山东群英会选号技巧

དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། 山东群英会选号技巧མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། 山东群英会选号技巧“ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། 山东群英会选号技巧མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

“དབུལ་སྒྲོལ་དུད་ཚང་ཡག་ཤོས”ཀྱི་ལས་གཏོད་ལམ་བུ།

—— རྒྱལ་རྩེ་རྫོང་གི་པ་སངས་ཚེ་རིང་བཟའ་ཚོའི་ཕྱུག་འགྱུར་གྱི་ཉམས་མྱོང་།

སྤེལ་དུས 2020-05-18 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
          འདི་ལོའི་ཟླ་གསུམ་པར་རྒྱལ་རྩེ་རྫོང་དབུལ་སྒྲོལ་བཀོད་འདོམས་པུས་རྒྱལ་རྩེ་རྫོང་གྲོང་ནས་ཡིན་པའི་བརྩེ་དུང་ཟབ་པའི་བཟའ་ཚོ་འདི་གཉིས“རྒྱལ་རྩེ་རྫོང་གི་དབུལ་སྒྲོལ་དུད་ཚང་ཡག་ཤོས”སུ་བདམས་ཡོད། སྔོན་ཆད་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་དེ་ད་ཆ་བོད་བཟོའི་འཛིན་ཆས་ཚོང་ཁང་གི་སྦྱིན་བདག་ཏུ་གྱུར་ཞིང་། ཁོང་གཉིས་ཀྱི་གཏམ་རྒྱུད་མི་སེམས་འགུལ་བ་ཞིག་ཡོད།
          1985ལོར་སྐྱེས་པའི་པ་སངས་ཚེ་རིང་ནི་རྒྱལ་རྩེ་རྫོང་ལྕང་ར་ཤང་ནས་ཡིན་ཞིང་། ཆུང་དུས་ཁྱིམ་ཚང་གི་འཚོ་བར་དཀའ་ངལ་ཡོད་པའི་དབང་གིས་ནང་ཚང་གི་འགྲོ་སོང་ས་ཞིང་མུའུ་1.2དང་ཕྱུགས་རིགས་ལ་བརྟེན་ནས་འཚོ་བ་འཁྱོལ་ཐབས་བྱེད་ཀྱི་ཡོད། ཕ་མ་གཉིས་ཀྱི་ཁུར་པོ་ཡང་དུ་གཏོང་ཆེད་པ་སངས་ཚེ་རིང་གིས་སྔ་ས་ནས་སློབ་གྲྭ་འགྲིམ་མཚམས་བཞག་སྟེ་ཁྱིམ་གྱི་ཞིང་ལས་བྱེད་རོགས་དང་ཕྱུགས་འཚོ་རོགས་བྱས་ཡོད།
          2012ལོར་པ་སངས་ཚེ་རིང་རྒྱལ་རྩེ་རྫོང་གྲོང་དུ་གླ་པ་བྱེད་སྐབས་མྱང་སྟོད་ཤང་ཆུ་སྣེ་གྲོང་ཚོ་ནས་ཡིན་པའི་བུ་མོ་ཆོས་སྒྲོན་ངོ་ཤེས། ཁོང་གཉིས་ཕན་ཚུན་རྒྱུས་མངའ་ལོན་ནས་མཐར་གཉེན་སྒྲིག་བྱས་པ་མ་ཟད། ཕྲུ་གུའང་གཉིས་སྐྱེས་ཡོད། “ང་གཉིས་ཀྱིས་ལག་རྩལ་སྣེ་གཅིག་ཀྱང་མི་ཤེས་པའི་དབང་གིས་ཨར་པོ་རྒྱག་སར་ཉིན་གླ་མ་རྒྱུག་ཀ་མེད་བྱུང་། ལོ་ན་ཕྲ་བའི་བུ་ཕྲུག་འཚོ་སྐྱོང་བྱེད་དགོས་ལ། ལོ་ན་མཐོ་བའི་ཕ་མར་བསྙེན་བཀུར་ཞུ་དགོས་པས། ཉིན་གླ་རྒྱུག་པའི་ཡོང་འབབ་ཁོ་ནས་ཁྱིམ་ཚང་འདི་སྐྱོང་ཐབས་བྲལ་འདུག”ཅེས་པ་སངས་ཚེ་རིང་གིས་སྔར་སོང་གི་གནས་ཚུལ་དྲན་གསོ་བྱེད་བཞིན་བཤད། པ་སངས་ཚེ་རིང་བཟའ་ཚོ་དཀའ་སྡུག་གི་གནས་སུ་ལུས་སྐབས། 