山东群英会选号技巧

ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། 山东群英会选号技巧“རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

མཐུན་སྒྲིལ་མེ་ཏོག་བཞད། དྲི་ཞིམ་ཕྱོགས་བཅུར་འཐུལ།

སྤེལ་དུས 2019-10-31 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
—— སྨར་ཁམས་རྫོང་འཇང་མི་རིགས་ཤང་གི་མི་རིགས་མཐུན་སྒྲིལ་གྱི་སྐོར་བཀོད་པ།
                རྒྱལ་ལམ་214ལམ་རྒྱུད་དུ་ཆགས་པའི་སྨར་ཁམས་རྫོང་འཇང་མི་རིགས་ཤང་ནི་རང་ལྗོངས་ཀྱི་འཇང་རིགས་འདུས་སྡོད་ཁུལ་འབའ་ཞིག་ཡིན་ཞིང་། དེར་འཇང་རིགས་ཀྱི་དུད་ཚང་284དང་མི་1328ཡོད་པ་དེས་ཤང་ཡོངས་ཀྱི་མི་འབོར་གྱི་30%བཟུང་ཡོད།
                མི་རིགས་མང་པོ་འདུས་སྡོད་ཀྱི་ཁུལ་ཞིག་ཡིན་པའི་འཇང་མི་རིགས་ཤང་དུ་ད་དུང་བོད་རིགས་དང་། རྒྱ་རིགས། པའེ་རིགས་སོགས་མི་རིགས་ཁག་གི་མང་ཚོགས་འཚོ་སྡོད་བྱེད་ཀྱི་ཡོད། ཡུན་རིང་གི་ལོ་རྒྱུས་འཕེལ་རིམ་ཁྲོད་མི་རིགས་ཁག་གི་མང་ཚོགས་རྣམས་འདི་གར་འཆམ་མཐུན་ངང་འཚོ་བ་བསྐྱལ་ཏེ“ཇ་རྟའི་ཚོང་ལམ”གྱི་ས་ཚིགས་གལ་ཆེན་དེ་མཉམ་དུ་གསར་སྐྲུན་བྱས་པས་ཕན་ཚུན་དབར་ཁ་འབྲལ་ཐབས་མེད་པའི་རྣམ་པ་ཞིག་ཆགས།
                བདེ་སྐྱིད་འཚོ་བ་སྦྲང་རྩི་ལས་ཀྱང་མངར།
                འཇང་མི་རིགས་ཤང་འཇང་གྲོང་ཚོའི་ཅེ་ཧྲང་ཚོགས་ཆུང་གི་ཟླ་བ་ཚེ་རིང་དང་དབང་མོ་གཉིས་མི་རིགས་མཉམ་འདྲེས་ཀྱི་ཁྱིམ་ཚང་ཞིག་ཡིན་པ་དང་ཁོང་གཉིས་པོར་ཕྲུ་གུ་བུ་གཅིག་དང་བུ་མོ་གཅིག་ཡོད།
                ཆུང་དུས་ནས་འཇང་གྲོང་ཚོར་འཚར་ལོངས་བྱུང་བའི་བོད་རིགས་ཟླ་བ་ཚེ་རིང་དང་། ཡུན་ནན་བདེ་ཆན་གྱི་འཇང་རིགས་དབང་མོ་གཉིས་ལོ་25ཡི་གོང་དུ་འཇང་མི་རིགས་ཤང་གི་གློག་ཁང་དུ་ལས་ཀ་བྱེད་སྐབས་ངོ་ཤེས། མ་གཞི་ཡུལ་ཕྱོགས་གཉིས་ཀྱི་མི་ཡིན་རུང་ཁོ་གཉིས་དབར་བརྩེ་དུང་གི་མདུད་པ་དམ་པོ་ཐེབས་ནས་མཉམ་དུ་བདེ་སྐྱིད་ཀྱི་འཚོ་བ་ལོ་24བསྐྱལ།
