山东群英会选号技巧

དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། 山东群英会选号技巧གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
山东群英会选号技巧ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་མཐའ་གཅིག་ཏུ་ཡག་པོ་བརྒྱབ་ནས་སྤྱི་ཚོགས་སྤྱི་ཡོངས་ལྷིང་འཇགས་འཆམ་མཐུན་ཡོང་བའི་འགན་ལེན་བྱེད་དགོས།

སྤེལ་དུས 2020-01-29 ཡོང་ཁུངས། བོད་ལྗོངས་ཉིན་ཚགས། རྩོམ་པ་པོ།
         ཚེས་27ཉིན་གྱི་སྔ་དྲོ། ལྗོངས་ཏང་ཨུད་ཀྱིས་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་འཚོགས་ནས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་དང་། ཏོག་དབྱིབས་ནད་དུག་གསར་པས་བསླངས་པའི་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་ཀྲུང་དབྱང་གི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་། སློབ་སྦྱོང་། ལག་བསྟར་བཅས་བྱས་པ་དང་། ཏོག་དབྱིབས་ནད་དུག་གསར་པས་བསླངས་པའི་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་གྱི་སྙན་སེང་གསན་པ་དང་འབྲེལ། རང་ལྗོངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་བཀོད་སྒྲིག་ཀྱང་བྱས་པ་རེད།
         ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
         ཚོགས་འདུའི་ཐོག་བསྟན་དོན། ཏོག་དབྱིབས་ནད་དུག་གསར་པས་བསླངས་པའི་གློ་ཚད་རིམས་ནད་ཐོན་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་། ཏང་ཀྲུང་དབྱང་། རྒྱལ་སྲིད་སྤྱི་ཁྱབ་ཁང་བཅས་ཀྱིས་མཐོང་ཧ་ཅང་ཆེན་པོ་གནང་སྟེ། ཚོགས་འདུ་ཐེངས་མང་འཚོགས་པ་དང་། སྙན་སེང་ཐེངས་མང་གསན་པ། སྔོན་འགོག་ཚོད་འཛིན་ལས་དོན་ལ་བཀོད་སྒྲིག་རབ་དང་རིམ་པ་གནང་བ་བཅས་བྱས་ནས། ང་ཚོར་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ཡག་པོ་སྒྲུབ་པར་ཁ་ཕྱོགས་གསལ་སྟོན་གནང་ཡོད་ལ་གཞི་འཛིན་ས་མཁོ་འདོན་ཡང་གནང་ཡོད། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལ་བློ་རྩེ་གཅིག་སྒྲིམ་གྱིས་སློབ་སྦྱོང་དང་གོ་བ་ལེན་པ། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ཡག་པོ་སྒྲུབ་པའི་གལ་ཆེའི་རང་བཞིན་དང་དགོས་གཏུགས་རང་བཞིན་ལ་ངོས་འཛིན་གཏིང་ཟབ་བྱེད་པ། འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེ་རུ་གཏོང་བ། བློ་བརྟན་འགྱུར་མེད་ངང་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ལག་ལེན་བསྟར་བ། ཚེ་སྲོག་ནི་གང་ལས་ལྷག་པ་དང་། རིམས་ནད་ནི་བཀའ་རྒྱ། སྔོན་འགོག་ནི་འགན་འཁྲི་བཅས་ཡིན་པ་མཐའ་འཁྱོངས་བྱེད་པ། ཐོག་མཐའ་བར་གསུམ་དུ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་གི་བདེ་འཇགས་དང་གཟུགས་གཞིའི་བདེ་ཐང་ཨང་དང་པོར་འཇོག་པ། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་དེ་མིག་སྔའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེ་ཤོས་ལ་བརྩིས་ནས་དམ་འཛིན་བྱེད་པ། དེ་བས་བློ་བརྟན་འགྱུར་མེད་ཀྱི་རྣམ་འགྱུར་དང་། དེ་བས་ནན་པའི་བྱ་ཐབས། དེ་བས་བློ་ཐག་ཆོད་པའི་བྱ་སྤྱོད་བཅས་ལ་བརྟེན་པ། སྤྱི་ཁྱབ་ཧྲུའུ་ཅི་དང་། ཏང་ཀྲུང་དབྱང་། རྒྱལ་སྲིད་སྤྱི་ཁྱབ་ཁང་བཅས་ཀྱི་ཐབས་ཇུས་བཀོད་སྒྲིག་ཁག་དོན་འཁྱོལ་ཏན་ཏིག་བཅས་བྱས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་དགོས།
         ཚོགས་འདུའི་ཐོག ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞིས་ཙུའུ་ཀྲང་གནང་བའི་རང་སྐྱོང་ལྗོངས་ཀྱི་ཏོག་དབྱིབས་ནད་དུག་གསར་པས་བསླངས་པའི་གློ་ཚད་ལ་ཁ་གཏད་གཅོག་པའི་ལས་དོན་འགོ་ཁྲིད་ཚོགས་ཆུང་འཛུགས་རྒྱུ་དང་ཆབས་ཅིག དེའི་གཤམ་འོག་ཏུ་གཞུང་ལས་ཁང་འཛུགས་རྒྱུའི་གཏན་འབེབས་བྱས་པ་རེད། དེ་ཉིན་ནས་བཟུང་། ལྗོངས་ཡོངས་སུ་ཐོལ་བྱུང་གི་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་ཚབས་ཆེན་རིམ་པ་གཉིས་པར་བརྡ་ལན་ཞུ་བའི་སྔོན་ཇུས་ལག་ལེན་བསྟར་རྒྱུ་རེད།
         ཚོགས་འདུའི་ཐོག དུས་མཚམས་གོང་མར་རང་ལྗོངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལ་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས་པ་དང་། རིམ་ཁག་སྡེ་ཚན་ཁག་དང་ལྷག་པར་དུ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་ཕྱོགས་དང་པོར་ལས་ཀ་བྱེད་བཞིན་པའི་ལས་བྱེད་པ་དང་ལས་བཟོར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ་ཟོལ་མེད་ཀྱི་འཚམས་འདྲི་ཡང་གནང་བ་རེད།
         ཚོགས་འདུའི་ཐོག་ནན་བཤད་གནང་དོན། མིག་སྔ་ནི་རྒྱལ་ཡོངས་སུ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགག་རྩའི་དུས་སྐབས་ཡིན་པ་དང་། ང་ཚོས་སྟེས་དབང་གི་བསམ་བློ་བཅངས་པ་དང་། རྣམ་གཡེང་དང་ལྷོད་གཡེང་། རེ་མེད་ཐབས་མེད་བཅས་གཏན་ནས་མི་བྱེད་པར། ངེས་པར་དུ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱས་ནས། ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བ་དང་། གདེང་ཚོད་བརྟན་པོ་དང་སེམས་མཐུན་སྟོབས་ཤུགས་སྒྲིལ་བ། ད་ཐེངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་པ། སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གི་ཡིད་ཆེས་ཆུད་ཟོས་སུ་མི་གཏོང་བ། མི་རིགས་ཁག་གི་མང་ཚོགས་ཀྱི་རེ་བ་ཆུད་ཟོས་སུ་མི་གཏོང་བ་བཅས་བྱས་ཏེ། བྱ་སྤྱོད་ངོ་མར་བརྟེན་ནས་སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་ལ་ལྷག་བསམ་རྣམ་དག་མཐའ་གཅིག་ཏུ་ཞུ་ལུགས་མཚོན་པར་བྱེད་དགོས།
         ཚོགས་འདུའི་ཐོག་ནན་བཤད་གནང་དོན། གཅིག་ནས་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་དགོས། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་དེ“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་ཀྱི་བྱ་སྤྱོད་དངོས་ལ་བརྩིས་ནས་མ་བྱུང་སྔོན་འགོག་རྩ་དོན་དུ་བཟུང་ནས་ལས་དོན་སྒྲུབ་པ་དང་། གནད་དོན་ཆེན་པོ་མི་ཐོན་པ་རྨང་གཞིར་བྱས་ནས་གྲ་སྒྲིག་བྱེད་པ། འགན་འཁྲི་འཁུར་ཕོད་པ་དང་ལས་འགན་དོན་འཁྱོལ་བྱེད་རྒྱུ་ཚད་གཞིར་བཟུང་ནས་ལས་བྱེད་པར་ལྟ་སྟངས་འཛིན་པ་བཅས་བྱས་ཏེ། རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་གྱི་རྩ་འཛུགས་ཀྱི་འགོ་ཁྲིད་ལ་སྔར་བས་ཤུགས་སྣོན་རྒྱག་དགོས། རིམ་ཁག་ཏང་སྲིད་ཀྱི་འགོ་ཁྲིད་ལས་བྱེད་པ་གཙོ་བོས་སྤྱི་ཁྱབ་ཧྲུའུ་ཅིའི“ལས་གནས་བརྟན་སྲུང་གིས་མདུན་ཕྱོགས་སུ་བཀོད་འདོམས་བྱེད་དགོས་པའི”མཛུབ་སྟོན་གལ་ཆེན་ལ་བློ་རྩེ་གཅིག་སྒྲིམ་གྱིས