山东群英会选号技巧

ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། 山东群英会选号技巧ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

མི་སྟོང་ཕྲག་གིས་རང་ཉིད་ཀྱི་བྱེད་ཐབས་སྤྱད་དེ་མེས་རྒྱལ་ཡུམ་ཆེན་ལ་“སེམས་གཏམ”བརྗོད་པ་རེད།

སྤེལ་དུས 2019-09-25 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པདྨ་ཚེ་རིང་གིས་བསྒྱུར།
              ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70འཁོར་བ་བསུ་ཆེད། “ཐོག་མའི་བསམ་འདུན་མ་བརྗེད་པར། འགན་འཁྲི་ཡིད་ལ་བརྟན་པོ་འཆིང་”ཞེས་པ་དང་“ལང་ཚོའི་སེམས་པ་ཏང་ལ་ཕྱོགས། དུས་རབས་གསར་པར་བྱས་རྗེས་འཇོག”ཅེས་པའི་བརྗོད་དོན་སློབ་གསོའི་ཁོར་ཡུག་ལེགས་པོ་ཞིག་གཏོད་ཆེད། ཟླ་9པའི་ཚེས་24ཉིན་གྱི་སྔ་དྲོར་བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་གི་དགེ་སློབ་ཚོས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་ལེགས་སྐྱེས་ཕུལ་ཞིང་། “དགེ་སློབ་སྟོང་ཕྲག་གི་ལང་ཚོས་རླབས་ཆེན་མེས་རྒྱལ་ལ་སེམས་གཏམ་བཤད”ཅེས་པའི་བརྗོད་དོན་ཉིན་མོའི་བྱེད་སྒོ་སྤེལ་བ་རེད།

              རྒྱལ་སྟོན་དུས་ཆེན་ཐོན་ལ་ཉེ་བའི་དུས་འདིར་བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་དུ་གང་སར་རྒྱལ་དར་བཀལ་ནས་ཁེངས་པ་དང་། བོད་རིགས་ཀྱི་རྒྱན་གོས་གྱོན་པའི་དགེ་རྒན་ལྷ་མོ་ལགས་གོམ་ཁ་དལ་མོས་བརྙན་ཤེལ་ཆེན་པོའི་མདུན་དུ་བསྐྱོད་དེ་ལྷབ་ལྷུབ་དུ་གཡོ་བའི་སྐར་ལྔའི་དར་དམར་ལ་ལྟ་བཞིན་མོས་དབང་མེད་དུ་“སྐར་ལྔའི་དར་དམར་རླུང་དུ་བསྐྱོན་ནས་ལྷབ་ལྷུབ་ཏུ་གཡོ། རྒྱལ་ཁའི་གླུ་དབྱངས་ཅི་འདྲའི་སྐད་གསང་མཐོ་བ་ལ……”ཞེས་པའི་གླུ་དབྱངས་དེ་བླངས་སོང་། ངར་སེམས་དང་ཡིད་འགུག་ནུས་པ་ཆེས་ཆེར་མངའ་བའི་གླུ་སྐད་དེས་དེ་མ་ཐག་ཏུ་ཐང་ཆེན་ཐོག་གི་མི་ཚོགས་ཀྱི་ཡིད་དབང་ཅིག་ཅར་དུ་འཕྲོགས། 《མེས་རྒྱལ་ལ་གླུ་དབྱངས་ལེན》ཞེས་པའི་གཞས་གྲགས་ཅན་དེས་སློབ་གྲྭའི་དགེ་སློབ་གཅིག་ཏུ་སྒྲིལ་ནས་སེམས་གཏམ་བརྗོད་པའི་ཚིག་ཕྲེང་དེ་བཀྲག་མདངས་འཚེར་བའི་འཕྲེད་འགེལ་སྦྱར་ཚིག་ཏུ་བྱས་ནས་སློབ་ཁྲིད་ཐོག་ཁང་ནས་མར་དཔྱངས་འདུག ལག་ལ་རྒྱལ་དར་ཆུང་ཆུང་ཐོགས་པའི་སློབ་གྲོགས་ཚོས་སློབ་ཁྲིད་ཐོག་ཁང་གི་སྒེའུ་ཁུང་ནས་མགོ་བོ་ཡར་བཀྱགས་ནས་ལག་ཏུ་གཡུག་བཞིན་པའི་རྒྱལ་དར་གྱིས་ཐང་ཆེན་གྱི་གླུ་སྐད་ལ་མདངས་ལྡན་པར་བྱས་ཤིང་། སྐད་གསང་མཐོན་པའི་གླུ་སྐད་དེ་སློབ་ར་ཡོངས་སུ་ཁྱབ་པ་དང་།  དམར་མདངས་བཀྲ་བའི་རྒྱལ་དར་“དམར་པོའི”སློབ་ར་ཡོངས་སུ་ཁྱབ་པ་རེད། དེ་དང་ཆབས་ཅིག་སློབ་གྲྭའི་ལྗང་མདོག་ར་བའི་ཐོག་དམག་སྦྱོང་བྱེད་བཞིན་པའི་སློབ་མ་གསར་བ་རྣམས་ཀྱིས་ཀྱང་རྒྱལ་དར་དང་ཏང་རྟགས། “70”་ཅན་གྱི་དཔེ་རིས་རིམ་པ་བཞིན་དུ་བརྗེ་བ་དང་། རུ་དཔུང་གི་ལོགས་སུ་ཡོད་པའི་རྒྱལ་དར་སྲུང་སྐྱོབ་རུ་ཁག་གིས་རྒྱལ་དར་ཆེན་པོ་བསྒྲིགས་ཤིང་། “དམག་མི་རྣམས”ཀྱིས་སྟོབས་ཤུགས་ཀྱིས་ཁེངས་བཞིན་གྲལ་འགྲིགས་པའི་རུ་བསྟར་བསྒྲིགས་ཏེ་མེས་རྒྱལ་ལ་བཅངས་པའི་སྨོན་འདུན་ཟོལ་མེད་མཚོན་པར་བྱས་ཡོད།

