山东群英会选号技巧

“པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ། ཞི་ཅིན་ཕིང་དང་ཨར་པ་ནི་ཡའི་ཙུང་ཐུང་མའེ་ཐ་རྣམ་གཉིས་ཀྱིས་ཀྲུང་གོ་དང་ཨར་པ་ནི་ཡའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་70འཁོར་བར་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ། 《ཀྲུང་གོའི་བོད་ལྗོངས》དུས་དེབ་སྤེལ་ནས་ལོ་འཁོར་30ལོན་པ་དང་ཀྲུང་གོའི་བོད་ལྗོངས་དྲ་བ་བཙུགས་ནས་ལོ་འཁོར་20ལོན་པའི་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་འཚོགས་པ། ཆེད་མཁས་པས2020ལོའི་བོད་ཀྱི་ལོ་སར་དང་དཔྱིད་གསར་དུས་ཆེན་གཉིས་བར་ཟླ་གཅིག་ཡོད་པའི་གསང་བ་བརྟོལ་བ། ཞི་ཅིན་ཕིང་གིས་ཨ་རིའི་རྒྱལ་དོན་བློན་ཆེན་ཟུར་པ་ཅིས་ཤིན་ཀེ་དང་མཇལ་འཛོམས་གནང་བ། 山东群英会选号技巧ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

ལྷ་ས་གྲོང་ཁྱེར་གྱི་2020ལོའི་དམངས་འཚོའི་གསལ་ཐོ་ཡིས་ཐབས་མང་མཉམ་སྤྱོད་ཀྱིས་མང་ཚོགས་ཀྱི་བདེ་སྐྱིད་ཚོར་སེམས་ཆེ་རུ་བཏང་བ།

སྤེལ་དུས 2019-12-31 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། བཀྲ་ཤིས་རྒྱལ་གྱིས་བསྒྱུར།
           ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ་12ཚེས་28ཉིན་ཀྲུང་གོ་གུང་ཁྲན་ཏང་ལྷ་ས་གྲོང་ཁྱེར་སྐབས་དགུ་པའི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་གྲོང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུ་བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་དུ་འཚོགས་པ་རེད། གསར་འགོད་པས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་དོན། 2019ལོར་ལྷ་ས་གྲོང་ཁྱེར་གྱིས་དམངས་འཚོར་འགན་ལེན་དང་ཇེ་ལེགས་སུ་གཏོང་བའི་ཆུ་ཚད་སྔར་བས་མཐོ་རུ་ཕྱིན་པ་དང་། དམངས་འཚོའི་མ་འཇོག་གིས་ས་གནས་ནོར་སྲིད་ཀྱི་གཏོང་སྒོའི་བསྡུར་ཚད་70%ཡན་རྒྱུན་འཁྱོངས་ཐུབ་ནས་དམངས་འཚོ་འགན་ལེན་གྱི་ནུས་པ་དང་ཆུ་ཚད་བརྟན་པོའི་ངང་མཐོ་རུ་ཕྱིན་ཡོད་པ་རེད། 
འདི་ནི་ཚོགས་འདུའི་ཡུལ་དངོས་རེད། 
           སྙན་ཞུ་ལས་མངོན་པར། 2019ལོར་ལྷ་ས་གྲོང་ཁྱེར་གྱི་ལོ་འདི་གའི་མཐོ་སློབ་སློབ་ཐོན་སློབ་མ་ལས་ཞུགས་ཐུབ་ཚད་99.22%ཟིན་ཡོད་པ་དང་། ཞིང་འབྲོག་ཁུལ་གྱི་ངལ་ནུས་མི་ཁྲི་7.5ལས་ཞུགས་གཞན་སྒྱུར་ཐུབ་ནས་ཞིང་འབྲོག་པའི་གླ་ཕོགས་རང་བཞིན་གྱི་ཡོང་འབབ་འཕར་ཚད་30%ཟིན་ཡོད་པ་རེད། 2018ལོར“དམིགས་བསལ་འཛིན་གྲྭ”ཕྱོགས་ཡོངས་ནས་མེད་པ་བཟོ་བའི་རྨང་གཞིའི་ཐོག“དམིགས་བསལ་འཛིན་གྲྭ”76མེད་པར་བཟོས་པ་དང་། ལྷ་སའི་ཐེམ་ཐོ་མིན་པའི་སློབ་མ་ཁྲི་2ལྷག་ཙམ་ལྷ་ས་གྲོང་ཁྱེར་དུ་ཐོ་འགོད་སློབ་ཞུགས་བྱས་ཡོད་པ། “རིག་ལྡན་སྨན་བཅོས་འཛུགས་སྐྲུན”དང“སྨན་བཅོས་མཉམ་འབྲེལ་སྒྲིག་གཞིའི”སྒྱུར་བཅོས་ལ་སྐུལ་འདེད་བཏང་ནས“སྔོན་ལ་སྨན་བཅོས་དང་རྗེས་སུ་རྩིས་རྒྱག་པ”དང་གཞུང་བཙུགས་སྨན་ཁང་གི་སྨན་རྫས་ཀྱི“རིན་གོང་ཁྱད་པར་མེད་པའི”ཕྱིར་ཚོང་སོགས་ཀྱི་ལམ་སྲོལ་རྒྱུན་རྣམ་ཅན་ལག་བསྟར་བྱས་ཡོད་པ། གྲོང་ཁྱེར་མི་དམངས་སྨན་ཁང་གིས་114ཐོ་འགོད་ཤར་གཏོང་བྱས་པ་དང་། གྲོང་ཁྱེར་མི་དམངས་སྨན་ཁང་གི་ཤར་ཁུལ་གཞི་རྩའི་ཆ་ནས་བསྐྲུན་ཟིན་པ་མ་ཟད་གཉེར་སྐྱོང་གྲ་སྒྲིག་གང་མགྱོགས་གནང་ཡོད་པ་རེད། 
           སྤྱི་ཚོགས་འགན་སྲུང་ཐད། ལྷ་ས་གྲོང་ཁྱེར་གྱིས་དམངས་ཡོངས་འགན་བཅོལ་ནང་ཞུགས་པ་དང་སྤྱི་ཚོགས་འགན་སྲུང་བྱང་བུ་སྤྲོད་རྒྱུ་ཁྱོན་ཡོངས་ནས་ལེགས་འགྲུབ་བྱུང་ནས་གྲོང་ཁྱེར་དང་གྲོང་རྡལ་གྱི་མ་མཐའི་འཚོ་བའི་འགན་ལེན་ཚད་གཞི་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་ལེན་ཚད་གཞི། དྭ་ཕྲུག་འགན་ལེན་ཚད་གཞི་སོགས་བོད་རང་སྐྱོང་ལྗོངས་ཡོངས་ཀྱི་ཚད་གཞི་ལས་མཐོན་པོ་ཡོད་པ་དང་། གྲོང་གསེབ་ཀྱི་གཞིས་ལུས་བྱིས་པ་དང་བུད་མེད། རྒན་རྒོན་བཅས་ལ་གཅེས་སྐྱོང་དང་སྲུང་སྐྱོང་བྱེད་པའི་ཞབས་ཞུའི་མ་ལག་སྔར་བས་འཐུས་སྒོ་ཇེ་ཚང་དུ་ཕྱིན་པ། སྟག་རྩེ་ཆུས་ཀྱི་འགན་ལེན་ལྔའི་གཅིག་སྡུད་བསྙེན་བཀུར་ཞབས་ཞུ་ལྟེ་གནས་དེ་བོད་ལྗོངས་ཀྱི་རྒྱལ་ཁབ་རིམ་པའི་རྒན་གསོའི་ཞབས་ཞུའི་ལས་རིགས་ཚད་ལྡན་ཅན་གྱི་ཚན་པར་གྱུར་ཡོད་པ། དཀའ་ངལ་ཡོད་པའི་མང་ཚོགས་ཀྱི“སྡོད་ཁང་དཀའ་བའི”གནད་དོན་ཐག་གཅོད་ཏན་ཏིག་བྱས་པ་དང་། སྡོད་ཁང་ཞན་ཤོས་ཀྱི་དུད་ཚང་5084སྒྱུར་བཀོད་བྱས་པ། གཞུང་གི་བོགས་གཏོང་ཁང་པ་1114བསྐྲུན་པ། གྲོང་གསེབ་ཀྱི་ཉེན་ཡོད་སྡོད་ཁང་179སྒྱུར་བཀོད་བྱས་ཡོད་པ་རེད། 