                2018ལོར་ཟླ་བ་ཚེ་རིང་གིས་དངུལ་བུན་སྒོར་ཁྲི་60གཡར་ཏེ་དྲི་ཟའི་དབྱངས་ཞེས་པའི་ནང་མ་ཁང་ཞིག་སྐྲུན་འགོ་བཙུགས་པ་དང་། ལོ་འདིའི་ཟླ་2པར་ས་ཁྱོན་སྨི་ངོས་གྲུ་1000དང་ཐོག་སོ་གསུམ་ཡོད་པའི་ནང་མ་ཁང་དེ་བསྐྲུན་ཟིན་ནས་དངོས་སུ་སྤྱོད་འགོ་ཚུགས། བཟའ་ཚོ་གཉིས་པོས་ནང་མ་ཁང་མཉམ་དུ་གཉེར་བར་ཟླ་གཅིག་ལ་ཡོང་འབབ་སྒོར་ཁྲི་གཅིག་ཙམ་བབས། ངལ་གསོའི་སྐབས་ཟླ་བ་ཚེ་རིང་དང་དབང་མོས་རང་ཁྱིམ་གྱི་ཞིང་ནང་དུ་རྒུན་འབྲུམ་དང་། མ་རྨོས་ལོ་ཏོག ཀུ་ཤུ་སོགས་སྐྱེ་ཚུལ་གང་འདྲ་ཡོད་མེད་ལྟ་བར་འགྲོ་ཡི་ཡོད། “ན་ནིང་རྒུན་ཆང་རྒྱ་མ་1000ལྷག་ཙམ་བསྙལ་བར་ཡོང་འབབ་སྒོར་ཁྲི་གཅིག་ལྷག་ཙམ་བྱུང”ཞེས་ཟླ་བ་ཚེ་རིང་གིས་བཤད།
                ཁྱིམ་དུ་གཟུགས་གཞི་ཐང་བའི་རྒན་རྒོན་དང་ཡ་རབས་ཕུལ་བྱུང་གི་བུ་ཕྲུག་ཡོད་པའི་ཁར། ཡོང་འབབ་ཀྱང་བརྟན་པོ་ཡོད་པས་ཟླ་བ་ཚེ་རིང་ཁྱིམ་གྱི་འཚོ་བ་བདེ་ཞིང་སྐྱིད།
                ཕན་ཚུན་རོགས་རེས་བརྩེ་བ་ཟབ་མོ་མངོན།
                འཇང་མི་རིགས་ཤང་ནི་རྒྱལ་ལམ་214ལམ་རྒྱུད་ཀྱི་མཛེས་ལྗོངས་ཁུལ་གལ་ཆེན་ཞིག་ཡིན་པས་ལོ་ལྟར་འདི་གར་ཡུལ་སྐོར་ལ་ཡོང་མཁན་རྫོགས་རྒྱུ་མེད། ཡུལ་སྐོར་ལས་རིགས་དར་རྒྱས་སོང་བ་དེས་ཚོང་ལས་འཕེལ་རྒྱས་ལ་སྐུལ་མ་ཐེབས་པ་མ་ཟད། ཕྱོགས་མི་མི་ཉུང་བ་ཞིག་ཀྱང་ཐག་རིང་ནས་འདི་གར་ཚོང་ཁང་འཛུགས་པ་དང་བྱ་གཞག་གཏོད་པར་ཡོང་གི་ཡོད།
                2006ལོའི་ཟླ་5ཚེས་1ཉིན་ནི་ཧུའུ་ནན་ཞིང་ཆེན་ཁྲང་ཏེ་གྲོང་ཁྱེར་ནས་ཡིན་པའི་ལེའོ་ཡོན་ཀྲེན་བཟའ་ཚོ་གཉིས་པོས་འཇང་མི་རིགས་ཤང་དུ་ཚོང་ཁང་བཙུགས་པའི་ཉིན་མོ་ཞིག་རེད། མ་གཞི་དེ་གོང་ཁོ་གཉིས་ཀྱིས་ཕ་ཡུལ་དུ་ཚོང་ཁང་ཞིག་བཙུགས་མོད། འོན་ཀྱང་ད་རེས་དེ་སྔོན་དང་འདྲ་ཡི་མེད།
                “ཁྲང་ཏེ་གྲོང་ཁྱེར་དུ་སྡོད་རིང་ངས་དེ་གར་ཟ་ཁང་ཞིག་བཙུགས་པར་ཚོང་ཡག་པོ་བྱུང་། དེའི་རྗེས་སྤུན་མཆེད་ཀྱིས་ངོ་སྤྲོད་བྱས་པ་བརྒྱུད་ངས་འཇང་མི་རིགས་ཤང་དུ་མཁོ་ཆས་ཚོང་ཁང་ཞིག་བཙུགས་པ་ཡིན། ད་ལྟ་ངའི་ཉེ་འགྲམ་དུ་བཙུགས་པའི་ཚོང་ཁང་གི་སྦྱིན་བདག་བློ་བཟང་བསྟན་འཛིན་གྱིས་ང་རང་ལ་རོགས་པ་མང་པོ་བྱེད་ཀྱི་འདུག”ཅེས་ལེའོ་ཡོན་ཀྲེན་གྱིས་བཤད།
                2013ལོར་ལེའོ་ཡོན་ཀྲེན་གྱིས་ཚོང་ཁང་དེ་ས་ཁམས་ཀྱི་ཆ་རྐྱེན་ལེགས་པའི་ཤང་སྲིད་གཞུང་གི་ཉེ་འཁོར་དུ་སྤོས་པས་འཛད་སྤྱོད་པ་ཇེ་མང་དུ་ཕྱིན་ཡོད། སྐབས་དེ་དུས་བློ་བཟང་བསྟན་འཛིན་ཡང་རྒྱུ་རྐྱེན་སྣ་ཚོགས་ཀྱིས་རྐྱེན་པས་ཚོང་ཁང་ལེའོ་ཡོན་ཀྲེན་གྱི་འཁྲིས་སུ་སྤོས། དེས་ན་ང་ཚོའི་དབར་གྱི་མཛའ་བཤེས་སྔར་བས་ཟབ་ཏུ་སོང་།
                “ང་ཚོ་ངོ་ཤེས་ནས་ལོ་བཅུ་ལྷག་ཙམ་འགྲོ་ཡི་འདུག ང་གཉིས་སུ་ཕྱིར་འགྲོ་དགོས་འཁེལ་རུང་། ཕན་ཚུན་ཚོང་ཁང་ལྟ་རོགས་བྱེད་ཀྱི་ཡོད། སྐབས་རེ་ཁོང་གིས་ཚལ་ཉོ་བ་དང་ང་དང་བཟའ་ཟླས་ཁ་ལག་བཟོས་ནས་མཉམ་དུ་བཟའ་ཡི་ཡོད། མ་ཟད་དུས་ཆེན་འཆར་རིམ་བཞིན་ཕན་ཚུན་ལག་རྟགས་སྤྲོད་རེས་བྱེད་ཀྱི་ཡོད་པས་ད་ཆ་ཁྱིམ་ཚང་གཉིས་པོ་ཧ་ཅང་འཆམ་པོ་ཡོད”ཅེས་ལེའོ་ཡོན་ཀྲེན་གྱིས་བཤད།
                གྲོང་མི་ཕན་ཚུན་ཁྱིམ་ཚང་གཅིག་ལྟར་བརྩེ།
                འཇང་མི་རིགས་ཤང་ཏང་ཨུད་དང་སྲིད་གཞུང་ལ་ལས་བྱེད་པ་45ཡོད་པའི་ནང་བོད་རིགས་དང་། རྒྱ་རིགས། འཇང་རིགས་སོགས་ཡོད།
