山东群英会选号技巧

དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
山东群英会选号技巧ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

ཐག་རིང་ཡུལ་ནས་རོགས་སྐྱོར་བྱེད་པར་ཕེབས། དམག་དམངས་ཉ་ཆུ་ལྟ་བུའི་བརྩེ་སེམས་ཟབ།

སྤེལ་དུས 2020-05-18 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
—— བོད་ལྗོངས་མཛོ་སྒང་རྫོང་མི་དམངས་སྨན་ཁང་གི་ཆེད་མངགས་གདན་ཞུས་བློ་འདྲི་ཡུལ་དང་དམག་དཔུང་གི་བོད་སྐྱོར་ལས་བྱེད་པ་ལེ་ཀྲེན་གྱི་སྐོར་ཐར་ཐོར་བཀོད་པ།
འདི་ནི་ལེ་ཀྲེན་གྱིས་འབྲེལ་ཡོད་མི་སྣ་དང་མཉམ་དུ་ལས་དུས་འཕར་མ་བྱས་ནས་སྨན་ཁང་གི་རིམ་པ་འཛུགས་གཏོད་ལས་དོན་སྒྲུབ་བཞིན་པ།
        རྩོམ་སྒྲིག་པའི་སྦྲགས་མཆན། ལེ་ཀྲེན་ནི་མཁའ་དམག་ཁྱད་ལྡན་གསོ་རིག་ལྟེ་གནས་སྨན་དོན་པུའི་ཀྲུའུ་རེན་དང་། རྒྱལ་ཁབ་དང་དམག་དཔུང་སྨན་ཁང་གི་རིམ་པ་དཔྱད་འདེམས་ཀྱི་ཚད་གཞིའི་འཆར་ཟིན་འགོད་མཁན་རིགས་གཅིག་མཁས་ཅན་དང་ཞིབ་དཔྱད་པ་ཡིན་ཞིང་། སྨན་ཁང་དོ་དམ་བྱ་བར་ཞུགས་ནས་ལོ་22སོང་ཡོད། ལེ་ཀྲེན་གྱིས་ཀྲུང་གོ་སྨན་ཁང་གསོ་རིག་ལྷན་ཚོགས་ཚད་ལྡན་ཅན་ཨུ་ལྷན་གྱི་རྒྱུན་ཨུའི་འགན་འཁུར་མྱོང་བ་དང་། བསྡོམས་རྩིས་འབྱུང་ཁུངས་ཀྱི་དུས་དེབ་ཐོག་དཔྱད་རྩོམ་33དང་ཆེད་རྩོམ་4སྤེལ་བ། 《ཀྲུང་གོའི་སྨན་བཅོས་སྤུས་ཚད་ཀྱི་བདེ་འཇགས་དོ་དམ་ཚད་གཞི》3རྩོམ་སྒྲིག་བྱེད་པའི་ནང་ཞུགས་པ། རྒྱལ་ཁབ་ཀྱི་གཙོ་གནད་ཆེད་དམིགས་ཞིབ་འཇུག་བྱ་གཞི་2ཀྱི་འགན་འཁུར་བ། དམག་དཔུང་གི་ཚན་རྩལ་ཡར་ཐོན་བྱ་དགའ་རིམ་པ་གཉིས་པ་དང་རིམ་པ་གསུམ་པ་རེ་རག་ཡོད། 2020ལོའི་ཟླ་2པའི་ཟླ་མཇུག་ཏུ་ལེ་ཀྲེན་གྱིས་ལམ་ཐག་སྤྱི་ལེ་6000ལྷག་ཙམ་ཆོད་པའི་པེ་ཅིང་ནས་བོད་ལྗོངས་ཆབ་མདོ་གྲོང་ཁྱེར་མཛོ་སྒང་རྫོང་དུ་ཡོང་སྟེ་རྫོང་མི་དམངས་སྨན་ཁང་ལ་སྨན་ཁང་གི་རིམ་པ་དཔྱད་འདེམས་ལས་དོན་སྤེལ་རོགས་བྱས། ཁོང་གི་བོད་སྐྱོར་བྱས་རྗེས་ནི་མི་སེམས་འགུལ་བ་ཞིག་དང་ལས་ཀའི་གྲུབ་འབྲས་མངོན་གསལ་དོད་པས། ད་ཆ་བོད་རང་སྐྱོང་ལྗོངས་མཛོ་སྒང་རྫོང་མི་དམངས་སྨན་ཁང་གི་དཔྱད་འདེམས་བསུ་བའི་གཞུང་ལས་ཁང་གི་བློ་འདྲི་ཡུལ་དུ་ཆེད་མངགས་གདན་ཞུ་བྱས་ཡོད། 
        སྨན་ཁང་གི་རིམ་པ་འཛུགས་གཏོད་ཆེད་དུ་ཉིན་མཚན་དབྱེར་མེད་ལས་ལ་བྲེལ་བ། 