འདི་ནི་ལྷ་ས་གྲོང་ཁྱེར་བྱིས་པའི་ཕན་བདེ་ཁང་རེད། 
           མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་གནད་དོན་ལ་དམིགས་ཏེ་ལྷ་ས་གྲོང་ཁྱེར་གྱིས“རིག་ལྡན་འགྲིམ་འགྲུལ”འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས་སྤྱི་སྤྱོད་རླངས་འཁོར་གྱི་ཆེད་སྤྱོད་གཞུང་ལམ་ཁྱོན་ཡོངས་ནས་སྤྱོད་འགོ་ཚུགས་པ་དང་། སྤྱི་པའི་འགྲིམ་འགྲུལ་འཁོར་སྐྱོད་དུས་ཚོད་སྤྱིའི་ཆ་ནས་13.5%ཡན་ཐུང་དུ་ཕྱིན་པ་དང་སྡོད་ཚད་16%མཐོ་རུ་ཕྱིན་ཡོད། གཞུང་ལམ་ནང་ཁུལ་གྱི་རླངས་འཁོར་འཇོག་ས་42དང་ས་འོག་གི་རླངས་འཁོར་འཇོག་ས8། ལངས་གཟུགས་ཀྱི་རླངས་འཁོར་འཇོག་ས་གཅིག་བཅས་གསར་དུ་བསྐྲུན་པ་དང་། རླངས་འཁོར་འཇོག་གནས་4657གསར་དུ་བསྐྲུན་ཡོད་པ་རེད། རྔ་ཆེན་ཆུ་བཟོ་གྲྭ་གཉེར་སྐྱོང་བྱེད་འགོ་ཚུགས་ནས་ཆུ་གློག་སྒྲིག་བཀོད“དུད་ཚང་གཅིག་ལ་རེའུ་མིག་རེ”སྒྱུར་བཀོད་དང་ཆུ་མཁོ་འདོན་བྱེད་མཁན་གཙོ་བོའི་དངུལ་བསྡུའི་ཞིབ་བཤེར་ལས་དོན་ཤུགས་ཆེན་སྤེལ་ཡོད་པ། ཐག་རིང་ལུང་ཁུག་གི་ཤང་གྲོང་མང་ཚོགས་ཀྱི“སྣུམ་སྣོན་དཀའ་བ”སོགས་ཀྱི་གནད་དོན་ཐག་གཅོད་གང་ལེགས་བྱས་ཤིང་། སྙེ་མོ་རྫོང་མར་རྐྱང་ཤང་གི་སྣུམ་སྣོན་ས་ཚིགས་བསྐྲུན་ཟིན་པ་དང་འབྲེལ་ཚོད་ལྟའི་གཉེར་སྐྱོང་བྱས་ཡོད་པ་རེད། 
           ཚོགས་འདུའི་སྟེང་། 2020ལོ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་དང“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་མཇུག་བསྡུའི་ལོ་ཞིག་ཡིན་པས། ལོ་བརྒྱ་དང་པོའི་འབད་འཐབ་དམིགས་ཚད་མངོན་འགྱུར་དང་། “ལོ་ལྔ་ཚན་བཅུ་བཞི་པའི”འཕེལ་རྒྱས་དང་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་མངོན་འགྱུར་ཡོང་ཆེད་རྨང་གཞི་ཡག་པོ་འདིང་དགོས་ལ། དཔལ་འབྱོར་ལས་དོན་ཡག་པོ་སྒྲུབ་པ་དང་ཆབས་ཅིག་དམངས་འཚོར་འགན་ལེན་དང་ལེགས་བཅོས་ནུས་ལྡན་གཏོང་དགོས་ཞེས་བསྟན་ཡོད། 
