山东群英会选号技巧

ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། 山东群英会选号技巧“རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

བོད་ལྗོངས་སུ་སླར་ཡང་ལོ་ལེགས་ཀྱི་དུས་ཚིགས་བསུ་བ།

སྤེལ་དུས 2019-09-25 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། འབྲུག་རྒྱལ་མཁར་གྱིས་བསྒྱུར།
            ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན།   དཔྱིད་དུས་ས་བོན་འདེབས་ཅིང་དབྱར་ཁར་སྐྱེ་སྟོབས་འབར། སྟོན་ཀར་འབྲས་བཟང་སྡུད་ཅིང་དགུན་ཁར་མཛོད་དུ་ཉར།  རླངས་འཁོར་བོད་རང་ལྗོངས་ཀྱི་སྲིད་འཛིན་ལྟེ་གནས་ལྷ་ས་ནས་ཐོན་པ་ན།   གང་སར་གསེར་མདོག་གི་མདངས་ལྡན་ཅིང་།  ལོ་ལེགས་ཀྱི་རྣམ་པས་ཁེངས་ཡོད།  ཟླ་9པའི་ཚེས་23ཉིན་གྱི་ཞོགས་པའི་ཆུ་ཚོད་10དང་སྐར་མ་40ཡི་སྟེང་།  ལྷ་ས་གྲོང་ཁྱེར་གྱིས་སྤེལ་བའི་2019ལོའི་ཀྲུང་གོའི་ཞིང་པའི་ལོ་ལེགས་དུས་ཆེན་གྱི་རྟེན་འབྲེལ་བྱེད་སྒོ་དེ་བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་ཚལ་སྣེ་གླིང་མུའུ་བརྒྱའི་མཐུད་སྦྲེལ་དྲོད་ཁང་མདུན་གྱི་ཐང་ཆེན་ནས་འགོ་ཚུགས། 
ལྷ་ས་གྲོང་ཁྱེར་2019ལོའི་ཀྲུང་གོའི་ཞིང་པའི་ལོ་ལེགས་དུས་ཆེན་གྱི་རྟེན་འབྲེལ་བྱེད་སྒོའི་ཡུལ་དངོས།
ལྷ་ས་གྲོང་ཁྱེར་2019ལོའི་ཀྲུང་གོའི་ཞིང་པའི་ལོ་ལེགས་དུས་ཆེན་གྱི་རྟེན་འབྲེལ་བྱེད་སྒོའི་ཡུལ་དངོས།
            ཚལ་སྣེ་གླིང་གི་Bཁུལ་དུ་དྲོད་ཁང་རེ་རེའི་བར་མཚམས་ཚང་མར་ལུག་མིག་མེ་ཏོག་དང་རྒྱ་སེའི་མེ་ཏོག་སོགས་སྨན་སྣའི་རིགས་ཀྱི་མེ་ཏོག་བཏབ་ཡོད།   དུས་སྐབས་འདི་ནི་ཏག་ཏག་ལུག་མིག་མེ་ཏོག་ཧ་ཅང་བཞད་པའི་དུས་ཡིན་ལ།   མེ་ཏོག་སེར་པོ་ཆུང་ཆུང་མང་པོ་ཞིག་ཨ་སྔོན་དང་སྤྲིན་དཀར་ཀྱི་འོག་ནས་རྣམ་པར་བཀྲ་བས།  ལྷག་པར་མཛེས་སྡུག་ཡིད་དུ་འོང་བ་ཞིག་རེད།