་གོ་བ་བླངས་ནས་དོན་འཁྱོལ་ནན་པོ་བྱེད་པ་དང་། འཁོར་ཤག་བསྡད་པའི་ས་ཁུལ་དང་། གྲོང་ཁྱེར། རྫོང་དང་ཆུས། ཤང་དང་གྲོང་རྡལ་བཅས་ཀྱི་ཏང་སྲིད་ཀྱི་འགན་འཁུར་བློ་མཐུན་གཙོ་བོས་འཕྲལ་མར་ལས་གནས་ཐོག་བསྐྱོད་དེ། འགན་འཁྲི་འཁུར་ཕོད་པ་དང་བློ་ཁོག་ཆེན་པོས་འགན་འཁྲི་ཁུར་ཏེ་མངའ་ཁོངས་སྲུང་བའི་འགན་འཁྲི་ཡོད་པ་དང་མངའ་ཁོངས་སྲུང་བའི་འགན་འཁྲི་གཙང་སྒྲུབ་བྱེད་དགོས། རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཁོངས་གཏོགས་ས་ཆའི་འགན་འཁྲི་དོན་འཁྱོལ་ནན་པོ་བྱེད་པ་དང“བསམ་ཇུས་གཅིག”གི་བསམ་བློ་བརྟན་པོ་བཅངས་ནས། ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ཁག་གླེང་མེད་ལག་བསྟར་བྱེད་པ་དང་། འཁོར་རྒྱུག་ནུས་ཆེ་དང་མཉམ་ཤུགས་ཆགས་པ་བྱས་ཏེ་བསམ་བློའི་ཐད་མཐོང་ཆེན་མི་བྱེད་པ་དང་། ལས་དོན་དམིགས་སར་མི་འབྱོར་བ། བྱ་ཐབས་ནུས་ལྡན་མེད་པ་བཅས་ལ་འགན་འཁྲི་རྩད་གཅོད་དང་བདའ་འདེད་ནན་པོ་གཏོང་དགོས། གཉིས་ནས་སྔོན་འགོག་གཙོ་བཟུང་མཐའ་འཁྱོངས་བྱེད་དགོས། “སྔོན་འགོག”ཐད་ཤུགས་སྣོན་བརྒྱབ་ནས་སེམས་ཁྲལ་གྱི་འདུ་ཤེས་དང་ཉེན་ཟོན་གྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང“སྔོན་འགོག”གི་ལས་དོན་གཏིང་ཟབ་དང་། ཞིབ་ཚགས། ཏན་ཏིག་བཅས་སྒྲུབ་དགོས། ཕྱི་ཕྱོགས་ཀྱི་རིམས་ནད་འབྱུང་རྩ་གཏན་འགོག་བྱས་ཏེ་འགྲུལ་སྐྱེལ་བབས་ཚུགས་དང་། གནམ་ཐང་། མེ་འཁོར་བབས་ཚུགས་སོགས་ཀྱི་གཙོ་གནད་ཁུལ་དང་དེ་བཞིན་རླངས་འཁོར་དང་། མེ་འཁོར། གནམ་གྲུ་སོགས་རླུང་འགྲོ་དམ་པའི་འགྲིམ་འགྲུལ་ཡོ་བྱད་ལ་རླུང་འགྲོ་དང་། དུག་སེལ། ཚ་བ་འཇལ་བ་སོགས་ཀྱི་བྱ་ཐབས་སྤྱད་དེ། དོགས་པ་ཡོད་པའི་ནད་པ་དང་འབྲེལ་གཤིབ་ཟབ་མོ་བྱུང་མཁན་ཚང་མར་གསོ་རིག་གི་བླང་བྱ་གཞིར་བཟུང་ལོགས་འཇོག་དང་བརྟག་དཔྱད་བྱེད་དགོས་པ་དང་། ཡུལ་སྐོར་བ་སོགས་བོད་དུ་ཡོང་མཁན་ཚང་མར་རེ་རེ་བཞིན་ཐོ་འགོད་བྱེད་པ་དང་འབྲེལ་གཏན་འཁེལ་བྱ་ཡུལ་དུ་ལོགས་འཇོག་བརྟག་དཔྱད་ཉིན་14བྱེད་དགོས་པ་མ་ཟད། ནང་ས་ནས་བོད་དུ་ཡོང་མཁན་མི་སྣར་རང་ཡུལ་དུ་ལོག་རྒྱུའི་ཁ་ཏ་བསླབ་བྱ་དང་ཞབས་ཞུའི་ལས་དོན་ཡག་པོ་བསྒྲུབས་སྟེ་བརྒྱུད་ཁྱབ་བྱེད་ལམ་འགོག་དགོས། ནང་ཁུལ་དུ་མངོན་མེད་ནད་བརྟག་ལ་བརྟག་དཔྱད་བྱས་ཏེ་རིམས་ནད་ལྟ་ཞིབ་ཚད་ལེན་དང་། གྲལ་བཤེར། སྔོན་ཚུད་ཉེན་བརྡ་གཏོང་བ་བཅས་ནན་ཏན་བྱེད་པ་དང་། ཚ་བ་བརྒྱབ་པའི་ནད་པར་བརྟག་དཔྱད་དང་། འདེམས་བཤེར་གྱི་གོ་རིམ་དང་ཐོ་འགོད་ལམ་ལུགས་ལག་བསྟར་ནན་ཏན་བྱས་ཏེ་སྔ་ཙམ་ཤེས་རྟོགས་དང་། སྔ་ཙམ་སྙན་སེང་ཞུ་བ། སྔ་ཙམ་བརྟག་དཔྱད། སྔ་ཙམ་ལོགས་འཇོག སྔ་ཙམ་སྨན་བཅོས་བཅས་ཏན་ཏིག་ཐུབ་པ་བྱེད་དགོས། གཙོ་གནད་མངོན་གསལ་དོད་པོ་ཡོང་བ་བྱས་ནས་ཁྲིམས་བཞིན་དང་། ཚན་རིག་དང་མཐུན་པ། གོ་རིམ་ལྡན་པ་བཅས་ཀྱི་སྒོ་ནས་སྔོན་འགོག་ཚོད་འཛིན་བྱེད་པ་དང་གཙོ་གནད་ཁུལ་དང་མི་སྣ་འདུ་འཛོམས་ཆེ་ཁུལ་དང་། ལྷག་དོན་དུ་ཚོང་ར་དང་། གསོལ་མགྲོན་ཁང་། མགྲོན་ཁང་། སློབ་གྲྭ ཡུལ་སྐོར་མཛེས་ལྗོངས་ཁུལ། དགོན་སྡེ་སོགས་ལ་སྔོན་འགོག་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་དང་། ལྗོངས་ནང་ཁུལ་གྱི་རིག་གནས་རོལ་རྩེད་ཁང་གི་སྤྱི་དམངས་འདུ་འཛོམས་བྱེད་སྒོ་མཐའ་དག་གནས་སྐབས་མཚམས་འཇོག་བྱེད་དགོས་པ། ཡུལ་སྐོར་ཚོགས་པ་ཚང་མའི་བྱེད་སྒོ་མཚམས་འཇོག་བྱེད་དགོས་པ། དགོན་སྡེ་སོགས་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་ཚང་མ་ཕྱི་ཕྱོགས་སུ་སྒོ་མོ་འབྱེད་རྒྱུ་གནས་སྐབས་མཚམས་འཇོག་བྱེད་དགོས། ནང་བསྟན་མཐུན་ཚོགས་དང་ཆོས་ལུགས་ལས་རིགས་ཀྱི་འཐུས་ཚབ་མི་སྣ་དང་གྲྭ་བཙུན་གྱིས་འགག་རྩའི་དུས་སུ་ནུས་པ་ཐོན་ཐུབ་པ་བྱས་ཏེ། དད་ལྡན་མང་ཚོགས་མཆོད་མཇལ་ལ་ཉུང་ཙམ་འགྲོ་རྒྱུའི་ཁྲིད་སྟོན་བྱེད་དགོས། གསུམ་ནས་འཕྲལ་སྡོམ་གྲ་སྒྲིག་ཡག་པོ་བྱེད་དགོས། མཇུག་འབྲས་སྡུག་ཤོས་ཀྱི་བསམ་བློའི་གྲ་སྒྲིག་བྱེད་པ་དང་ཡག་ཤོས་ཕྱོགས་སུ་འབད་བརྩོན་བྱས་ནས་འཕྲལ་སྡོམ་སྔོན་ཇུས་སྔ་སྣུར་དུ་ཡག་པོ་བཟོ་བ་དང་། འཕྲལ་སྡོམ་བྱ་ཐབས་ཁག་སྤྱོད་ཤུགས་ཆེ་རུ་གཏོང་བ། འཕྲལ་སྡོམ་ནང་སྦྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱེད་དགོས། སྔོན་ལ་གྲོན་ཆུང་དང་། དོ་དམ་ནན་པོ། གནད་སྨིན་བེད་སྤྱོད་བཅས་ཀྱི་རྩ་དོན་མཐའ་འཁྱོངས་བྱས་ཏེ། སྨན་བཅོས་སྒྲིག་བཀོད་སྒྲིག་ཆས་གསོག་འཇོག་དང་སྤྱི་འདོམས་འགན་ལེན་