོད། 
ལིན་ཡེའི་བརྩམས་ཆོས། 
ལིན་ཡེའི་བརྩམས་ཆོས། 
ལིན་ཡེའི་བརྩམས་ཆོས། 
               བོད་ལྗོངས་མཛེས་རྩལ་མཐུན་ཚོགས་ཀྱི་ཀྲུའུ་ཞི་ཐང་ཐེན་ཡོན་གྱི་འདོད་ཚུལ་ལ། ལིན་ཡེའི་རི་མོའི་བརྩམས་ཆོས་ཀྱི་བརྗོད་བྱ་གཞན་དང་མི་འདྲ་བ་ཞིག་སྟེ། འབྲོག་ཁྱིར་བརྟེན་ནས་མཐོ་སྒང་གི་བརྗིད་རྔམ་བསམ་གྱིས་མི་ཁྱབ་པ་མཚོན་པ་ཡིན་པས། མཚོན་ཐབས་སྔ་མ་རྣམས་ལས་ཐོད་བརྒལ་བྱས་ཡོད། མ་འོངས་པར་ཁྲོན་བོད་གཉིས་ཀྱི་སྒྱུ་རྩལ་པས་མཉམ་ལས་མུ་མཐུད་དུ་གནང་སྟེ། མཐོ་སྒང་གངས་རིའི་ལྗོངས་ལ་གསར་རྩོམ་གྱི་བརྗོད་བྱ་གསར་པ་སྔོག་འདོན་ཐུབ་པའི་རེ་བ་ཡོད་ཅེས་བསྟན། 
ལིན་ཡེའི་བརྩམས་ཆོས། 
ལིན་ཡེའི་བརྩམས་ཆོས། 
ལིན་ཡེའི་བརྩམས་ཆོས། 
               རྒྱུས་ལོན་བྱུང་བར་གཞིགས་ན། ལྷ་སའི་འགྲེམ་སྐོར་གྱི་རྗེས་སུ། ལིན་ཡེའི་བོད་ཡུལ་གྱི་སྣུམ་ཚོན་རི་མོ་ད་དུང་བདེ་ཆེན་དང་ཁྲིན་ཏུའུ་ལ་སྐོར་རྒྱུ་ཡིན་པ་དང་། བོད་ལྗོངས་དང་ཡུན་ནན། སི་ཁྲོན་བཅས་བསྐོར་བའི་སྒྱུ་རྩལ་གྱི་བགྲོ་གླེང་ཞིག་ལེགས་འགྲུབ་བྱ་རྒྱུ་ཡིན་འདུག 
ལིན་ཡེའི་བརྩམས་ཆོས། 
ལིན་ཡེའི་བརྩམས་ཆོས།
北京两步彩APP 重庆百变王牌 澳门手机网投 黑龙江快乐十分 智慧彩票投注 pk10规则 北京赛车pk10赔率最高的平台 极速快乐8群 北京赛车pk10玩法 新疆喜乐彩开奖