山东群英会选号技巧

དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། 山东群英会选号技巧མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 山东群英会选号技巧2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། 山东群英会选号技巧“ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

མི་སེམས་ལ་དྲོད་ཁོལ་སྦྱིན་པའི་དམངས་ཕན་གཅེས་སེམས་ཀྱི་གཱ།

སྤེལ་དུས 2020-03-13 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པད་མ་རྒྱལ་གྱིས་བསྒྱུར།
           ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། “‘དམངས་ཕན་གཅེས་སེམས་ཀྱི་གཱ’འདི་ཡོད་རྗེས།ང་ཚོས་ལས་དོན་རུ་ཁག་བཙལ་ནས་བྱ་བ་བསྒྲུབས་ན་དེ་བས་སྟབས་བདེ་ཡིན”ཞེས་ལོ་ན69ལ་སླེབས་པའི་བཀྲ་ཤིས་གྲོང་ཚོའི་རྒན་རྒོན་ཚོས་དགའ་ཚོར་ཆེན་པོས་ངང་དེ་ལྟར་བཤད།
           བཀྲ་ཤིས་གྲོང་ཚོ་ནི་བོད་རང་སྐྱོང་ལྗོངས་ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་རྒྱ་མ་ཤང་མི་དམངས་སྲིད་གཞུང་གི་བྱང་ཤར་ངོས་སུ་གནས་ཤིང་། དེ་རྫོང་མཁར་དང་བར་ཐག་སྤྱི་ལེ་11ཡོད་པ་དང་ཆ་སྙོམས་ཀྱི་ས་བབ་མཐོ་ཚད་སྨི་4020ཡོད། དེའི་ཁོངས་གཏོགས་སུ་རང་བྱུང་གྲོང་ཚོ་3དང་དུད་ཚང་178ཡོད་པ་དང་མི་842ལྷག་ཡོད་ཅིང་།  2019ལོར་གྲོང་ཚོ་ཡོངས་ཀྱི་མི་རེའི་ཆ་སྙོམས་ཀྱི་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་13084.65ཟིན་ཡོད།

འདི་ནི་བཀྲ་ཤིས་གྲོང་ཚོའི་དམངས་ཕན་གཅེས་སེམས་ཀྱི་གཱ་རེད།
           “ཁྱེད་ཀྱིས་སྒོ་ཕྱེ་རོགས་གནོངས། ང་ཚོ་ནི་བཀྲ་ཤིས་གྲོང་ཚོའི་ལས་དོན་རུ་ཁག་སྐབས་དགུ་པའི་ལས་དོན་པ་ཡིན།ང་ཚོ་ཁྱེད་ལ་ ‘གཱ’འགེལ་བར་ཡོང་བ་ཡིན”ཞེས་ལས་དོན་པས་གྲོང་མི་ཚེ་རིང་ཆོས་སྒྲོན་གྱི་ཁྱིམ་སྒོ་བརྡུངས་ནས་དེ་ལྟར་བཤད་ཅིང་། ཁོང་ཚོས་བཤད་པའི་གཱ་དེ་ནི་དམངས་ཕན་གཅེས་སེམས་ཀྱི་གཱ་རེད།
           དམངས་ཕན་གཅེས་སེམས་ཀྱི་གཱ་ནི་ཤོག་བུ་Aཡི་ཆེ་ཆུང་ཡོད་ཅིང་། དེའི་རྒྱབ་ལྗོངས་སྔོན་པོའི་སྟེང་ཡི་གེ་དཀར་པོ་བྲིས་ཡོད་པ་དང་། དེའི་སྟེང་དུ་ལས་དོན་རུ་ཁག་གི་རུ་མི་སོ་སོའི་མིང་དང་གྲོང་གསེབ་དར་རྒྱས་ཀྱི་ཆེད་བསྐོས་ལས་བྱེད་པའི་པར་དང་། རུས་མིང་། གོ་གནས། འབྲེལ་གཏུག་ཁ་པར་སོགས་ཀྱི་ཆ་འཕྲིན་བཀོད་ཡོད་པས་གྲོང་ཚོ་དེའི་གྲོང་མིས་ལས་དོན་རུ་ཁག་དང་། གྲོང་གསེབ་དར་རྒྱས་ཀྱི་ཆེད་བསྐོས་ལས་བྱེད་པར་དུས་ཐོག་ཏུ་འབྲེལ་གཏུག་ནུས་ལྡན་བྱ་རྒྱུར་སྟབས་བདེ་བཟོས་ཡོད་པར་མ་ཟད། གྲོང་ཚོ་དེའི་གྲོང་མིས་དུས་དང་རྣམ་པ་ཀུན་ཏུ་ལས་དོན་རུ་ཁག་དང་གྲོང་གསེབ་དར་རྒྱས་ཀྱི་ཆེད་བསྐོས་ལས་བྱེད་པར་ཏང་གི་གཟིགས་སྐྱོང་སྲིད་ཇུས་ལ་རྒྱུས་ལོན་བྱེད་པ་དང་། འབྲེལ་ཡོད་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་བློ་འདྲི་བྱེད་པ། གནད་དོན་དང་རེ་ཞུ་ཚུར་སྣང་བྱེད་བདེ་བར་བཟོས་ཡོད། དུས་མཚུངས་སུ་གྲོང་ཚོར་བཅའ་སྡོད་བྱས་པའི་ལས་དོན་གྱི་འགན་འཁྲིའི་ཤེས་རྟོགས་ཐུབ་ཚད་མཐོ་རུ་ཕྱིན་ཏེ་མི་དམངས་ལ་ཞབས་འདེགས་ཡག་པོ་ཞུ་བ་དང་། ཞིང་འབྲོག་མང་ཚོགས་ཀྱི་བློ་ཡིད་ཚིམ་ཚད་མཐོ་རུ་འགྲོ་རྒྱུར་ཕན་ཐོགས་བཟོས་ཡོད་པ་རེད།