        གསར་འགོད་པར་གཞུང་ལས་ཁང་ནས་ལེ་ཀྲེན་ཐོག་མར་མཐོང་སྐབས་ཁོང་གི་ལག་ཏུ་སྨན་ཁང་གི་རིམ་པ་དཔྱད་འདེམས་ལས་དོན་གྱི་གསལ་ཐོ་མཐུག་པོ་ཞིག་ཉར་འདུག སྐྱ་སེར་དུ་གྱུར་པའི་ཤོག་བུའི་ཐོག་ཏུ་ཟིན་ཐོ་མང་པོ་བརྒྱབ་ཡོད་པ་དང་ཤོག་བུའི་ཟུར་ལྟེབ་རྙིད་ཐེབས་ནས་ཡོད་པ་དེ་ཐོག་ནས་བསམ་གཞིག་དང་ལྟ་ཀློག་ཡང་ཡང་བྱས་པ་ཞིག་ཡིན་པ་སྨོས་མི་དགོས། ལེ་ཀྲེན་གྱིས“སྨན་ཁང་གི་རིམ་པ་འཛུགས་གཏོད་དེ་ནང་དོན་2000ལྷག་ཙམ་དང་འབྲེལ་བ་ཡོད་པ་དང་། ཚང་མ་མང་ཚོགས་ཀྱི་ཁེ་ཕན་དང་འབྲེལ་བས། སྣང་ཆུང་གཏན་ནས་གཏོང་མི་རུང་། དེ་སྔོན་སྨན་ཁང་གི་རྨང་གཞི་སྐྱོ་བས་ཕྱོགས་ཁག་ཚང་མ་སྒྱུར་བཀོད་བྱེད་དགོས་ཀྱི་ཡོད། ནད་པར་སྔར་ལས་ལེགས་པའི་སྨན་བཅོས་ཞབས་འདེགས་ཞུ་ཆེད་དུ། ང་ཚོས་གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་ཁོར་ཡུག་དང་སྨན་ཁང་གི་རིག་གནས་འཛུགས་སྐྱོང་སོགས་རེ་རེ་བཞིན་ཚད་ལྡན་བཟོས་པས། ད་ཆ་ཕྱོགས་ཁག་ཚང་མར་ཡར་རྒྱས་ངེས་ཅན་ཞིག་བྱུང་ཡོད”ཅེས་བཤད། ཚན་ཁག་གཞན་དག་གི་བློ་མཐུན་ཚོས་གསར་འགོད་པར། བློ་མཐུན་ལེ་ཀྲེན་མཛོ་སྒང་དུ་འབྱོར་སྐབས་རྫོང་མི་དམངས་སྨན་ཁང་གིས་རིམ་པ་འཛུགས་གཏོད་ཀྱི་འགག་སྒྲོལ་གདོང་མཆོང་བྱེད་པའི་དུས་མཚམས་ཡིན་པས། སྒོ་བསྟེན་སྨན་ཁང་གི་ཐོག་སོ་གསུམ་པར་ཡོད་པའི་ཁོང་གི་གཞུང་ལས་ཁང་སྤྱིར་ན་མཚན་གང་གློག་ཁྲ་ཆིལ་ལེར་སྤར་ཏེ་ལས་ཀ་གནང་གི་ཡོད། ཁོང་དེ་སྔ་ནས་ཁྲག་ཤེད་མཐོ་པོ་ཡོད་པའི་ཁར་དུས་ཡུན་རིང་པོ་གཉིད་མི་འདང་བ་དང་ལས་ཀ་ཚད་ལས་བརྒལ་ནས་བྱས་པས། ཁྲག་ཤེད་གཅོག་སྨན་ལུས་འབྱར་བྱེད་དགོས་ཀྱི་ཡོད་ཅེས་བཤད་བྱུང་། 
        སེམས་ནུས་ཡོད་རྒུས་ལྟ་སྐུལ་མཛུབ་ཁྲིད་བྱས་པས་སྨན་བཅོས་ནད་སྐྱོང་སྤུས་ཚད་ཕྱོགས་ཡོངས་ནས་མཐོ་རུ་ཕྱིན་པ། 
        མཛོ་སྒང་རྫོང་མི་དམངས་སྨན་ཁང་དུ་ཐོག་མར་འབྱོར་སྐབས་ལེ་ཀྲེན་གྱིས་སྨན་དོན་མི་སྣ་མང་པོར་ཐ་མག་འཐེན་པ་དང་། ལག་པ་དུས་ཐོག་ཏུ་མི་འཁྲུ་བ། སྨན་པའི་གྱོན་གོས་མི་གྱོན་པ་སོགས་ཀྱི་གོམས་གཤིས་ངན་པ་གནས་པ་དང་། སྨན་ཁང་གི་འཕྲོད་བསྟེན་ཆ་རྐྱེན་ཞན་པ་དང་། ཚན་ཁག་ཆ་ཚང་པོ་མེད་པ། སྨན་དོན་མི་སྣ་མི་འདང་བ། སྨན་བཅོས་ལག་རྩལ་དེ་ཙམ་མེད་པ་སོགས་ཀྱི་གནད་དོན་ཡོད་པ་ཤེས་པས། སྨན་ཁང་གི་ཁོར་ཡུག་ལེགས་བཅོས་དང་། རྫོང་ཡོངས་ཀྱི་སྨན་བཅོས་དང་བདག་སྐྱོང་སོགས་ཀྱི་ཞབས་ཞུའི་ཆུ་ཚད་མཐོ་རུ་བཏང་སྟེ་སྨན་ཁང་གི་རིམ་པ་འཛུགས་གཏོད་ལ་རོགས་རམ་བྱེད་པའི་ཐད། ལེ་ཀྲེན་གྱིས་བསམ་བློ་བཏང་དྲགས་ནས་མཚན་མོ་མང་པོ་གཉིད་ཐེབས་བཅག ལེ་ཀྲེན་ནི་སྤྱིར་བཏང་གི་སྨན་པ་དང་མི་འདྲ་བར་ནད་པར་ལྟ་དགོས་པ་མ་ཟད། ད་དུང་རྫོང་སