山东群英会选号技巧

“པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ། ཞི་ཅིན་ཕིང་དང་ཨར་པ་ནི་ཡའི་ཙུང་ཐུང་མའེ་ཐ་རྣམ་གཉིས་ཀྱིས་ཀྲུང་གོ་དང་ཨར་པ་ནི་ཡའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་70འཁོར་བར་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ། 《ཀྲུང་གོའི་བོད་ལྗོངས》དུས་དེབ་སྤེལ་ནས་ལོ་འཁོར་30ལོན་པ་དང་ཀྲུང་གོའི་བོད་ལྗོངས་དྲ་བ་བཙུགས་ནས་ལོ་འཁོར་20ལོན་པའི་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་འཚོགས་པ། ཆེད་མཁས་པས2020ལོའི་བོད་ཀྱི་ལོ་སར་དང་དཔྱིད་གསར་དུས་ཆེན་གཉིས་བར་ཟླ་གཅིག་ཡོད་པའི་གསང་བ་བརྟོལ་བ། ཞི་ཅིན་ཕིང་གིས་ཨ་རིའི་རྒྱལ་དོན་བློན་ཆེན་ཟུར་པ་ཅིས་ཤིན་ཀེ་དང་མཇལ་འཛོམས་གནང་བ། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

བོད་ལྗོངས་མེ་ཏོག་རྫོང་ལ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྤྱི་པའི་འགྲིམ་འགྲུལ་ལམ་ཐིག་ཡོད་པ།