འདི་ནི་བཀྲ་ཤིས་གྲོང་ཚོའི་གྲོང་མི་རྒན་རྒོན་ཚོས་དམངས་ཕན་གཅེས་སེམས་ཀྱི་གཱ་རང་ཁྱིམ་གྱི་འགྲུལ་ཁང་གི་མིག་གིས་མཐོང་སླ་བའི་གནས་སུ་འགེལ་བའི་རྣམ་པ་རེད།
           འདི་ནི་བཀྲ་ཤིས་གྲོང་ཚོའི་སྐབས་དགུ་པའི་ལས་དོན་རུ་ཁག་གིས་མང་ཚོགས་ལ་བསམ་འཆར་དང་གྲོས་འགོ་སྣ་ཚོགས་བསྡུ་ལེན་བྱེད་པ་ཡིན་ལ། ལས་དོན་རུ་ཁག་གིས་མང་ཚོགས་ལ་རོགས་སྐྱོར་བྱེད་པའི་བྱེད་ཐབས་ནུས་ལྡན་ཞིག་ཀྱང་ཡིན། བཅའ་སྡོད་བྱ་ཡུལ་གྱི་གྲོང་མིར་ཞབས་འདེགས་དེ་བས་ལེགས་པ་ཞུ་བ་དང་། མང་ཚོགས་ཀྱི་རེ་ཞུའི་ཐབས་ལམ་རྒྱ་ཆེར་གཏོང་ཆེད།ལས་དོན་རུ་ཁག་གིས་དོན་དངོས་ལ་གཞི་ཚུགས་ཏེ་གྲོང་ཚོའི་“ཨུ་ལྷན་གཉིས”ཀྱི་ཚན་ཁག་གི་བསམ་འཆར་བསྡུ་ལེན་བྱས་རྗེས། ཞིབ་ཚགས་ལྡན་པའི་ང་“དམངས་ཕན་གཅེས་སེམས་ཀྱི་གཱ”ཇུས་འགོད་དང་བཟོ་སྒྲིག་བྱས་པར་མ་ཟད། གྲོང་ཚོ་དང་དུད་ཚང་རེ་རེར་བཞིན་བསྐྱོད་ནས་གཱ་སྤྲད་དེ་གྲོང་མི་ཚོའི་རྒྱབ་སྐྱོར་ཤུགས་ཆེན་དང་སྐུལ་ལྕག་འཐོབ་པ་དང་། ཚང་མས་གཱ་དེ་རང་ཁྱིམ་གྱི་མིག་གིས་མཐོང་སླ་བའི་གནས་སུ་བཀལ་ནས་ལས་དོན་རུ་ཁག་དང་གྲོང་གསེབ་དར་རྒྱས་ཀྱི་ཆེད་བསྐོས་ལས་བྱེད་པ་དང་འབྲེལ་གཏུག་བྱ་རྒྱུར་སྟབས་བདེ་བཟོས་ཡོད་པ་རེད།
           ང་ཚོ་འགྲོ་ཁར་ཚེ་རིང་ཆོས་སྒྲོན་གྱིས་བཀྲ་ཤིས་གྲོང་ཚོའི་ཧྲུའུ་ཅི་དང་པོ་དང་། ལས་དོན་རུ་ཁག་གི་རུ་དཔོན་གཞོན་པ་རྡོ་རྗེའི་ལག་པར་དམ་པོར་འཇུས་ནས་“ཁྱེད་ཚོས་དངོས་གནས་དཀའ་ལས་ཁག་སོང་། ཁྱེད་ཚོས་ཚང་མར་ཕན་བདེ་བསྐྲུན་པར་ཐུགས་རྗེ་ཆེ་ཞུས་པ་ཡིན།”ཞེས་བཤད་ཅིང་། སྐད་ཆ་འདིས་ལས་དོན་རུ་མི་ཚོའི་སེམས་པར་དྲོད་ཁོལ་སྦྱིན་པར་མ་ཟད། ཚང་མས་མང་ཚོགས་ལ་ཞབས་འདེགས་ཞུ་བའི་ཆོད་སེམས་སྔར་བས་བརྟན་པོར་ཕྱིན་ཡོད།