           2020ལོར་ལྷ་ས་གྲོང་ཁྱེར་གྱིས་མི་དམངས་སློབ་ཆེན་ཀྱི་ཞོར་གཏོགས་སློབ་འབྲིང་སྟེ་ལྷ་ས་བདེ་སྐྱིད་སློབ་གྲྭ་བསྐྲུན་ནས་གྲོང་ཁྱེར་དུ་ལས་ཀ་བྱེད་པར་ཡོང་མཁན་གྱི་བུ་ཕྲུག་སློབ་གྲྭར་འགྲོ་དཀའ་བའི་གནད་དོན་ཐག་གཅོད་གང་ལེགས་བྱས་ཐོག  འབྲིང་རིམ་ལས་རིགས་སློབ་ཚན་གྱི་སློབ་ཁྲིད་སྤུས་ཚད་དང་འབྲིང་རིམ་ལས་རིགས་སློབ་གྲྭའི་ལས་གནས་ཇེ་བརྟན་དུ་བཏང་ནས་ལས་ཞུགས་ཐུབ་ཚད་མཐོ་རུ་གཏོང་རྒྱུ་ཡིན་པ་དང་། གྲོང་ཁྱེར་རིམ་པའི་ཁམས་གསོ་ལྟེ་གནས་བསྐྲུན་འགོ་རྩོམ་པ། གྲོང་ཁྱེར་ཡོངས་ཀྱི་བདེ་ཐང་རྒན་གསོའི་ཆ་འཕྲིན་ཞབས་ཞུའི་ལས་སྟེགས་འཛུགས་པ། གྲོང་ཁྱེར་དང་རྫོང(ཆུས)སྡེ་ཁུལ་བཅས་རིམ་པ་གསུམ་མཐུན་སྦྱོར་མཉམ་འགུལ་བྱས་ནས་སྨན་བཅོས་དང་བདག་སྐྱོང་ཟུང་འབྲེལ་གྱི་རྒན་གསོའི་ཞབས་ཞུའི་མ་ལག་འཛུགས་པ་བཅས་བྱས་ཏེ“རྒན་གཅིག་ཆུང་གཅིག”གི་གནད་དོན་ཐག་གཅོད་འོས་འཚམ་བྱེད་པ། གྲོང་ཁྱེར་མི་དམངས་སྨན་ཁང་གི་ཤར་ཁུལ་དངོས་སུ་ལས་གཉེར་ཐུབ་པ་བྱས་ནས“རིག་ལྡན་སྨན་བཅོས”འཛུགས་སྐྲུན་ལ་སྐུལ་འདེད་བྱེད་རྒྱུ། “སྨན་བཅོས་མཉམ་འབྲེལ་སྒྲིག་གཞི”སྒྱུར་བཅོས་དང་རྫོང་ཡན་གྱི་སྨན་ཁང་གིས་དྲ་ཐོག་ནས་སྔོན་མངགས་ཨང་ཐོ་འགོད་པ་བཅས་བྱས་ཏེ་སྨན་བཅོས་འགན་བཅོལ་གྱི་འགྲོ་སོང་རྩིས་ཞུའི་བརྒྱུད་རིམ་སྟབས་བདེ་རུ་གཏོང་བ་དང་དུས་ཡུན་ཇེ་ཐུང་དུ་ཤུགས་ཆེན་བཏང་ནས་མང་ཚོགས་ཀྱིས“སྨན་བཅོས་བྱེད་དཀའ་བ”དང་། “གྲལ་སྒྲིག་ཡུན་རིང་བ”  “སྨན་བཅོས་འགན་བཅོལ་གྱི“རྩིས་ཞུ་འགོར་བའི”གནད་དོན་ཐག་གཅོད་ཡག་པོ་བྱ་རྒྱུ་རེད།
           སྲིད་གཞུང་གི་ནུས་པ་འདོན་སྤེལ་བྱས་ཏེ་གཞི་རྩའི་འགན་སྲུང་བྱེད་པ་དང་། དཀའ་ངལ་ཡོད་པའི་མི་ཚོགས་ལ་དངུལ་འཇོག་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་བ། སྤྱི་ཚོགས་ཀྱི་རོགས་སྐྱོབ་དང་སྤྱི་ཚོགས་ཀྱི་ཕན་བདེ། དགེ་རྩའི་བྱ་གཞག  