2016ལོར་རྒྱལ་རྩེ་རྫོང་དུ“ལས་ཞུགས་གཞན་སྒྱུར”གྱི་སྲིད་ཇུས་ལག་བསྟར་ཤུགས་ཆེན་བྱེད་པ་དང་། “གཉིས་གཏོད”ལས་དོན་ཧུར་ཐག་སྤེལ་བ། རྩལ་ནུས་གསོ་སྐྱོང་སྲིད་ཇུས་རྒྱ་ཁྱབ་ངང་དྲིལ་བསྒྲགས་བཅས་བྱེད་བཞིན་ཡོད། རྒྱལ་རྩེ་རྫོང་མྱང་སྟོད་ཤང་མི་དམངས་སྲིད་གཞུང་གིས་ཀྱང་རྫོང་ཨུད་དང་རྫོང་སྲིད་གཞུང་གི་དབུལ་སྐྱོར་སྲིད་ཇུས་ཁག་དང་ལེན་ཧུར་ཐག་ཞུས་ནས་རྒྱ་ཆེའི་མང་ཚོགས་དབུལ་པོར“རྩལ་ནུས་གཅིག་ཁོང་དུ་ཆུད་པ་དང་ཁྱིམ་ཚང་གཅིག་དབུལ་སྒྲོལ་ཐུབ་པའི”འབོད་སྐུལ་བྱས། སྐབས་དེ་དུས་ཀྱི་གྲོང་སྡོད་ལས་དོན་རུ་ཁག་གིས“ཉ་སྟེར་བ་ལས་འཛིན་སྟངས་སློབ་པ་དགའ”ཞེས་པའི་དགོངས་དོན་གཞིར་བཟུང་། གྲོང་ཚོ“ཨུ་ལྷན་གཉིས”ཀྱི་ཚན་ཁག་དང་མཉམ་དུ་པ་སངས་ཚེ་རིང་སར་ཕྱིན་ཏེ་ཁོང་ལ་རྫོང་ཨུད་དང་རྫོང་སྲིད་གཞུང་གིས་ལོ་ལྟར་གཉེར་བའི་བོད་ལུགས་སྲོལ་རྒྱུན་རི་མོ་འབྲི་སྟངས་དང་། ཚ་ལ་རྒྱག་སྟངས། མ་བྱན་སོགས་ལས་ཞུགས་གཞན་སྒྱུར་གྱི་གསོ་སྦྱོང་སྲིད་ཇུས་དྲིལ་བསྒྲགས་བྱས།
          སློབ་ཡོན་མི་དགོས་པར་ལག་རྩལ་སྦྱོང་རྒྱུ་ཡོད་པ་ཐོས་རྗེས་པ་སངས་ཚེ་རིང་གི་བསམ་ཐོག་ལ་རྟ་རྒྱུག་པ་བཞིན་དེ་མ་ཉིད་དུ་ལས་དོན་པར་བོད་ལུགས་སྲོལ་རྒྱུན་རི་མོ་འབྲི་སྟངས་ཀྱི་གསོ་སྦྱོང་ནང་ཞུགས་འདོད་ཆེན་པོ་ཡོད་ལུགས་བཤད།
          པ་སངས་ཚེ་རིང་གིས་རྒྱལ་རྩེ་རྫོང་མི་སྤྱི་ཅུས་ཀྱིས་སྒྲིག་འཛུགས་བྱས་པའི་ཞིང་འབྲོག་པའི་རྩལ་ནུས་གསོ་སྦྱོང་ནང་ཞུགས་པ་དང་། བོད་ལུགས་སྲོལ་རྒྱུན་རི་མོ་འབྲི་སྟངས་རང་འགུལ་ངང་སློབ་སྦྱོང་ཧུར་ཐག་བྱས། གསོ་སྦྱོང་བྱེད་རིང་ཁོང་གིས་དཀའ་སྤྱད་འབད་འཐབ་བྱས་པས་མཐར་བདེ་བླག་ངང་སློབ་མཇུག་འགྲིལ་བ་དང་བོད་ལུགས་སྲོལ་རྒྱུན་རི་མོ་འབྲི་སྟངས་ཀྱི་རྩལ་ནུས་ཐོབ་ཐང་ལག་ཁྱེར་རག དེ་རྗེས་པ་སངས་ཚེ་རིང་གིས་རང་ཉིད་ཀྱིས་སྦྱངས་པའི་ལག་རྩལ་ལ་བརྟེན་ནས་ཉེ་འགྲམ་གྱི་གྲོང་ཚོར་མང་ཚོགས་ཚོའི་ཁང་པར་ཚོན་གཏོང་བ་དང་བོད་བཟོའི་འཛིན་ཆས་ལ་ཚོན་གཏོང་འགོ་བརྩམས། པ་སངས་ཚེ་རིང་གིས་ད་དུང་ངལ་གསོའི་དུས་ཚོད་སྤྱད་དེ་བོད་བཟོའི་འཛིན་ཆས་བཟོ་སྟངས་སྦྱངས།
