山东群英会选号技巧

དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

བོད་ལྗོངས་ཀྱི་ཞིང་འབྲོག་ཚན་རྩལ་མི་སྣ་སྟོང་གཅིག་ལྷག་འཐབ་ས་དང་པོར་བསྐྱོད་དེ་ཞིང་འབྲོག་ལས་ཐོན་སྐྱེད་འཕེལ་རྒྱས་ལ་ཞབས་འདེགས་ཞུས་པ།

སྤེལ་དུས 2020-03-12 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པད་མ་རྒྱལ་གྱིས་བསྒྱུར།
          ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ་3པའི་ཚེས་10ཉིན། གསར་འགོད་པས་2020ལོར་བོད་ཀྱི་ཞིང་འབྲོག་ཚན་རྩལ་མི་སྣ་སྟོང་གཅིག་ལྷག་འཐབ་ས་དང་པོར་བསྐྱོད་དེ་ཞབས་ཞུའི་ལས་དོན་སྤེལ་བའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་གསལ། བོད་རང་སྐྱོང་ལྗོངས་ཀྱིས་2020ལོར་ལྗོངས་ཡོངས་ཀྱི་ཞིང་འབྲོག་ཚན་རྩལ་མི་སྣ་སྟོང་གཅིག་ལྷག་འཐབ་ས་དང་པོར་བསྐྱོད་ནས་ཞབས་ཞུའི་ལས་དོན་སྤེལ་བར་སྐུལ་སློང་བཀོད་སྒྲིག་བྱེད་པའི་བརྙན་འཕྲིན་ཁ་པར་གྱི་ཚོགས་འདུ་འཚོགས་ཤིང་། ཚོགས་ཐོག་ཏུ་བོད་རང་སྐྱོང་ལྗོངས་དང་། ས་གནས་རིམ་པའི་གྲོང་ཁྱེར་དང་། རྫོང(ཆུས)ཤང་དང་གྲོང་རྡལ་བཅས་རིམ་པ་བཞིའི་ཞིང་འབྲོག་ཚན་རྩལ་མི་སྣས་མཉམ་འབྲེལ་ཐོག་རུ་ཁག་རྩ་འཛུགས་བྱས་ཏེ། ཚོགས་ཆུང་བདུན་ལ་བགོས་ནས་ས་ཁུལ་དང་གྲོང་ཁྱེར་གྱི་འཐབ་ས་དང་པོར་བསྐྱོད་ནས་ཞབས་ཞུ་སྤེལ་ཏེ་གོ་རིམ་ཧྲིལ་བོར་ཞིང་འབྲོག་མང་ཚོགས་ཀྱི་ཞིང་འབྲོག་ལས་ཐོན་སྐྱེད་ཀྱི་དངོས་ཡོད་གནད་དོན་ཐག་གཅོད་བྱེད་རོགས་བྱ་བར་སྐུལ་སློང་བྱས་པ་རེད།
འདི་ནི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཡུལ་དངོས་རེད།
          ངོ་སྤྲོད་བྱས་པ་ལྟར་ན། ད་ཐེངས་ཀྱི་ཞབས་ཞུའི་ལས་དོན་འདི་ནི་བོད་རང་སྐྱོང་ལྗོངས་ཞིང་འབྲོག་ལས་ཁྱབ་ཁོངས་ཀྱི་ཐོན་སློབ་ཞིབ་གསུམ་གཙོ་གཉེར་སྡེ་ཚན་གྱིས་སྣེ་ཁྲིད་དེ་ཞིང་ལས་གྲོང་གསེབ་ཐིང་དང་། ལྗོངས་ཞིང་འབྲོག་ཚན་རིག་ཁང་། བོད་ལྗོངས་ཞིང་འབྲོག་སློབ་གླིང་བཅས་སྡེ་ཚན་གསུམ་གྱི་སྟོབས་ཤུགས་བསྡུ་སྒྲིལ་བྱས་ཤིང་། དེར་ཞིང་ལས་དོ་དམ་ལས་བྱེད་པ་དང་ལག་རྩལ་མི་སྣ་2627ལྷག་ཞབས་ཞུའི་ལས་དོན་ནང་ཞུགས་རྒྱུ་ཡིན་པ་དང་། མངགས་གཏོང་བྱས་པའི་ལག་རྩལ་ཞབས་ཞུའི་མི་སྣ་རྣམས་ནི་ཞིང་འབྲོག་ཆེད་ལས་48དང་འབྲེལ་ཏེ། ཐོན་སློབ་ཞིབ་གསུམ་དང་འདེབས་གསོ་ལས་སྣོན་གྱི་རིག་ཚན་སོ་སོ་དང་རིགས་དབྱེ་ཚང་མ་འཛོམས་ཡོད་པ་རེད།
          ཞབས་ཞུའི་ཚོགས་ཆུང་ཁག་གིས་ནས་དང་། འབྲི་གཡག བོད་ཕག བོད་ལུག འོ་མ། སྔོ་ཚལ། གཟན་རྩྭ་བཅས་ཞིང་འབྲོག་ལས་ཀྱི་གཙོ་ཁྲིད་ཐོན་ལས་ཆེ་གྲས་བདུན་ལ་གཙོ་གནད་ཀྱིས་དམིགས་ཏེ་གཞི་ཁྱོན་ཅན་དང་ཚད་ལྡན་ཅན་གྱི་འདེབས་གསོའི་རྟེན་གཞི་འཛུགས་སྐྲུན་ལ་མཛུབ་ཁྲིད་བྱེད་པ་དང་། ཞིང་འབྲོག་ལས་ཀྱི་ཚན་ཞིབ་གྲུབ་འབྲས་གཞན་སྒྱུར་བྱས་ནས་ཞིང་འབྲོག་ལས་ཀྱི་དངོས་བཀོལ་ལག་རྩལ་ཁྱབ་གདལ་དུ་བཏང་སྟེ། གཅིག་ལ་གཅིག་གཏད་དང་ལག་ལེན་དངོས་བརྒྱུད་ཀྱི་དམར་ཁྲིད་ཀྱི་ཐབས་ལམ་སྤྱད་ནས་རྩལ་ནུས་གསོ་སྦྱོང་དང་དངོས་སྦྱོང་སྤེལ་ཏེ། ཤར་རྒྱུད་ནས་དབུས་རྒྱུད་དང་ནུབ་རྒྱུད་དུ་ཁག་བགོས་ངང་དངོས་བཀོལ་ལག་རྩལ་གྱི་ཞབས་ཞུ་སྤེལ་རྒྱུ་རེད། ཐེངས་འདིའི་ཞབས་ཞུའི་ཐད་གྲོང་ཚོར་ཞབས་འདེགས་ཞུ་བའི་ལམ་སྲོལ་སྤྱད་ནས་ཚན་རྩལ་མི་སྣ་ཚང་མ་རྫོང(ཆུས)དང་ཤང་གྲོང་དུ་བཟའ་སྡོད་བྱེད་པ་དང་། ཞིང་ཁ་དང་འབྲོག་རར་ཞབས་འདེགས་ཞུས་ཏེ་མི་རེར་ལོ་འདིའི་ནང་ཞབས་ཞུའི་ཉིན་གྲངས་100ལས་མི་ཉུང་བ་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།