           “ང་ཚོས་གཱ་འདི་བཟོ་བའི་ཐོག་མའི་བསམ་འདུན་དེའང་གྲོང་མིར་བྱ་བ་ཞིག་བསྒྲུབ་འདོད་པ་དེ་ཡིན། མིག་སྔར་ང་ཚོས ‘དམངས་ཕན་གཅེས་སེམས་ཀྱི་གཱ’150ལྷག་ཙམ་སྤྲད་པ་དང་། ཞིང་འབྲོག་མང་ཚོགས་ཀྱི་རེ་ཞུ་20ལྷག་ཙམ་འབྱོར་ནས་གྱོད་གཞི་18ཐག་གཅོད་བྱས་པ་དང་། གྱོད་གཞི་གཉིས་ད་ལྟ་སྒྲུབ་གཉེར་བྱེད་བཞིན་ཡོད”ཅེས་བཀྲ་ཤིས་གྲོང་ཚོའི་ལས་དོན་རུ་ཁག་གི་རུ་དཔོན་བློ་བཟང་བསྟན་འཛིན་གྱིས་དེ་ལྟར་ངོ་སྤྲོད་བྱས།
           “གཱ་ཆུང་ཆུང་འདི་ཧ་ཅང་སྟབས་བདེ་རེད། མདང་དགོང་ཁྱིམ་དུ་གློ་བུར་དུ་གློག་སྒོ་བརྒྱབ་པས། ངས་འཕྲལ་མར་ལས་དོན་རུ་ཁག་ལ་ཁ་པར་བརྒྱབ་ནས་འབྲེལ་གཏུག་བྱས་པ་ཡིན། ཁོང་ཚོས་འཕྲལ་མར་གློག་ལས་པ་མངགས་ནས་དེ་མ་ཐག་ཏུ་གནད་དོན་ཐག་གཅོད་བྱས་སོང་། ལས་དོན་རུ་ཁག་གིས་འདི་ལྟར་ང་ཚོར་བསམས་ཏེ་ཞབས་ཞུ་བསྒྲུབ་པར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་བ་ཡིན”ཞེས་གཱ་ཆུང་ཆུང་བེད་སྤྱད་ཟིན་པའི་བཀྲ་ཤིས་ཚོ་ཆུང་གཉིས་པའི་གྲོང་མི་ཨ་མ་དཔལ་སྒྲོལ་གྱིས་དེ་ལྟར་བཤད།
           “དམངས་ཕན་གཅེས་སེམས་ཀྱི་གཱ”ཆུང་ཆུང་འདི་ནི་བལྟས་ཚོད་ཀྱིས་གླེང་རིན་མེད་པའི་བྱ་སྤྱོད་ཆུང་ངུ་ཞིག་ཡིན་ཡང་། དེ་ནི་བཀྲ་ཤིས་གྲོང་ཚོའི་ལས་དོན་རུ་ཁག་གིས་གྲོང་མིར་ཞབས་འདེགས་ཞུ་བའི་སེམས་པ་གཅིག་སྦྲེལ་གྱི་གཱ་དང་དྲོད་ཁོལ་སྦྱིན་པའི་གཱ་ཞིག་ཏུ་གྱུར་ཡོད་པ་རེད།
རྩོམ་སྒྲིག་པ། གཡང་རྒྱལ་ཚེ་རིང་།
申博体育 斗地主达人 申博体育 捕鱼大作战 捕鱼大作战