山东群英会选号技巧

ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > 山东群英会选号技巧གསར་འགྱུར་མེ་ལོང་།

ཉིན་ཞག་100ཡི་དཀའ་སྤྱད་འབད་བརྩོན་བརྒྱུད་དེ། སྔོན་དཔག་ལྟར་ན་2020ལོའི་ལོ་མཇུག་ཏུ་ལྷ་ཉིང་ལྕགས་ལམ་འགྲུབ་ནས་ཤར་གཏོང་ཐུབ་ངེས་རེད།

སྤེལ་དུས 2019-10-31 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། འབྲུག་རྒྱལ་མཁར་གྱིས་བསྒྱུར།
             ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཉེ་ཆར། སྟོན་དུས་ཀྱི་བོད་ལྗོངས་ས་ཁུལ་གྱི་དྲོད་ཚད་དམའ་ཤོས་ཧྲེ་ཧྲི་ཏུའུ་2བར་མར་ཆག་ཡོད། ཆར་བ་སིམ་སིམ་ཞིག་བབས་རྗེས། རི་རྩེའི་གངས་དཀར་གསལ་བོར་མཐོང་ཐུབ་ལ། ལྷ་སའི་ཆུ་ཤུར་གྱི་ལྕགས་སྒྲོམ་བཏིང་སྒར་ས་ཆེན་མོ་ནས་ལམ་ཐོག་ཏུ་བསྐྱོད་སྐབས། རླངས་འཁོར་གྱི་སྒེའུ་ཁུང་ཕྱི་རོལ་གྱི་ཟམ་ཆེན་རེ་རེ་ནི་ཡར་ཀླུང་གཙང་པོའི་སྟེང་འཕྲེད་དུ་གནས་ཡོད་ཅིང་།   མཁའ་དབྱིངས་ནས་མར་བལྟས་ན།  དེ་ནི་ངར་ལྕགས་ཀྱི་གཡུ་འབྲུག་ཆེན་མོ་ཞིག་དང་འདྲ་བར་རྔམ་ཞིང་བརྗིད་པ་ཞིག་རེད།
             དཀའ་ངལ་མང་པོ་ཁྱད་དུ་བསད་དེ། ཟམ་པ་བསྐྲུན་པའི་ལས་དོན་བདེ་འཇགས་དང་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བ། 
             ཤེས་རྟོགས་བྱུང་བར་གཞིགས་ན།  མིག་སྔར་ལྷ་ཉིང་ལྕགས་ལམ་གྱི་སྒྲོམ་འདིང་ལས་དོན་དེ་ལྷོ་ཁ་གྲོང་ཁྱེར་ཟངས་རི་རྫོང་ཁོངས་ཀྱི་མིང་ཙེ་ཟམ་ཆེན་བར་དུ་འབྱོར་ཡོད། ཟམ་པ་དེའི་སྤྱིའི་རིང་ཚད་ལ་སྨི་3376དང་།  ཟམ་མིག་101བསྐྲུན་དགོས།  དེ་ལས་ཟམ་མིག་44ནི་ཡར་ཀླུང་གཙང་པོ་བརྒལ་དགོས་པ་དང་། ཟམ་གདུང་མཐོ་ཤོས་ལ་སྨི་16.5ཡོད་ལ།  བཏིང་བའི་ལྕགས་ལམ་གྱི་རིང་ཚད་ལ་ཧ་ལམ་སྤྱི་ལེ་3.4ཡོད། སྒྲོམ་འདིང་བཟོ་སྐྲུན་གྱི་བརྒྱུད་རིམ་ཧྲིལ་པོའི་ནང་། ཀྲུང་གོ་ལྕགས་ལམ་ཅུས་བཅུ་གཅིག་ཚོགས་པའི་ལས་གྲྭ་ཚད་ཡོད་ཀུང་སི་གསུམ་པའི་ལྷ་ཉིང་ལྕགས་ལམ་རྣམ་གྲངས་པུའུ་ཡི་སྒྲོམ་འདིང་རུ་ཁག་གཉིས་པས་(གཤམ་དུ་“ལྷ་ཉིང་རྣམ་གྲངས་ཀྱི་སྒྲོམ་འདིང་རུ་ཁག་གཉིས་པ”ཞེས་བསྡུ་རྒྱུ)ལས་ཡུན་ཐུང་ལ་ལས་འགན་ལྕི་བའི་གནོན་ཤུགས་ཆེན་པོའི་འོག ཐག་རིང་ལ་རྒྱ་ཆེ་བའི་བར་ཁོངས་ཀྱི་ཟམ་པའི་སྐྱེལ་འདྲེན་གྱི་བར་ཐག་རིང་བ་དང་། ཁ་ཕྱོགས་རྐྱང་པར་ཟམ་མིག་947བསྟུད་མར་བསྐྲུན་པ་བཅས་ཀྱིས་སྒྲོམ་འདིང་མྱུར་ཚད་ཀྱི་ཤུགས་རྐྱེན་དང་རླུང་ཆེན་གནམ་གཤིས་ཀྱིས་གདུང་འདེགས་བདེ་འཇགས་ལ་ཐེབས་པའི་ཤུགས་རྐྱེན་(རླུང་ཤུགས་ཆེ་ཤོས་རིམ་པ་9བར་སླེབས་ཐུབ)སོགས་ཀྱི་དཀའ་ངལ་ཁྱད་དུ་བསད་པ་རེད། 