          མིག་སྔར་བོད་ལྗོངས་ནི་དཔྱིད་རྨོན་གྱི་དུས་སུ་སླེབས་ཡོད་ཅིང་། ཐེངས་འདིའི་ལག་རྩལ་ཞབས་ཞུའི་ལས་དོན་དེ་མིག་སྔའི་ཞིང་འབྲོག་ལས་ཐོན་སྐྱེད་ལ་ཚན་རྩལ་མཁོ་བར་དམིགས་ཏེ། ནས་ཀྱི་ཐོན་འཕར་དང་། འབྲི་གཡག་བཤས་གཏོང་། ལུག་རྒྱུད་ལེགས་བཅོས་དང་། བཞོན་མ་གསོ་སྤེལ། ལྡུམ་རའི་ལག་རྩལ་འདེབས་འཛུགས། མིས་བཟོས་རྩྭ་འདེབས། ཞིང་ལས་ཐོན་རྫས་ཀྱི་ལས་སྣོན་སོགས་གོ་ཆོད་པ་དང་། དངོས་བཀོལ་ཆེ་བ། སྤྱོད་ཐུབ་པ་བཅས་ཀྱི་ལག་རྩལ་100གསེད་དཀྲོལ་དང་སྙིང་བསྡུས་བྱས་པར་མ་ཟད། ཉེར་སྤྱོད་ལག་རྩལ་ཕྱོགས་བསྒྲིགས་པར་འགྲེམས་བྱས་ཏེ་ཉེ་བའི་ལོ་ལྔའི་རིང་ཞིང་འབྲོག་ཚན་རྩལ་གྲུབ་འབྲས་ལ་ཕྱོགས་སྡོམ་ཆ་ཚང་བྱས་པ་དང་ཕྱོགས་བསྒྲིགས་དེབ་བཟོས་ནས། བོད་རྒྱ་ཤན་སྦྱར་གྱི་ཞིང་འབྲོག་པའི་དངོས་བཀོལ་ལག་རྩལ་ལག་དེབ་18རྩོམ་སྒྱུར་བྱས་ཤིང་། ཞིང་འབྲོག་པའི་ཚན་རྩལ་གསོ་སྦྱོང་གི་བརྙན་ལམ་སློབ་ཚན་15ལྷག་བཟོས་ཏེ་སྐད་འཕྲིན་སྤྱི་རྟགས་དང་རྒྱང་ཁྲིད་སློབ་གསོའི་ཞབས་ཞུའི་ལས་སྟེགས་སོགས་ཀྱི་ཐབས་ལམ་སྣ་ཚོགས་བརྒྱུད་ནས་རྒྱ་ཆེའི་ཞིང་ལས་ལག་རྩལ་ཁྱབ་གདལ་མི་སྣ་དང་ཞིང་འབྲོག་མང་ཚོགས་ལ་བརྒྱུད་སྤེལ་བྱས་ཏེ། ཞིང་འབྲོག་ཚན་རྩལ་གྲུབ་འབྲས་རྒྱ་ཁྱབ་ངང་ཁྱབ་གདལ་དང་བེད་སྤྱོད་མགྱོགས་པོ་གཏོང་ཐུབ་པ་བྱས་པ་རེད།
          གསར་འགོད་པས་ད་རུང་རྒྱུས་ལོན་བྱུང་གསལ། ཐེངས་འདིའི་ཞིང་འབྲོག་ཚན་རྩལ་མི་སྣ་སྟོང་གཅིག་ལྷག་འཐབ་ས་དང་པོར་བསྐྱོད་ནས་ཞབས་ཞུའི་ལས་དོན་སྤེལ་རྒྱུའི་བླང་བྱ་གཞིར་བཟུང་སྟེ། ལག་རྩལ་ཞབས་ཞུའི་ལས་དོན་དེ་གནད་དོན་ཕྱོགས་སྟོན་དུ་བྱེད་པ་དང་། ལག་རྩལ་འདེགས་སྐྱོར་དུ་བྱས་ནས་སྲིད་ཇུས་དྲིལ་བསྒྲགས་དང་། ཚད་ལྡན་འཕེལ་རྒྱས། ལག་རྩལ་མཛུབ་ཁྲིད། གསར་གཏོད་འཕེལ་རྒྱས་སོགས་སྟབས་བདེ་ཞིང་མྱུར་བ་དང་ཐད་ཀར་གྱི་བྱེད་ཐབས་སྤྱད་དེ་ཞིང་འབྲོག་མང་ཚོགས་དང་གཉེར་སྐྱོང་བྱེད་པོར་ཐད་ཀར་དུ་ཕྱོགས་ནས་ངོ་ཐུག་གདོང་འཕྲད་ཀྱིས་ཞབས་འདེགས་ཞུ་རྒྱུ་ཡིན་པ་རེད།
皇冠体育网 电竞竞猜 彩库宝典app 泛亚竞猜 山东群英会走势图