              བྱེད་སྒོ་ཆེན་པོ་དེ་མཇུག་རྫོགས་རྗེས། བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་གི་ཏང་ཨུའི་ཨུ་ཡོན་དང་སློབ་གཙོ་གཞོན་པ་བསོད་ནམས་དངོས་གྲུབ་ཀྱིས་གྲོས་གཞི་འདོན་རྒྱུ། “དེ་རིང་ང་ཚོ་མཉམ་དུ་འཛོམས་ནས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་ཐུན་མོང་ཐོག་རྟེན་འབྲེལ་ཞུ་པ་དང་། རྒྱལ་ཡོངས་སྤྲོ་སེམས་རབ་ཏུ་འཁོལ་བཞིན་ཚང་མ་དགའ་བའི་དུས་སྟོན་འདི་ལ་ངས་ང་ཚོའི་རླབས་ཆེན་གྱི་མེས་རྒྱལ་ལ་‘སེམས་གཏམ་བརྗོད་པའི’གྲོས་འགོ་འདོན་རྒྱུ་ཡིན་ཅེས་གསུངས་པ་རེད། དེའི་རྗེས་སུ་སློབ་གླིང་གི་གུང་གཞོན་ཚོགས་པའི་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཧོ་ཅན་ཧྥུང་གིས་དགེ་སློབ་ཚོའི་སྣེ་ཁྲིད་ནས་“སེམས་གཏམ་བརྗོད་པའི”དམ་བཅའ་འཇོག་རྒྱུ་ཡིན། དམ་བཅའི་ནང་དོན་ནི་“ངས་མེས་རྒྱལ་ལ་བློ་དཀར་སེམས་དཀར་བྱ་རྒྱུའི་ཆོད་སེམས་བཅངས་ནས་མེས་རྒྱལ་ལ་དགའ་ཞེན་དང་། རང་ཉིད་ཀྱི་བྱ་སྤྱོད་ལ་བརྟེན་ནས་མེས་རྒྱལ་ལ་དྲིན་ལན་འཇལ་བ། ལང་ཚོའི་སེམས་པ་ཏང་ལ་ཕྱོགས་པ། དུས་རབས་གསར་པར་བྱས་རྗེས་འཇོག་པ། མེས་རྒྱལ་ཡུམ་ཆེན་གྱི་སྐྱེས་སྐར་ལ་རྟེན་འབྲེལ་ཞུ་བ། ཀྲུང་གོ་ལགས་ང་རང་ཁྱོད་ལ་དགའ”ཞེས་སྤེལ་བ་རེད།



              ཤེས་ལྡན་པར་འགྱུར་ཡང་གཞོན་པའི་བློ་སྟོབས་ཟད་མི་འགྲོ། །རྒྱལ་ཁབ་ལ་དྲིན་ལན་འཇལ་ནས་ལྷག་སེམས་རྣམ་དག་བྱེད། ། བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་གི་སློབ་མ་རྣམས་ཀྱིས་རྒྱལ་དར་གྱི་འོད་མདངས་འོག་ཉི་གཞོན་འོད་སྟོང་འཕྲོ་བའི་ཁྲོད་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཁྲིད་སྟོན་འོག་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་ལེགས་སྐྱེས་འབུལ་རྒྱུ་དང་ལང་ཚོ་ལ་བརྟེན་ནས་མེས་རྒྱལ་གྱི་མཛེས་སྡུག་ལྡན་པའི་མ་འོངས་བསྐྲུན་རྒྱུའི་སེམས་ཐག་བཅད་པ་རེད།
新疆喜乐彩走势图 北京赛车怎么玩 北京赛车pk10赔率最高的平台 山西11选5走势图 新疆喜乐彩 北京赛车怎么玩 澳洲幸运10开奖结果 盛源彩票注册 智慧彩票投注注册 河北快3代理