             ལྷ་ཉིང་རྣམ་གྲངས་ཀྱི་སྒྲོམ་འདིང་རུ་ཁག་གཉིས་པས་འགན་འཁུར་བའི་ཁྲོན་བོད་ལྕགས་ལམ་ཀྱི་ལྷ་སའི་དུམ་མཚམས་ནས་ཉིང་ཁྲིའི་དུམ་མཚམས་བར་གྱི་སྒྲོམ་འདིང་ལས་འགན་དེ། 2017ལོའི་ཟླ་10པར་འགོ་ཚུགས་ཤིང་། ས་མཐོར་སྐྱོད་དེ་ཉིན་ལྟར་ཚ་ཚ་འུར་འུར་ངང་ཨར་ལས་བྱེད་པ་དང་། བསྐལ་ལ་རི་བོ་ནས་ཡར་ཀླུང་གཙང་པོ་བརྒྱུད་དེ་ཀྱག་ཀྱོག་ངང་མདུན་དུ་བསྐྱོད། ཆེས་མཐའ་མའི་ལས་འགན་བདེ་འཇགས་དང་གོ་རིམ་ལྡན་པའི་ངང་ལེགས་འགྲུབ་འབྱུང་བར་ཁག་ཐེག་ཡོང་ཆེད་ལོ་མཇུག་བར་ལྷོ་ཁ་ཟངས་རིའི་མེ་འཁོར་འབབ་ཚུགས་བར་སྒྲོམ་འདིང་ཐུབ་པར་བརྩོན་ལེན་བྱེད་པར། ལྷ་ཉིང་རྣམ་གྲངས་ཀྱི་རུ་འབྲིང་གཉིས་པའི་རུ་དཔོན་ཉེ་ཡུང་ཅུན་དང་ཧྲུའུ་ཅི་ལིན་ཡུང་ཅུན་གཉིས་ཀྱིས་ཆུ་ཚོད་24རིང་ལས་རེས་བྱེད་པ་དང་། རྣམ་གྲངས་པུའུ་ཡི་བདེ་འཇགས་པུའུ་ཀྲང་གིས་ཀྱང་ཡུལ་དངོས་སུ་བདེ་འཇགས་ལ་ལྟ་རྟོག་ནན་མོ་བྱེད་བཞིན་ཡོད། ལྷ་ཉིང་རྣམ་གྲངས་ཀྱི་སྒྲོམ་འདིང་རུ་ཁག་གཉིས་པས་འཆར་འགོད་ཧུར་ཐག་དང་སྤྱི་འདོམས་བཀོད་སྒྲིག་བྱས་ནས་བྱེད་ཐབས་མང་པོ་སྤྱད་དེ། མྱུར་ཚད་འགན་ལེན་བྱེད་པ་དང་ཉིན་ལྟར་འཛིན་གྲྭའི་མདུན་དུ་གསུང་བཤད་གནང་ནས། ལས་བཟོ་བ་ཚོར་ཟམ་འདེགས་ལས་སྒྲུབ་ཀྱི་མཛུབ་ཁྲིད་ཡི་གེ་གཞིར་བཟུང་ལས་སྒྲུབ་ནན་པོ་བྱེད་དགོས་པའི་བླང་བྱ་བཏོན་པ་དང་། བཀོད་འདོམས་མི་སྣ་དང་། བཀོལ་སྤྱོད་ཁ་ལོ་བ། ཟམ་སྟེགས་མི་སྣ་བཅས་ཀྱིས་ཟམ་གདུང་སྐྱེལ་འདྲེན་དང་ཕྱིར་འདོན་པ། མར་འབབ་པ། ཟམ་གདུང་འཕྲེད་དུ་སྤོ་བ་སོགས་ཀྱི་ལས་རིམ་ཁྲོད་ཚད་ལྡན་ཅན་གྱི་ལས་སྒྲུབ་བྱེད་དགོས་པ་དང་། འགོ་ཁྲིད་ཀྱི་སྣེ་ཁྲིད་ལམ་ལུགས་ལག་ལེན་བསྟར་ནས། ལྷ་ཉིང་རྣམ་གྲངས་པུའུ་ཡི་འགོ་ཁྲིད་དང་དོ་དམ་མི་སྣས་ཉིན་ལྟར་ཡུལ་དངོས་སུ་ལྟ་རྟོག་ཚོད་འཛིན་བྱས་ཏེ། ཡུལ་དངོས་སྒྲོམ་འདིང་སྐབས་ཐོན་པའི་གནད་དོན་སྣ་ཚོགས་ལ་དམིགས་ནས་དུས་ཐོག་ཏུ་ཐག་གཅོད་མཐུན་སྦྱོར་སོགས་བྱེད་པ་རེད། 