སྤེལ་དུས 2019-12-30 ཡོང་ཁུངས། མི་དམས་ཉིན་རེའི་ཚགས་པར། རྩོམ་པ་པོ།
འདི་ནི་རླངས་འཁོར་ཤར་གཏོང་ཐུབ་པའི་མཛད་སྒོ་མཇུག་འགྲིལ་རྗེས་ལས་བྱེད་པ་དང་མང་ཚོགས་ཚོས་མཉམ་ཞུགས་དྲན་རྟེན་པར་རྒྱག་བཞིན་པ། 
           ཟླ་12ཚེས་27ཉིན་གྱི་ཕྱི་དྲོའི་ཆུ་ཚོད་15ཙམ་ལ། མེ་ཏོག་རྫོང་འགྲུལ་སྐྱེལ་ས་ཚིགས་ཀྱི་སྒོ་རའི་ནང་མི་ཚོགས་ཀྱིས་ཁེངས་པ་དང་། དུས་ཆེན་གྱི་གཟབ་མཆོར་ལེགས་པར་སྤྲས་པའི་ལས་བྱེད་པ་དང་མང་ཚོགས་160ལྷག་ཙམ་གྱིས་རྫོང་དེར་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྤྱི་པའི་འགྲིམ་འགྲུལ་འཁོར་རིགས་མེད་པའི་ལོ་རྒྱུས་ཀྱི་དུས་སྐབས་རྦད་དེ་མཇུག་འགྲིལ་བར་དཔང་པོ་བྱས་པ་རེད། ཉིང་ཁྲི་གྲོང་ཁྱེར་སྐྱེལ་འདྲེན་དོ་དམ་ཅུས་ཀྱི་འགན་ཁུར་བས་མེ་ཏོག་རྫོང་འགྲིམ་འགྲུལ་ཅུས་ལ་འགྲུལ་སྐྱེལ་རླངས་འཁོར་གཏོང་ཆོག་པའི་ལག་ཁྱེར་སྤྲད་པ་དང་། གྲོང་ཁྱེར་དང་རྫོང་གི་འགོ་ཁྲིད་ཀྱིས་མེ་ཏོག་རྫོང་གི་གྲོང་གསེབ་འགྲུལ་སྐྱེལ་ལམ་ཐིག་དང་པོར་རླངས་འཁོར་ཤར་གཏོང་ཐུབ་པར་རྟེན་འབྲེལ་ཞུས་པ་རེད།
           མེ་ཏོག་རྫོང་ཨུད་ཀྱི་ཧྲུའུ་ཅི་དབང་ཏུང་གིས“གྲོང་གསེབ་ཀྱི་འགྲུལ་སྐྱེལ་རྒྱུན་ཚིགས་ལམ་ཐིག་ཐོག་སྐྱེལ་འདྲེན་གཉེར་སྐྱོང་བྱེད་འགོ་ཚུགས་པ་དེས་རང་རྫོང་དུ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྤྱི་པའི་འགྲིམ་འགྲུལ་འཁོར་རིགས་མེད་པའི་ལོ་རྒྱུས་མཇུག་འགྲིལ་ཡོད”ཅེས་བརྗོད་པ་རེད།
           མི་འབོར་ཁྲི་1.4དང་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་ཁྲི་3.4ཟིན་པའི་མེ་ཏོག་རྫོང་ལ་རྒྱུན་དུ“ས་མཐོའི་ཁེར་ཆགས་གླིང་ཕྲན”ཞེས་བརྗོད་པ་དང་། 2013ལོའི་ལོ་མཇུག་ཏུ་གཞི་ནས་ཕྱི་ཕྱོགས་སུ་སྐྱོད་པའི་གཞུང་ལམ་དང་པོ་ཤར་གཏོང་ཐུབ་པ་རེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་དུ། རྒྱལ་ཁབ་ཀྱི་རྒྱབ་སྐྱོར་ཤུགས་ཆེན་འོག་མེ་ཏོག་རྫོང་གི་རྨང་གཞིའི་སྒྲིག་བཀོད་ཆ་རྐྱེན་མགྱོགས་མྱུར་ལེགས་སུ་ཕྱིན་ཞིང་། མིག་སྔའི་བར། 2013ལོར་ཤར་གཏོང་ཐུབ་པའི་རྒྱལ་ལམ་559ལམ་ཐིག་ཕུད། མེ་ཏོག་རྫོང་གི་བགྲོད་ལམ་ཆེན་པོ་གཉིས་པ་ཡིན་པའི་སྨན་གླིང་རྫོང་ཕད་གྲོང་རྡལ་ནས་མེ་ཏོག་རྫོང་གྲོང་བར་གྱི་གཞུང་ལམ་ཡང་དུས་ཚོད་དམ་འཛིན་གྱིས་སྐྲུན་བཞིན་ཡོད་པ་དང་། 2021ལོར་རླངས་འཁོར་ཤར་གཏོང་ཐུབ་པའི་འཆར་གཞི་ཡོད་པ་རེད། མིག་སྔར། མེ་ཏོག་རྫོང་ཁོངས་ནང་གི་ཤང་དང་གྲོང་རྡལ་ལ་གཞུང་ལམ་ཤར་གཏོང་ཐུབ་ཚད་75%ཟིན་པ་དང་། སྲིད་འཛིན་གྲོང་ཚོར་གཞུང་ལམ་ཤར་གཏོང་ཐུབ་ཚད་69.5%ཟིན་ཡོད་པ་རེད།
           ཟླ་12ཚེས་27ཉིན། མེ་ཏོག་རྫོང་གིས་མེ་ཏོག་ནས་ཉིང་ཁྲི(སྤོ་བོ་རྫོང་བརྒྱུད)དང་། རྫོང་གྲོང་ནས་བདེ་ཞིང་ཤང་བར། རྫོང་གྲོང་ནས་འབྲས་སྤུངས་བར་བཅས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྤྱི་པའི་འགྲིམ་འགྲུལ་ལམ་ཐིག་ཁག་3ཤར་གཏོང་ཐུབ་པ་བྱས་ཡོད། འབྱུང་འགྱུར་ལོ་གསུམ་ནང་། མེ་ཏོག་རྫོང་གི་གྲོང་གསེབ་ཀྱི་འགྲུལ་སྐྱེལ་རྒྱུན་ཚིགས་ལམ་ཐིག་རྫོང་ཡོངས་ཀྱི་62%ཟིན་པའི་ཤང་དང་གྲོང་རྡལ་དང་70%ལྷག་ཙམ་ཟིན་པའི་མི་འབོར་ལ་ཁྱབ་པ་བྱ་རྒྱུ་རེད། མིག་སྔར། བོད་རང་སྐྱོང་ལྗོངས་ཀྱི་ཤང་དང་གྲོང་རྡལ་696དང་སྲིད་འཛིན་གྲོང་ཚོ་5457ལ་གཞུང་ལམ་ཤར་གཏོང་ཐུབ་ནས་གཞུང་ལམ་ཤར་གཏོང་ཐུབ་ཚད་99%ལྷག་ཙམ་ཟིན་ཡོད་པ་རེད།
རྩོམ་སྒྲིག་པ། སངས་སྐྱབས།
pk10玩法 智慧彩票投注注册 PK10哪个平台赔率高 浙江体彩6+1 六福彩票 内蒙古快3 博盈彩票开户 pk10规则 福建11选5 北京两步彩走势