山东群英会选号技巧

དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

▶རྟའུ་རྫོང་ནས་ཁོང་རྣམས་ལ་འདི་ལྟར་ཕེབས་སྐྱེལ་ཞུས་འདུག

སྤེལ་དུས 2020-03-12 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།
          ཟླ་3པའི་ཚེས་11ཉིན་གྱི་སྔ་དྲོ། རྟའུ་རྫོང་གི་ཁྲིམས་སྐྱོང་ཐང་ཆེན་དུ་དཔའ་བོར་ཕེབས་སྐྱེལ་ཞུ་ཞེས་པའི་དགའ་སྐྱེལ་མཛད་སྒོ་དམིགས་བསལ་ཞིག་སྤེལ་ཡོད་པ་དང་། ཐང་ཆེན་གྱི་བརྙན་ཤེལ་ཆེན་པོའི་ཐོག་ནས་རྟའུ་མི་དམངས་ལྔ་ཁྲི་བརྒྱད་སྟོང་གི་ཐུན་མོང་གི་བསམ་འདུན་མཚོན་པའི་ཡི་གེ་མི་རྣམས་དང་ལྷག་པར་དུ་དཔའ་བོ་རྣམས་ཀྱི་སྤྱན་ལམ་དུ་བཤམས་པ་དང་། རྟའུ་མི་དམངས་ཀྱིས་དཀར་གཙང་རེག་འཇམ་གི་ཁ་བཏགས་རེ་རེ་དང་། ལྷག་བསམ་རྣམ་དག་གི་སྨོན་ལམ་རེ་རེ། དེ་བཞིན་བརྩེ་བས་ཁེངས་པའི་གྱེས་ཕྱག་རེ་རེ་ཡིས་དཀར་མཛེས་ཁུལ་གྱི་རྫོང་ཁག་ནས་རིམས་ནད་ཀྱི་འཐབ་ས་དང་པོར་ཡོང་ཞིང་ད་ལྟ་དངོས་སུ་ཕྱིར་འཐེན་བྱེད་མཁན་སྨན་དོན་མི་སྣ་53ལ་ཕུལ་ནས། ཁོང་ཚོས་གཙོས་པའི་རྟའུ་རུ་ཏོག་གསར་གློ་ཚད་རིམས་ནད་ཐོན་ཚུན་ཕྱོགས་ཁག་ནས་རོགས་སྐྱོར་དུ་ཕེབས་པའི་གོས་དཀར་ལྷ་རྗེ་ཡོངས་ལ་ཐུགས་རྗེ་ཆེ་ཞུས་འདུག

བརྙན་འདིའི་ཡོང་ཁུངས་ནི་དཀར་མཛེས་ཉིན་རེའི་ཚགས་པར་ཡིན།

          དཀར་མཛེས་ཁུལ་གྱི་འབྲེལ་ཡོད་འགོ་ཁྲིད་ཁག་ཅིག་ཕེབས་སྐྱེལ་མཛད་སྒོའི་ནང་ཞུགས་ཡོད་པ་དང་། དཀར་མཛེས་ཁུལ་ཨུད་ཀྱི་ཧྲུའུ་ཅི་ལིའུ་ཁྲེང་མིང་དང་། ཁུལ་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། ཁུལ་མི་དམངས་སྲིད་གཞུང་གི་འགོ་འཛིན་ཤའོ་ཡིའུ་ཚའེ་བཅས་ཀྱི་མངགས་བཅོལ་ལྟར། དཀར་མཛེས་ཁུལ་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི། དཀར་མཛེས་ཁུལ་གྱིས་རྟའུ་ཡི་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་བཀོད་འདོམས་པུའི་བཀོད་འདོམས་དཔོན་ལོ་ཀྲེན་ཧྭ་ཡིས་མཛད་སྒོའི་ཐོག་གསུང་བཤད་གནང་བ་རེད། ཁོང་གིས་སེམས་འགུལ་ཚད་མེད་ཐེབས་བཞིན་དུ་རྟའུ་རུ་ཏོག་གསར་གློ་ཚད་ཀྱི་རིམས་ནད་ཐོན་ནས་དཀའ་ཚེགས་ཆེས་ཆེ་བའི་སྐབས། དཀར་མཛེས་ཁུལ་ཨུད་དང་ཁུལ་སྲིད་གཞུང་གིས་བཀའ་རྒྱ་བཏང་མ་ཐག་རྫོང་ཁག་གི་སྨན་བཅོས་འཕྲོད་བསྟེན་ལས་དོན་པ་རྟའུ་རུ་ཕེབས་ནས། རིམས་ནད་འགོག་བཅོས་ཀྱི་དམག་འཐབ་ལ་ཞུགས་ཤིང་། དུས་ཚོད་དང་འགྲན་རེས་དང་ནད་གདོན་དང་འཛིང་མོ་བྱས་ནས། རྟའུ་ཡི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་མི་དམངས་དམག་འཐབ་ལ་དུས་མཚམས་རང་བཞིན་གྱི་རྒྱལ་ཁ་གལ་ཆེན་ལེན་ཆེད་ལེགས་སྐྱེས་མངོན་གསལ་དོད་པོ་ཕུལ་ཡོད་ཅེས་གསུངས་འདུག

          ཕེབས་སྐྱེལ་མཛད་སྒོ་མཇུག་སྒྲིལ་རྗེས། རྟའུ་རྫོང་གིས་ཚད་གཞི་ཆེས་མཐོ་བའི་གུས་ལུགས་མཛད་སྒོ་གཉེར་ཏེ་ཉེན་ཟོན་རླངས་འཁོར་གྱིས་ལམ་སྣེ་ཁྲིད་ནས་རྟའུ་རུ་ཉིན་28བསྟུད་མར་སྨན་བཅོས་ལས་དོན་སྒྲུབ་གནང་བའི་རྫོང་ཁག་གི་སྨན་བཅོས་འཕྲོད་བསྟེན་ལས་དོན་མི་སྣ་རྣམས་ལ་ཕེབས་སྐྱེལ་ཞུས་ཡོད་པ་རེད།

 

          ཟླ་2པའི་ཚེས་12ཉིན་འབའ་ཐང་རྫོང་དང་། ལི་ཐང་རྫོང་། ཉག་ཆུ་རྫོང་། ཕྱག་ཕྲེང་རྫོང་། ལྕགས་ཟམ་རྫོང་། རོང་བྲག་རྫོང་། བརྒྱད་ཟིལ་རྫོང་། དཔལ་ཡུལ་རྫོང་། སྡེ་དགེ་རྫོང་། སེར་ཤུལ་རྫོང་། བྲག་འགོ་རྫོང་། དཀར་མཛེས་རྫོང་བཅས་རྫོང་13གྱི་འཕྲོད་བསྟེན་བདེ་ཐང་ཅུས་ཀྱིས་སྒྲིག་འཛུགས་བྱས་པའི་སྨན་བཅོས་དང་ནད་ཡམས་སྔོན་འགོག་ཚོད་འཛིན་ལས་སྒོའི་རྐང་འཛིན་པ་53རྟའུ་ལ་རོགས་སྐྱོར་བྱེད་པར་ཕེབས་པ་དང་། ཁོང་ཚོས་རྟའུ་རྫོང་དུ་རིམས་ནད་རིག་པའི་བརྟག་དཔྱད་དང་། བརྟག་ཞིབ་ཚད་ལེན། སྨན་བཅོས་སྲོག་སྐྱོབ་སོགས་ཀྱི་ལས་དོན་ནང་ཐད་ཞུགས་དང་གཞོགས་འདེགས་གནང་ཡོད་པ་རེད། རྟའུ་རུ་ལས་དོན་སྤེལ་ནས་ཉིན་28སོང་བའི་ནང་རྫོང་ཁག་གི་གོས་དཀར་ལྷ་རྗེ་རྣམས་ཀྱིས་མི་སྒེར་གྱི་ཉེན་ཁར་མི་འཛེམས་པར་ཞིང་ཆེན་དང་ཁུལ་གྱི་རིགས་གཅིག་མཁས་ཅན་ཚོགས་ཆུང་དང་ཕྱར་བ་གྲུ་འདེགས་ཀྱིས་ལས་དོན་བསྒྲུབས་ཤིང་། ལས་འགན་ཁག་བདེ་བླག་ངང་ལེགས་འགྲུབ་བྱུང་བ་རེད།

རྩོམ་སྒྲིག་པ། བདེ་སྒྲོལ།

天天斗牛 公益福彩app 一定牛彩票网 一定牛彩票网 山东群英会app