            ཚལ་སྣེ་ཤང་ཚལ་སྣེ་ཚོ་ཆུང་དང་པོའི་གྲོང་མི་བདེ་སྐྱིད་རྣམ་པར་བཀྲ་བའི་མེ་ཏོག་གི་མདུན་དུ་ལངས་ནས་ཡོད་པ་དང་།  ལག་པ་གཅིག་ལ་རས་ཁུག་དམར་པོ་ཞིག་བཟུང་ཡོད་ལ། ལག་པ་གཅིག་གིས་མེ་ཏོག་གི་གཞུང་རྟ་བཙིར་ནས་འདུག   དལ་མོར་བཅུས་ཚེ་སེར་ལ་མཉེན་པའི་མེ་ཏོག་ལུག་མིག་ཁུག་མའི་ནང་དུ་ལྷུང་འགྲོ།   མོས་བརྗོད་དོན།  དེང་སྐབས་གནམ་གཤིས་ལེགས་པ་དང་བསྟུན་ནས།  མེ་ཏོག་མྱུར་དུ་བཏུ་དགོས།   དེ་ནས་ལུག་མིག་ཇ་སོགས་དྭགས་གཙང་གི་གནས་འདིའི་ཐོན་རྫས་གཙང་མ་ལས་སྣོན་དང་བཟོ་སྐྲུན་བྱས་ཆོག་ཅེས་ཟེར།
            ཐག་མི་རིང་བའི་ས་ན།  ཨ་མྱེས་བདག་དམ་བྱེད་བཞིན་པའི་ཀོ་ཤ་དང་རྒུན་འབྲུམ་འདེབས་སའི་དྲོད་ཁང་ཡོད།   ཕུལ་དུ་བྱུང་བའི་དྲོད་ཁང་ཆེན་པོའི་བདག་དམ་ལ་བརྟེན་ནས།  ཨ་མྱེ་ནི་ལྷ་ས་གྲོང་ཁྱེར་2019ལོའི་ཀྲུང་གོའི་ཞིང་པའི་ལོ་ལེགས་དུས་ཆེན་གྱི་རྟེན་འབྲེལ་བྱེད་སྒོའི་སྟེང་ཆུ་ཤུར་རྫོང་ཕུལ་བྱུང་གི་དཔེ་གསར་ཆེད་ལས་ཞིང་འབྲོག་པ་བཅུ་ཡི་གྲས་སུ་བདམས་ཐོན་བྱུང་ཡོད།  ཁོང་གིས་གསར་འགོད་པར་བརྗོད་དོན།  ད་ལོར་ཁོང་གིས་བདག་དམ་བྱས་པའི་ཀོ་ཤ་དང་རྒུན་འབྲུམ་གྱི་དྲོད་ཁང་གི་ཐོན་ཚད་ཧ་ཅང་བཟང་བ་སྟེ། “དྲོད་ཁང་གཅིག་གི་ཀོ་ཤའི་ཐོན་ཚད་རྒྱ་མ་1200ལ་སླེབས་ཡོད་ལ།  ན་ནིང་ལས་20%འཕར་ཡོད་པ་དང་།  རྒུན་འབྲུམ་ཐོན་ཚད་30%འཕར་ཡོད་པས།  ད་ལོ་ཡང་ལོ་ལེགས་བྱུང་བའི་ལོ་ཞིག་རེད།”ཅེས་ཟེར། 
ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་ཚལ་སྣེ་གླིང་གི་Bཁུལ་དུ་འདེབས་འཛུགས་བྱས་པའི་ལུག་མིག་མེ་ཏོག
བདེ་སྐྱིད་ཀྱིས་ལུག་མིག་མེ་ཏོག་འཐུ་བ།
ཕུལ་བྱུང་སྔོ་ཚལ་འདེབས་འཛུགས་སྣེ་ཁྲིད་པའི་གཟེངས་བསྟོད་ཐོབ་པའི་གཡང་འཛོམས(གཡས)དང་མོའི་ཁྱོ་ག་ཧྥིན་ལི།
            དེ་དང་མཆུངས་པར་ད་དུང་ལོ་ལེགས་དུས་ཆེན་གྱི་རྟེན་འབྲེལ་བྱེད་སྒོའི་སྟེང་གཟེངས་བསྟོད་ཐོབ་པ་ནི་ཕུལ་བྱུང་སྔོ་ཚལ་འདེབས་འཛུགས་སྣེ་ཁྲིད་པ་དང་ཆུ་ཤུར་རྫོང་ཆུ་ཤུར་གྲོང་རྡལ་ཆུ་ཤུར་གྲོང་ཚོའི་ཚོ་ཆུང་2པའི་གྲོང་མི་གཡང་འཛོམས་རེད།   མོ་དང་མོའི་རྒྱ་རིགས་ཁྱོ་ག་ཧྥིན་ལི་ཡིས་2020ལོ་ནས་བཟུང་རང་ཁྱིམ་གྱི་ས་ཞིང་སྟེང་སྔོ་ཚལ་འདེབས་འཛུགས་བྱས་པ་རེད། 
