山东群英会选号技巧

ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། 山东群英会选号技巧ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

ཟླ་12ནས་ལག་འཁྱེར་མེད་ཚེ། གློག་སྒུལ་སྦག་སྦག་གཏོང་ཆོག་གི་མི་འདུག

སྤེལ་དུས 2019-10-30 ཡོང་ཁུངས། བོད་ལྗོངས་ཉིན་ཚགས། རྩོམ་པ་པོ།
          མ་གཞི་གློག་སྒུལ་སྦག་སྦག་གིས་མི་སེར་ཚོའི་འགྲོ་འོང་ལ་སྟབས་བདེ་བསྐྲུན་མོད། འོན་ཀྱང་ཁྲིམས་མཐུན་དང་ནུས་ལྡན་གྱི་དོ་དམ་བྱེད་ཁོངས་སུ་བཅུག་མེད་སྟབས། དོན་དངོས་ཐོག་དེས་སྤྱི་ཚོགས་ལ་གནོད་འཚེ་ཚབས་ཆེན་བཟོ་ཡི་ཡོད།
          ད་ཆ་གནད་དོན་དེར་དམིགས་ཏེ་རང་ལྗོངས་ཀྱིས་ཟླ་12ཚེས་1ཉིན་ནས་བཟུང《བོད་རང་སྐྱོང་ལྗོངས་ཀྱི་གློག་སྒུལ་སྦག་སྦག་གི་དོ་དམ་བྱ་ཐབས》དངོས་སུ་ལག་བསྟར་བྱ་རྒྱུ་རེད། 
          ▲ གློག་སྒུལ་སྦག་སྦག་ལ་ཐོ་འགོད་ལམ་ལུགས་ལག་བསྟར་བྱ་རྒྱུ།
          རང་སྐྱོང་ལྗོངས་ཀྱིས་གློག་སྒུལ་སྦག་སྦག་ལ་ཐོ་འགོད་ལམ་ལུགས་ལག་བསྟར་བྱ་རྒྱུ་ཡིན་ཞིང་། འཛད་སྤྱོད་པས་ངེས་པར་དུ་གློག་སྒུལ་སྦག་སྦག་ཉོས་པའི་ཉིན་དེ་ནས་བརྩིས་པའི་ཉིན་30ཡི་ནང་ཚུན་དུ་སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་དོ་དམ་སྡེ་ཚན་ལ་ཐོ་འགོད་རེ་ཞུ་བྱེད་དགོས།
          སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་དོ་དམ་སྡེ་ཚན་གྱིས་གློག་སྒུལ་སྦག་སྦག་གི་ཐོ་འགོད་རེ་ཞུ་དང་ལེན་བྱས་རྗེས། ས་གནས་ས་ཐོག་ནས་དཔྱད་ཞིབ་དང་། གློག་སྒུལ་སྦག་སྦག་ལ་ཞིབ་བཤེར་བྱས་ཏེ་ཆ་རྐྱེན་འཛོམས་མཁན་ལ་དེ་ག་རང་ནས་ཐོ་འགོད་འགྲོ་ལུགས་གཉེར་བ་མ་ཟད། ཉིན་དེ་རང་ལ་གློག་སྒུལ་སྦག་སྦག་གི་འཁོར་བྱང་དང་འགྲོ་སྐྱོད་ལག་འཁྱེར་སྤྲོད་རྒྱུ་རེད།
          ▲ གློག་སྒུལ་སྦག་སྦག་འགྲོ་ལམ་ཐོག་ཇི་ལྟར་སྐྱོད་དགོས་སམ།
          གློག་སྒུལ་སྦག་སྦག་གི་སྐོར་སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་དོ་དམ་སྡེ་ཚན་དུ་ཐོ་བཀོད་ཅིང་། འཁོར་བྱང་དང་འགྲོ་སྐྱོད་ལག་འཁྱེར་རག་རྗེས་གཞི་ནས་འགྲོ་ལམ་ཐོག་སྐྱོད་ཆོག་གི་ཡོད། ཐོ་འགོད་མ་བྱས་པའི་གློག་སྒུལ་སྦག་སྦག་རིགས་འགྲོ་ལམ་ཐོག་སྐྱོད་ཆོག་གི་མེད་ལ། གློག་སྒུལ་སྦག་སྦག་གིས་འགྲུལ་པ་སྐྱེལ་འདྲེན་ཡང་བྱེད་ཆོག་གི་མེད།
          འཕྲུལ་སྒུལ་འཁོར་ལམ་དང་འཕྲུལ་སྒུལ་མིན་པའི་འཁོར་ལམ་དབྱེ་བ་ཕྱེ་ཡོད་པའི་ལམ་དུ་གློག་སྒུལ་སྦག་སྦག་ངེས་པར་དུ་འཕྲུལ་སྒུལ་མིན་པའི་འཁོར་ལམ་ཐོག་སྐྱོད་དགོས། འཕྲུལ་སྒུལ་འཁོར་ལམ་དང་འཕྲུལ་སྒུལ་མིན་པའི་འཁོར་ལམ་དབྱེ་མེད་པའི་ལམ་དུ་གློག་སྒུལ་སྦག་སྦག་གཡས་ངོས་ནས་སྐྱོད་དགོས་པ་ལས་ལྡོག་ཕྱོགས་སུ་སྐྱོད་པའམ་ཡང་ན་མི་འགྲུལ་ལམ་དུ་སྐྱོད་མི་རུང་།
          འགྲིམ་འགྲུལ་གློག་བརྡ་བསྒར་བའི་ལམ་མདོ་ཁར་གློག་སྒུལ་སྦག་སྦག་སྐྱོད་སྐབས་ངེས་པར་དུ་འབྲེལ་ཡོད་གཏན་འབེབས་ལྟར་སྐྱོད་དགོས།