          པ་སངས་ཚེ་རིང་གིས་རང་ཉིད་ཀྱི་བཟའ་ཟླའང་རི་མོ་སྦྱོང་འདོད་ཆེན་པོ་ཡོད་པ་ཤེས་རྗེས། ཁོང་གིས་ངལ་གསོའི་དུས་ཚོད་སྤྱད་དེ་ཁྱིམ་དུ་བཟའ་ཟླར་རི་མོའི་ལག་རྩལ་དམར་ཁྲིད་བྱས། ཟླ་ཁ་ཤས་སོང་རྗེས་བཟའ་ཟླ་ཆོས་སྒྲོན་རང་ཉིད་ཀྱི་ལས་རོགས་འཇོན་པོ་ཞིག་ཏུ་གྱུར།
          2019ལོར་པ་སངས་ཚེ་རིང་བཟའ་ཚོས་རང་འགུལ་ངང་རྩ་འཛུགས་ལ་དབུལ་སྒྲོལ་གྱི་རེ་ཞུ་ཕུལ། ལོ་མཇུག་ཏུ་སླེབས་སྐབས་བཟའ་ཚོ་གཉིས་ཀྱིས་དངུལ་ཁང་ནས་ཡིད་རྟོན་རོགས་སྐྱོར་མ་དངུལ་སྒོར་ཁྲི་2གཡར་རྒྱུའི་གྲོས་བསྡུར་བྱས་པ་དང་འབྲེལ། དཀའ་ལས་བརྒྱབ་ནས་བསགས་པའི་དངུལ་ཚང་མ་བཏོན་ཏེ་རྒྱལ་རྩེ་རྫོང་གྲོང་དུ“སེམས་མཐུན་བཟའ་ཚོའི་བོད་བཟོའི་འཛིན་ཆས་ཚོང་ཁང”བཙུགས་ནས་དཀའ་སྤྱད་ཀྱི་ལས་གཏོད་ལམ་བུར་སྐྱོད་འགོ་ཚུགས།
          མིག་སྔར། པ་སངས་ཚེ་རིང་གི་འཛིན་ཆས་ཚོང་ཁང་གི་ཚོང་ཡག་པོ་ཡོད་པ་དང་བཟའ་ཚོ་གཉིས་ལ་ཡང་ཟླ་གཅིག་ལ་ཡོང་འབབ་སྒོར་ཁྲི་གཅིག་ལྷག་ཙམ་རག་གི་ཡོད། ཁོང་གཉིས་ཀྱི་ཐུན་མོང་གི་འབད་བརྩོན་དང་དཀའ་སྤྱད་བརྒྱུད། ད་ཆ་འཛིན་ཆས་དབོར་བྱེད་ཁྱིམ་དུ་ཟོག་འདྲེན་རླངས་འཁོར་ཆུང་གྲས་ཤིག་ཉོས་ཡོད།
          “དབུལ་སྒྲོལ་ཕྱུག་འགྱུར་བྱུང་བར་ངེས་པར་དུ་ཀྲུང་གོ་གུང་ཁྲན་ཏང་དང་སྲིད་གཞུང་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཏང་དང་སྲིད་གཞུང་གིས་སློབ་ཡོན་མི་དགོས་པར་ང་ཚོར་ཆགས་ས་བརྟེན་སའི་རྩལ་ནུས་བསླབ་བྱུང་། ད་ཆ་བོད་ཀྱི་ལོ་རྒྱུས་ཐོག་གི་དུས་སྐབས་ཡག་ཤོས་སུ་སླེབས་ཡོད་པས། ང་ཚོས་ཕུ་ཐུང་བརྫེས་ནས་ངར་ཤུགས་མ་སྒྲིམ་ག་ལ་སྲིད། རྒྱལ་ཁབ་ཀྱི་རྐང་པ་འཐེན་མཁན་བྱེད་ག་ལ་རུང”ཞེས་པ་སངས་ཚེ་རིང་གིས་གད་མོ་དགོད་བཞིན་དུ་དེ་ལྟར་བཤད།
澳门开元网站 皇马电竞app 火拼斗牛 申博体育 波克棋牌