            དེང་སྐབས་ས་ཞིང་མུའུ་8དང་འདེབས་ཁང་15ཡི་ནང་དུ་འདེབས་འཛུགས་བྱས་པའི་ཞོག་ཁོག་དམར་པོ་སོགས་སྔོ་ཚལ་དང་ཤིང་ཏོག་གི་རིགས་ཉེ་འཁོར་གྱི་ཤང་དང་གྲོང་ཚོ་ལ་བཙོང་བ་མ་ཟད།  ད་དུང་ལྷ་ས་སོགས་ལ་བཙོང་བཞིན་ཡོད།   ཧྥིན་ལི་ཡིས་བརྗོད་དོན།  ཐོག་དང་པོར་སྔོ་ཚལ་འདེབས་འཛུགས་བྱེད་སྐབས།  མིག་ཆུ་ག་ཚོད་ལྷུང་མྱོང་བ་བརྗོད་མི་ཤེས། |“ཐོག་མར་མ་དངུལ་ཕལ་ཆེར་སྒོར་ཁྲི་12བཏང་བ་དང་།  ས་ཞིང་མུའུ་3དང་འདེབས་ཁང་5ལ་བཏབ་རུང་སྔོ་ཚལ་སྐྱེས་མི་ཐུབ།”ས་གནས་འདིའི་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཁག་གི་རོགས་སྐྱོར་ལ་བརྟེན་ནས།  གཡང་འཛོམས་དང་ཧྥིན་ལི་གཉིས་སྔོ་ཚལ་འདེབས་འཛུགས་གསབ་སྦྱོང་ལ་ཞུགས་ནས་ལག་རྩལ་ཆུ་ཚད་གོང་མཐོར་བཏང་བས།   སྔོ་ཚལ་འདེབས་འཛུགས་བྱེད་པའི་འགག་རྩའི་ཐབས་རྩལ་མགྱོགས་མྱུར་ངང་རྟོགས་སོང་། “ད་ནས་བཟུང་ལ་ཕུག་འདེབས་སར་ལ་ཕུག་ལྡུམ་བུར་འཁྲུལ་ནས་འབལ་མི་སྲིད།”ཅེས་ཟེར། 
            དེང་སྐབས་གཡང་འཛོམས་ཚང་གིས་སྔོ་ཚལ་འདེབས་འཛུགས་ལ་བརྟེན་ནས་ལོ་རེར་ཡོང་འབབ་སྒོར་ཁྲི་10ལེན་བཞིན་ཡོད་པ་དང་།  ད་ལོར་ཁོ་ཚོས་ཡོང་འབབ་ཕལ་ཆེར་སྒོར་ཁྲི་15ལོན་པར་ཚོད་དཔག་བྱེད་བཞིན་ཡོད། “ང་ཚོའི་ད་ལྟའི་འདེབས་ཁང་ཚང་མ་གྲང་མོ་ཡིན་ལ།  ལག་ཏུ་སྒོར་མོ་ཅུང་ཙམ་ཡོད་རྗེས་འདེབས་ཁང་འདི་རིམ་གྱིས་དྲོད་ཁང་ལ་བསྒྱུར་རྒྱུ་ཡིན།” ཞེས་ཟེར།
            ལྷ་ས་གྲོང་ཁྱེར་2019ལོའི་ཀྲུང་གོའི་ཞིང་པའི་ལོ་ལེགས་དུས་ཆེན་གྱི་རྟེན་འབྲེལ་བྱེད་སྒོའི་ཡུལ་དངོས་སུ།  ཆུ་ཤུར་རྫོང་ཚྭ་པ་ནང་གྲོང་ཚོའི་རིག་རྩལ་རུ་ཁག་གིས་འཁྲབ་སྟོན་གནང་བའི《དབུལ་སྒྲོལ་ཐར་ལམ》ཞེས་པའི་སྒོར་གཞས།  པར་གྱི་གཡས་ཕྱོགས་ཀྱི་མི་དེ་དགུང་ལོ་74སོན་པའི་རྒན་པོ་རྒྱ་མཚོ་རེད།