             གོང་འོག་རྡོག་རྩ་གཅིག་སྒྲིལ་གྱིས་ནུས་ཤུགས་ཡོད་རྒུ་བཏོན་ནས། སྔོན་དཔག་ལྟར་ན་2020ལོའི་ལོ་མཇུག་ཏུ་ལྕགས་ལམ་འགྲུབ་ནས་ཤར་གཏོང་ཐུབ་ངེས་ཡིན། 
             ལྷ་ཉིང་རྣམ་གྲངས་ཀྱི་སྒྲོམ་འདིང་རུ་ཁག་གཉིས་པའི་ཏང་ཀྲི་ཨུའི་ཧྲུའུ་ཅི་ལིན་ཡུང་ཅུན་གྱིས་བཤད་རྒྱུར། “ལས་ཀ་འདི་ད་ལྟ་སྟོན་མཇུག་བར་དུ་སླེབས་པ་དང་། དགུན་དུས་ཐོན་ལ་ཉེ་བས། ང་ཚོས་ལོ་མཇུག་ལ་ཟམ་མིག་317གྱི་སྒྲོམ་གཞི་འདིང་ཚར་བར་བྱེད་རྒྱུ་ཡིན། དཀའ་ཚེགས་ཆེ་བའི་ལས་འགན་འདི་ལ་དམིགས་ནས། ང་ཚོ་རུ་མི་ཡོངས་ཀྱིས་ངེས་པར་དུ་བློ་རྩེ་གཅིག་སྒྲིམ་དང་ནུས་ཤུགས་ཡོད་རྒུས་ལས་ཀ་ཉིན་100བྱས་ཏེ། ཨར་ལས་ཐོན་སྐྱེད་ཀྱི་ལས་འགན་སྤུས་ལེགས་ངང་ལེགས་འགྲུབ་ཐུབ་པའི་འགན་ལེན་བྱེད་དགོས།”ཞེས་ཟེར།
             གསར་འགོད་པས་ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔའི་བར་ལྷ་ཉིང་ལྕགས་ལམ་རྣམ་གྲངས་ཀྱི་སྒྲོམ་འདིང་རུ་ཁག་གཉིས་པས་ཟམ་ཆེན་Tཡི་ཟམ་མིག་947བཟོས་ཚར་བ་དང་། བཏིང་བའི་ལྕགས་ལམ་ཀྱི་རིང་ཚད་སྤྱི་ལེ་102.6535ཟིན་ཡོད། སྔོན་དཔག་ལྟར་ན་2020ལོའི་ལོ་མཇུག་ཏུ་རླངས་འཁོར་ཤར་གཏོང་ཐུབ་རྒྱུ་རེད། སྐབས་དེ་དུས་རང་རྒྱལ་མངའ་ཁོངས་ཀྱི་ལྕགས་ལམ་དྲ་བའི་བཀོད་པ་དེ་གྲུབ་འབྲས་ལྡན་པའི་ངང་ཇེ་ལེགས་སུ་གཏོང་ཐུབ་པར་མ་ཟད། ད་དུང་ལམ་རྒྱུད་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་ཁྲིད་དང་འགྲུལ་སྐྱོད་བྱེད་སྟངས་ལ་འགྱུར་ལྡོག་གཏོང་བར་ཡང་དོན་སྙིང་གལ་ཆེན་ལྡན་ངེས་རེད། 
རུ་ཁག་ཏང་ཀྲི་ཨུའི་ཧྲུའུ་ཅིས་བསྡམས་གདུང་ལ་ཞིབ་བཤེར་བྱེད་པ།

ཉིན་གུང་གི་བྲེལ་འཚུབ་ཁྲོད་གྱི་ཨར་ལས་ཡུལ་དངོས།

སྲོད་ཁའི་ཚ་ཚ་འུར་འུར་གྱི་ཨར་ལས་ཡུལ་དངོས།

དགོང་ཁར་སླེབས་ཀྱང་སྔར་བཞིན་གོ་རིམ་ལྡན་པའི་ཨར་ལས་ཡུལ་དངོས།

སྤོ་གདན་པན་ཀྲང་གིས་ཆུ་སྙོམས་ཁྲེ་ཙེ་སྤྱད་དེ་བྱེ་འདམ་གཙང་ཚད་འཇལ་བ།

གློག་ཤུགས་ཚ་ལ་པན་ཀྲང་གིས་དཀྱིལ་གདུང་སྲུབས་མར་ཚ་ལ་བྱེད་པ། 

ཨར་ལས་བྱེད་བཞིན་པའི་མིང་ཙེ་ཟམ་ཆེན། 
六福彩票 智慧彩票投注 北京赛车pk10玩法 智慧彩票投注 智慧彩票投注注册 北京两步彩 幸运飞艇app彩票 香港开奖结果2019+开奖结果 吉林福彩网 159彩票app下载