                སྤེན་པ་ཚེ་རིང་འཇང་མི་རིགས་ཤང་གི་མི་དམངས་འཐུས་ཚོགས་ཀྱི་ཀྲུའུ་ཞི་ཡིན་ཞིང་། ལྷོ་ཁ་བ་ཞིག་ཡིན་པའི་ཁོང་སློབ་གྲྭ་ཆེ་མོ་ཐོན་རྗེས་སྨར་ཁམས་རྫོང་དུ་ལས་ཀ་བྱེད་པར་ཡོང་ནས་འཇང་མི་རིགས་ཀྱི་མག་པ་ཆགས། དེ་སྔོན་ཁོང་རོང་མེ་གྲོང་རྡལ་ནས་འཇང་མི་རིགས་ཤང་དུ་ལས་སྒྱུར་བྱེད་སྐབས་ཤང་གི་ལས་བྱེད་པས་རླངས་འཁོར་གླས་ནས་ཁོང་ལ་ཅ་དངོས་དབོར་རོགས་བྱས། “དེ་དུས་ང་རང་ལས་ཀ་གཞན་དག་སྒྲུབ་པར་འགོར་སོང་། ང་རང་ཤང་དུ་སླེབས་དུས་ཅ་ལག་ཚང་མ་གཙང་ཞིང་གྲལ་སྟར་སྒྲིག་པོས་བཞག་འདུག”ཅེས་སྤེན་པ་ཚེ་རིང་གིས་ཕྱིར་དྲན་བྱེད་ཀྱིན་བཤད།
                ཐེངས་ཤིག་སྤེན་པ་ཚེ་རིང་ལས་ཐག་བཅད་ནས་ཁྱིམ་དུ་འབྱོར་དུས་གློག་མེད་པ་དང་སྐབས་འཁེལ། ཁོང་གིས་དེ་མུར་སྐད་འཕྲིན་གྱི་ཚོགས་པའི་ནང“གློག་མི་འདུག”ཅེས་པའི་འཕྲིན་ཐུང་ཞིག་བཏང་འཕྲལ་ང་ཚོའི་ཁྱིམ་དུ་སྡོད་པར་ཤོག་ཅེས་འཕྲིན་ལན་མི་ཉུང་བ་ཞིག་འབྱོར། དེ་དུས་སྤེན་པ་ཚེ་རིང་གི་སེམས་པ་དྲོ་སོབ་སོབ་ཏུ་གྱུར།
                སྤེན་པ་ཚེ་རིང་གིས་བཤད་པའི་ཕན་ཚུན་རོགས་རེས་དང་དགའ་གཅེས་ཀྱི་བྱ་བ་འཇང་མི་རིགས་ཤང་ཏང་ཨུད་དང་སྲིད་གཞུང་དུ་རྒྱུན་དུ་མཐོང་རྒྱུ་ཡོད།
                ད་ཆ་འཇང་མི་རིགས་ཤང་དུ་མི་རིགས་ཁག་དབར་མཐུན་སྒྲིལ་རོགས་རེས་དང་མཉམ་དུ་འཕེལ་རྒྱས་དོན་གཉེར་བྱེད་པ་ནི་ཡུལ་དེ་གའི་དམིགས་བསལ་ཁྱད་ཆོས་ཤིག་ཏུ་གྱུར། དེ་ནི“མི་རིགས་མཐུན་སྒྲིལ་ནི་ང་ཚོས་བྱ་གཞག་སྒྲུབ་པའི་རྨང་རྡོ་ལྟ་བུ་ཡིན”ཞེས་འཇང་མི་རིགས་ཤང་འཇང་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་དཀོན་མཆོག་བཀྲ་ཤིས་ཀྱིས་བཤད་པ་ལྟར་རེད།
རྩོམ་སྒྲིག་པ། སངས་སྐྱབས།
北京赛车pk10赔率最高的平台 北京赛车pk10玩法 智慧彩票投注 智慧彩票投注预测APP 山东群英会app 加拿大28 北京赛车pk10玩法 北京两步彩 海南4+1开奖 北京赛车怎么玩