            ལོ་ལེགས་བྱུང་བའི་དགའ་མགུའི་རྣམ་པ་མི་རྣམས་ཀྱི་གདོང་ནས་གསལ་ལེར་མངོན་ཡོད་ལ།  དགའ་སྤྲོ་དེ་བྱེད་སྒོའི་ཡུལ་དངོས་ཀྱི་སྤྲོ་སྐྱིད་ལྡན་པའི་གཞས་དང་ཞབས་བྲོར་གྱུར།   ཆུ་ཤུར་རྫོང་གྲོང་ཚོ་སོ་སོའི་རིག་རྩལ་རུ་ཁག་དང་ཆུ་ཤུར་རྫོང་དམངས་ཁྲོད་སྒྱུ་རྩལ་བས་བསྐྱལ་ཡོང་བའི་རིག་རྩལ་ད་དུང་མུ་མཐུད་ནས་འཁྲབ་བཞིན་ཡོད།  《སྟོན་ཀའི་ཡུལ་ལྗོངས》དང《ལོ་ལེགས་རྟེན་འབྲེལ》《སྤྲོ་སྐྱིད་ལྡན་པའི་ལོ་ལེགས་དུས་སྟོན།》སོགས་གཞས་དང་ཞབས་བྲོ་རེ་རེས་ཞིང་འབྲོག་པའི་སེམས་ཀྱི་ལོ་ལེགས་ཀྱི་དགའ་བ་དང་སྤྲོ་སྐྱིད་མཚོན་ཐུབ།
            ཆུ་ཤུར་རྫོང་ཚྭ་པ་ནང་གྲོང་ཚོའི་རིག་རྩལ་རུ་ཁག་གིས་འཁྲབ་པའི་སྒོར་གཞས《དབུལ་སྒྲོལ་ཐར་ལམ》ཞེས་པའི་ཁྲོད་དུ།   ནས་བསྙལ་ནས་བཟོས་པའི་ནས་ཆང་མངར་མོ་ཡོད་ལ།  གྲོང་མི་ཚང་མ་སྒོར་སྒོར་གཅིག་ཏུ་འདུས་ནས་སྐོར་བྲོ་འཁྲབ་པ་དང་།  མཉམ་དུ་ནས་ཆང་གི་བྲོ་བ་མྱངས།   འཁྲབ་སྟོན་པའི་ཁྲོད་ནས་རྒན་པོ་གཉིས་ལ་གསར་འགོད་པས་དོ་སྣང་མཛད།   དབུ་སྐྲ་དུང་ལྟར་དཀར་ཞིང་གོམ་འགྲོས་དལ་རུང་།   རྒན་པོ་གཉིས་ཀྱིས་གར་སྟེགས་སུ་འཁྲབ་སྟོན་བྱེད་སྐབས་ལྟད་མོ་བ་རྣམས་ཀྱི་ཡིད་དབང་འཕྲོག་ཐུབ།
            འཁྲབ་སྟོན་མཇུག་རྫོགས་རྗེས།  གསར་འགོད་པས་རྒན་པོ་དེ་གཉིས་ནི་ཚྭ་པ་ནང་གྲོང་ཚོའི་གྲོང་མི་ཡིན་པ་དང་དེ་རིང་ཆེད་དུ་འཁྲབ་སྟོན་ལ་གདན་འདྲེན་བྱས་པའི་འཁྲབ་སྟོན་པ་ཡིན་པ་ཤེས་རྟོགས་བྱུང་།   དགུང་ལོ་74ལ་སོན་པའི་རྒྱ་མཚོ་དང་དགུང་ལོ་65ལ་སོན་པའི་རྟ་དགས་ཁོང་གཉིས་ཀྱིས་གར་སྟེགས་སུ་འཁྲབ་སྟོན་བྱེད་སྐབས་ཧ་ཅང་དགའ་སྤྲོ་ཆེན་པོ་སྐྱེས་ལ།  ལོ་འདི་འདྲའི་སྟེང་ད་དུང་གར་སྟེགས་སུ་བུད་དེ་ལེ་ཚན་འཁྲབ་སྟོན་བྱས་ནས་གཟིགས་མོ་བ་རྣམས་ལ་བསྟན་ཐུབ་པ་ནི་ཧ་ཅང་དགའ་འོས་པ་ཞིག་རེད་ཅེས་ཟེར། 
            ལེ་ཚན་འཁྲབ་སྟོན་བྱས་ནས་དགའ་སྤྲོ་སྐྱེས་པ་ལས་གཞན།   རྒན་པོ་རྒྱ་མཚོས་ནི་ད་དུང་རང་ཁྱིམ་གྱི་ས་ཞིང་མུའུ་15ལ་ལོ་ལེགས་བྱུང་བར་དགའ་སྤྲོ་སྐྱེས་བཞིན་ཡོད།   ཁོང་གིས་བརྗོད་དོན།  “ཁྱིམ་གྱི་ས་ཞིང་མུའུ་15ཡི་60%ཡན་ལ་ནས་བཏབ་པ་དང་།  