          ▲ གཏན་འབེབས་ལས་འགལ་ཚེ་ཆད་པ་ཇི་ལྟར་སྤྱོད་རྒྱུ་ཡིན་ནམ།
          གློག་སྒུལ་སྦག་སྦག་བཏང་སྟེ་འགྲོ་ལམ་ཐོག་སྐྱོད་སྐབས་བྱེད་སྤྱོད་འདི་རིགས་ནས་གཅིག་ཐོན་པ་དང་། གནས་ཚུལ་ཚབས་ཅུང་ཆུང་བ། འགྲོ་ལམ་ཤར་གཏོང་ཐད་ཤུགས་རྐྱེན་བཟོས་མེད་ཚེ། སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་དོ་དམ་སྡེ་ཚན་གྱིས་ཁྲིམས་འགལ་བྱེད་སྤྱོད་ལ་བརྩིས་ཏེ་ངག་ཐོག་ནས་ཉེན་བརྡ་གཏོང་བ་དང་འབྲེལ་ཡོ་བསྲང་བྱ་རྒྱུའི་བཀའ་གཏོང་རྒྱུ་དང་། གནས་ཚུལ་ཚབས་ཆེ་རིགས་ལ་ཉེས་ཆད་སྒོར་50གཏོང་རྒྱུ་ཡིན་པ་སྟེ།
          (གཅིག) རྒྱལ་ཁབ་ཀྱི་བཙན་སྐུལ་རང་བཞིན་གྱི་ཐོན་རྫས་བདེན་དཔང་ལག་འཁྱེར་མེད་རིགས་ཀྱི་གློག་སྒུལ་སྦག་སྦག་གཏོང་མཁན་དང་།
          (གཉིས) གློག་སྒུལ་སྦག་སྦག་གི་དངོས་ཡོད་དཔྱད་གྲངས་དང་ཐོན་རྫས་ཚད་མཐུན་དཔང་ཡིག་གི་དཔྱད་གྲངས་གཉིས་མི་མཐུན་པའི་རིགས་གཏོང་མཁན།
          (གསུམ) གློག་སྒུལ་སྦག་སྦག་ལ་འཁོར་བྱང་བསྒར་མེད་པའམ་ཡང་ན་གཏན་འབེབས་ལྟར་བསྒར་མེད་མཁན།
          (བཞི )གློག་སྒུལ་སྦག་སྦག་གི་འཁོར་བྱང་རྐང་བཙུགས་ནས་འགེབས་པ་དང་། བཙོག་པ་བཟོ་བ། འབྲི་སུབ་གཏོང་བ་བཅས་བྱེད་མཁན།
          (ལྔ) གློག་སྒུལ་སྦག་སྦག་གི་འཁོར་བྱང་དང་འགྲོ་སྐྱོད་ལག་འཁྱེར་རྫུན་བཟོ་བྱེད་མཁན།
          (དྲུག)གཞན་གྱི་གློག་སྒུལ་སྦག་སྦག་གི་འཁོར་བྱང་དང་འགྲོ་སྐྱོད་ལག་འཁྱེར་སྤྱོད་མཁན་བཅས་ཡིན།
          གློག་སྒུལ་སྦག་སྦག་བཏང་སྟེ་འགྲོ་སྐྱོད་བྱེད་སྐབས་བྱེད་སྤྱོད་འདི་རིགས་ནས་གཅིག་ཐོན་ཚེ། སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་དོ་དམ་སྡེ་ཚན་གྱིས་གློག་སྒུལ་སྦག་སྦག་གནས་སྐབས་རིང་ཕྲོགས་ཏེ་སྐྱོན་བརྗོད་སློབ་གསོ་གཏོང་རྒྱུ་དང་། ཉེས་ཆད་སྒོར་200གཏོང་རྒྱུ། གལ་ཏེ་ཉེས་གསོག་གི་ཚད་གཞིར་སླེབས་ཚེ་ཁྲིམས་བཞིན་ཉེས་དོན་འགན་འཁྲི་བདའ་འདེད་གཏོང་རྒྱུ་ཡིན་པ་སྟེ།
          (གཅིག) ཆང་བཏུངས་འཁོར་གཏོང་བྱེད་མཁན་དང་།
          (གཉིས) མྱུར་བགྲོད་གཞུང་ལམ་ཐོག་སྐྱོད་མཁན།
          (གསུམ) གློག་སྒུལ་སྦག་སྦག་བཏང་སྟེ་འགྲིམ་འགྲུལ་ལས་འཛོལ་ཐོན་རྗེས་བྲོས་མཁན། གློག་སྒུལ་སྦག་སྦག་བཏང་སྟེ་འགྲིམ་འགྲུལ་ལས་འཛོལ་བཟོས་ཏེ་མི་སྣ་དང་། རླངས་འཁོར། དེ་བཞིན་རྒྱུ་ནོར་ལ་གྱོང་གུན་ཚབས་ཆེན་བཟོ་རིགས་ལ་ཆ་མཚོན་ན་འགྲིམ་འགྲུལ་ལས་འཛོལ་གྱི་འགན་འཁྲིའི་གཏན་འབེབས་གཞིར་བཟུང་ཁྲིམས་བཞིན་སྐྱིན་ཚབ་འཇལ་རྒྱུའི་འགན་དཀྲི་རྒྱུ་བཅས་ཡིན།
རྩོམ་སྒྲིག་པ། བདེ་སྒྲོལ།
江西11选5 智慧彩票投注开户 安徽快3走势 红牛彩票投注 左右棋牌 海南4+1走势图 500万彩票 河北11选5 北京两步彩 吉林快3开奖