གཟིགས་སྐྱོང་བཀོད་སྒྲིག་སོགས་ཀྱི་ལམ་ལུགས་ཁག་དོན་འཁྱོལ་ཡག་པོ་བྱེད་པ། གྲོང་ཁུལ་རྙིང་པའི་ཡོང་འབབ་དམའ་བའི་ཁྱིམ་ཚང་གི་འཚོ་བའི་ཆ་རྐྱེན་ཇེ་ལེགས་སུ་གཏོང་བ་དང་། སྤྱི་ཚོགས་འགན་སྲུང་དང་ལས་ཞུགས་རོགས་སྐྱོར། སྨན་བཅོས་རོགས་སྐྱོབ་སོགས་ཀྱི“ཇི་འདུས་ཐམས་ཅད”ལ་བྱེད་ཐབས་དོན་འཁྱོལ་བྱེད་པ། གྲོང་ཁྱེར་གྱི་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་སྡོད་ཁང་འགན་ལེན་ལས་དོན་ལ་ཤུགས་སྣོན་རྒྱག་པ། རྒྱལ་ཁབ་ཀྱི་སྲིད་ཇུས་ཕན་བདེ་སྤྱད་དེ་གྲོང་ཁྱེར་དང་གྲོང་བརྡལ་གྱི་སྡོད་ཁུལ་རྙིང་པ་སྒྱུར་བཀོད་དང་བོགས་གཏོང་སྡོད་ཁང་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་བཅས་བྱེད་དགོས། 
འདི་ནི་ལྷ་ས་གྲོང་ཁྱེར་སྤྱི་སྤྱོད་རླངས་འཁོར་གྱི་ཆེད་སྤྱོད་འཁོར་ལམ་རེད།
           སྤྱི་པའི་གནོད་མེད་འགྲིམ་འགྲུལ་གྱིས་ཕྱིར་སྐྱོད་དར་སྤེལ་ཤུགས་ཆེན་བཏང་ནས“རིག་ལྡན་འགྲིམ་འགྲུལ”དང་རླངས་འཁོར་འཇོག་ས་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་བཏང་སྟེ་འགྲུལ་བཞུད་འགག་པའི་གནད་དོན་ལེགས་བཅོས་གནད་སྨིན་བྱས་ནས་ཤར་བགྲོད་ལ་འགན་ལེན་བྱེད་པ། ཆ་འཕྲིན་ཅན་གྱི་བྱེད་ཐབས་ལ་བརྟེན་ནས་“བརྒྱུད་རིམ་ཧྲིལ་པོར་དྲ་ཐོག་ནས་སྒྲུབ་པ”དང་། “ཐེངས་གཅིག་ཡང་ རྒྱུག་མི་དགོས་པ་”མངོན་འགྱུར་བྱ་རྒྱུ། ཆུ་གློག་དང་སོལ་རླངས་ཀྱི་རིན་གོང་གི“མཐའ་མའི་འགག་གནད”ཤར་གཏོང་ཐུབ་པ་བྱས་ནས་2020ལོར་གྲོང་ཁུལ་གྱི་ཆུ་སྤྱོད་གནད་དོན་ཕྱོགས་ཡོངས་ནས་ཐག་གཅོད་ཐུབ་པར་འགན་ལེན་བྱེད་དགོས། ཀྲུང་དབྱང་གི་བླང་བྱ་ལྟར་སྲིད་གཞུང་གི་མ་འཇོག་ལས་གྲྭའི་རྣམ་གྲངས་དང་གཞུང་ཁོངས་ཁེ་ལས་ཀྱི་རྣམ་གྲངས་ཀྱི་གླ་ཆ་འགྱངས་ཆད་ཀྱི་འགག་སྒྲོལ་བྱ་སྤྱོད་ལ་དམ་འཛིན་ནན་པོ་བྱས་ཏེ། ཞིང་པ་ལས་མི་ཚང་མ་བློ་བདེ་པོའི་ངང་ཁྱིམ་དུ་ལོག་ནས་ལོ་གསར་གཏོང་རྒྱུར་འགན་ལེན་བྱེད་རྒྱུ། ཐག་རིང་ལུང་ཁུག་གི་ཤང་དང་གྲོང་བརྡལ་གྱི་སྣུམ་སྣོན་ས་ཚིགས་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས་2020ལོར་གཞི་རྩའི་ཆ་ནས་གནད་དོན་ཐག་གཅོད་ཐུབ་པར་འགན་ལེན་བྱས་ཏེ་ཐག་རིང་ལུང་ཁུག་གི་ཤང་དང་གྲོང་བརྡལ་གྱི་མང་ཚོགས་ཚོས་འབད་པ་ལྷུར་ལེན་གྱིས་དུས་རབས་གསར་པར་བསྐྱོད་པ་བྱེད་དགོས་སོ། 
彩库宝典app 幸运快3 海南4+1开奖 皇马电竞app 皇冠足彩