དེའི་ལྷག་མར་གྲོ་དང་སྲན་མ་སོགས་བཏབ་པ་ཡིན།  ད་ལོའི་སྟོན་འབྲས་བཟང་།  ད་ལོ་ཡང་ལོ་ལེགས་བྱུང་བའི་ལོ་ཞིག་རེད།”ཅེས་ཟེར།   ལོ་ལེགས་བྱུང་བ་ནི་ཆུ་ཤུར་རྫོང་གི་ཞིང་པ་ཙམ་མ་ཡིན་པར།  ལྷ་ས་གྲོང་ཁྱེར་སྙེ་མོ་རྫོང་ཤུལ་སྨད་ཤང་ཤུལ་སྨད་གྲོང་ཚོའི་གྲོང་མི་རྣམས་ཀྱིས་ཀྱང་བྲེལ་འཚུབ་ངང་གྲ་སྒྲིག་བྱེད་བཞིན་ཡོད་ལ།  ཉིན་བཞི་ལྔ་ཙམ་འགོར་རྗེས།  ཤུལ་སྨད་གྲོང་ཚོའི་ལོ་འབྲེག་རྒྱུ་ཡིན་འདུག   གྲོང་མི་ཕུར་ལགས་ཀྱིས་གསར་འགོད་པར་བརྗོད་དོན།  ཁོ་ཚང་ལ་ས་ཞིང་མུའུ་12ཡོད་ལ།  ད་ལོར་ས་མུའུ་10ལ་ནས་བཏབ་པ་དང་།  མུའུ་2ལ་གྲོ་ལི་བཏབ་པ་ཡིན།  སྟོན་སྡུད་རྗེས་ནས་གྲོ་ལི་དང་ནས་ཅུང་ཙམ་བཙོངས་ན་ཕལ་ཆེར་རྐྱང་རྐྱང་སྒོར་ཁྲི་2ལོན་ཐུབ་ཟེར། 
            ད་ལོར་ལྷ་ས་གྲོང་ཁྱེར་གྱིས་“ཐོན་ནུས་བརྟན་པོ་དང་སྒྲིག་གཞི་ལེགས་སྒྲིག  རྣམ་པ་ལེགས་བསྒྱུར་དང་སྤུས་ཀ་ཇེ་མཐོར་གཏོང་བ”ཡི་ཧུར་བརྩོན་ཁ་ཕྱོགས་གཙོ་བོ་འབུར་དུ་བཏོད་ནས།  སྟོབས་ཤུགས་ཆེན་པོའི་སྒོ་ནས་འདེབས་འཛུགས་ལས་རིགས་ཀྱི་སྒྲིག་གཞི་ལེགས་སྒྲིག་ལ་སྐུལ་འདེད་གཏོང་བཞིན་ཡོད།   སྲོལ་རྒྱུན་གྱི་འབྲུ་རིགས་ལས་ནས་ས་མུའུ་ཁྲི་29.1འདེབས་པ་ལས་གཞན།  ད་དུང་དཔལ་འབྱོར་ལོ་ཏོག་དང་སྔོ་ཚལ་རིགས་སྣ་ཚོགས་འདེབས་པ་དང་།  2019ལོའི་དུས་ཚིགས་སྔ་མ་གསུམ་ལ་སྔོ་ཚལ་ཐོན་འབོར་ཕལ་ཆེར་ཏུན་ཁྲི་25ལ་སླེབས་སྲིད། 
            གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་པ་དང་ལྷན་དུ།  བོད་ལྗོངས་ཀྱི་ལོ་ལེགས་ནི་ཞིང་ཁ་ཙམ་མ་ཡིན་པར།  ད་དུང་དྲོད་ཁང་ཆེན་པོའི་ནང་དང་།   ལོ་ལེགས་བྱུང་བའི་ལོ་ཏོག་ཀྱང་ནས་ཀྱི་སྙེ་མ་ཙམ་མ་ཡིན་པར་ད་དུང་ཤིང་ཏོག་གི་དྲི་ཞིམ་ཡང་ལྡན་ཡོད།  གྲོང་གསེབ་དར་རྒྱས་དང་ཕྱུག་འགྱུར་གྱི་ལམ་བུའི་སྟེང་དུ་གྲོང་ཚོ་རེ་རེར་རང་ཉིད་ལ་དབང་བའི་ཁྱད་ཆོས་ལྡན་པའི་ལོ་ལེགས་ཤིག་ལྡན་ངེས་ཡིན།
北京赛车pk10玩法 北京赛车怎么玩 北京赛车pk10玩法 国民彩票开户 金榜彩票app下载 北京赛车怎么玩 北京11选5走势图 玖玖棋牌app 北京赛车pk10玩法 四川快乐12走势图