ལ་ཤུགས་སྣོན་རྒྱག་པ་དང་། གཅིག་གྱུར་བཀོད་སྒྲིག་དང་གཅིག་གྱུར་ཚོད་འཛིན་བྱེད་པ། འཐབ་ཕྱོགས་དང་པོ་སྔོན་ལ་འགན་ལེན་བྱེད་པ་བཅས་བྱས་ཏེ། རིམས་ནད་སྔོན་འགོག་ཚོད་འཛིན་དང་སྐྱོབ་བཅོས་ཀྱི་ནུས་པ་ཆེ་རུ་ཏན་ཏིག་གཏོང་དགོས། སྨན་དོན་མི་སྣའི་འགོག་སྲུང་ལས་དོན་ལ་ཤུགས་སྣོན་བརྒྱབ་ནས་གཅིག་ལ་གཅིག་འགོས་གཏན་འགོག་མཐའ་གཅིག་ཏུ་བྱེད་དགོས། རིམ་པ་ཁག་དང་སྡེ་ཚན་ཁག་གི་ཁྲོམ་རའི་མཁོ་སྤྲོད་འགན་ལེན་ལ་ཤུགས་སྣོན་བརྒྱབ་སྟེ། མི་རིགས་ཁག་གི་མང་ཚོགས་ཀྱི་འཚོ་བའི་སྒྲིག་ལམ་རྒྱུན་ལྡན་ལྟར་ཡོང་བའི་འགན་ལེན་བྱེད་དགོས། བཞི་ནས་གླེང་ཕྱོགས་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་དགོས། སྤྱི་བདེ་ཞིབ་བཤེར་ས་ཚིགས་དང་། དམངས་ཕན་ཉེན་རྟོག་ཞབས་ཞུ་ས་ཚིགས། གྲོང་སྡོད་དང་དགོན་སྡོད་ལས་དོན་རུ་ཁག “གཉིས་ལྡན་དུད་སྦྲེལ”སོགས་ཀྱི་མཉམ་འགོག་མཉམ་བཅོས་ཀྱི་སྟོབས་ཤུགས་ལ་གང་ལེགས་བརྟེན་ནས། འབྲེལ་ཡོད་སྲིད་ཇུས་བྱ་ཐབས་དྲིལ་བསྒྲགས་དང་གསལ་འགྲེལ་ཡག་པོ་བྱེད་པ་དང་། འཕྲོད་བསྟེན་བདེ་ཐང་དང་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཤེས་བྱ་དྲིལ་བསྒྲགས་དང་ཁྱབ་གདལ་ཤུགས་ཆེན་གཏོང་བ། བདེ་ཐང་དྲན་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ། མང་ཚོགས་ཀྱི་རང་ངོས་འགོག་སྲུང་གི་འདུ་ཤེས་ཟབ་ཏུ་དང་ནུས་པ་ཆེ་རུ་ཏན་ཏིག་གཏོང་བ། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་མང་ཚོགས་ཀྱི་རང་རྟོགས་རང་བཞིན་དང་རང་འགུལ་རང་བཞིན་ཆེ་རུ་གཏོང་བ་བཅས་བྱས་ཏེ། མང་ཚོགས་ཕྱིར་ཉུང་ཙམ་སྐྱོད་པ་དང་འདུ་འཛོམས་ཉུང་ཙམ་བྱེད་པའི་ཁྲིད་སྟོན་བྱེད་དགོས། ཕུལ་བྱུང་དཔེ་མཚོན་གྱི་བརྙན་འཕྲིན་ལེ་ཚན་འདེམས་སྟོན་བྱས་ཏེ། མི་རིགས་ཁག་གི་མང་ཚོགས་ཀྱི་བསམ་པ་དང་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་དགོས། གཞི་རིམ་ཏང་རྩ་འཛུགས་ཀྱིས་དམག་འཐབ་མཁར་རྫོང་གི་ནུས་པ་འདོན་སྤེལ་བྱས་ཏེ། གནད་དོན་འཕྲད་སྐབས་མགོ་མི་རྨོངས་པ་དང་འགག་རྩའི་དུས་སུ་ནུས་པ་ཐོན་ཐུབ་པ་བྱས་ནས། མང་ཚོགས་ལ་སློབ་གསོ་ཁྲིད་སྟོན་དང་དོ་དམ་ཞབས་ཞུའི་ལས་དོན་ཡག་པོ་བསྒྲུབས་ཏེ། མང་ཚོགས་གྲོང་ཚོ(གྲོང་ལྷན)ནས་ཕྱིར་མི་ཐོན་པའི་འགན་ལེན་བྱེད་དགོས། ཏང་ཡོན་ལས་བྱེད་པ་དང་ལྷག་དོན་དུ་མི་རིགས་ལས་བྱེད་པས་ནུས་པ་འདོན་སྤེལ་བྱས་ནས། གཉེན་ཉེ་དང་ཕ་ཡུལ་གྱི་མང་ཚོགས་འགྲོ་སྐྱོད་ཉུང་ཙམ་བྱེད་པར་ཤུགས་རྐྱེན་ཐེབས་པ་དང་སྐུལ་ཁྲིད་བྱེད་དགོས། ལྔ་ནས་སྤྱི་ཚོགས་བརྟན་ལྷིང་ཡོང་བའི་འགན་ལེན་བྱེད་དགོས། ལྗོངས་ཏང་ཨུད་ཀྱིས་གཏན་འཁེལ་བྱས་པའི་བརྟན་ལྷིང་སྲུང་སྐྱོང་གི་བཀོད་སྒྲིག་ཁག་དོན་འཁྱོལ་ནན་ཏན་བྱས་ཏེ། བརྟན་ལྷིང་མཐའ་དག་ལས་ལྷག་པའི་བསམ་བློ་བརྟན་པོ་འཆང་བ་དང་། བརྟན་ལྷིང་སྔོན་ལ་འཇོག་རྒྱུ་མཐའ་འཁྱོངས་བྱེད་པ། མཐའ་ཚད་ཀྱི་བསམ་བློ་མཐའ་འཁྱོངས་བྱེད་པ། སེམས་ཁྲལ་གྱི་འདུ་ཤེས་ཟབ་ཏུ་གཏོང་བ། བརྟན་ལྷིང་སྲུང་སྐྱོང་གི་བྱ་ཐབས་ཁག་སྔར་བས་ལག་བསྟར་བྱེད་ཤུགས་ཆེ་རུ་གཏོང་བ། བརྟན་ལྷིང་སྲུང་སྐྱོང་གི་འགན་འཁྲི་ནན་དཀྲིས་བྱེད་པ་བཅས་བྱས་ཏེ་སྤྱི་ཚོགས་བརྟན་ལྷིང་དང་ལྷིང་འཇགས་འཆམ་མཐུན་ཡོང་བའི་འགན་ལེན་བྱེད་དགོས།
         ཚོགས་འདུ་མ་འཚོག་གོང་། ཝུའུ་དབྱིང་ཅེས་ལྷ་ས་གོང་དཀར་གནམ་ཐང་དུ་རིམས་ནད་སྔོན་འགོག་ཚོད་འཛིན་གནས་ཚུལ་ལ་བརྟག་ཞིབ་གནང་ནས་རང་འགུལ་ངང་ཚ་བ་བརྟག་དཔྱད་དང་ལེན་གནང་བ་དང་། ལས་གནས་བརྟན་སྲུང་བྱེད་མཁན་ལས་དོན་མི་སྣར་གཟིགས་པ་དང་འཚམས་འདྲི་གནང་བ་དང་འབྲེལ་གནམ་ཐང་གི་ལྟ་ཞིབ་ཚད་ལེན་དང་། འགོག་སྲུང་། ཐོ་འགོད་ལས་དོན། འཕྲལ་སྡོམ་ཐག་གཅོད་བྱ་ཐབས་བཅས་ལ་ས་གནས་ས་ཐོག་ཏུ་ཞིབ་བཤེར་གནང་བ་རེད། ཁོང་གིས་བྱ་ཐབས་ཐད་དོ་དམ་ཚོད་འཛིན་བྱེད་ཤུགས་ཆེ་རུ་བཏང་སྟེ་མེ་འཁོར་བབས་ཚུགས་དང་། རླངས་འཁོར་བབས་ཚུགས། གནམ་ཐང་སོགས་མི་སྣ་འདུ་འཛོམས་ཆེ་ཁུལ་དུ་ལྟ་འདོམས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རིམས་ནད་ལྟ་ཞིབ་ཚད་ལེན་དང་སྔོན་འགོག་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ། རླུང་འགྲོ་དང་དུག་སེལ་སོགས་ཀྱི་བྱ་ཐབས་ཡག་པོ་སྤྱོད་པ་བཅས་བྱས་ཏེ་འབྱུང་རྩ་ནས་རིམས་ནད་མཆེད་ལམ་མཐའ་གཅིག་ཏུ་མེད་པ་བཟོ་དགོས་པའི་ནན་བཤད་གནང་བ་རེད།
རྩོམ་སྒྲིག་པ། སངས་སྐྱབས།
大发麻将 澳门开元网站 申博体育 申博体育 公益福彩app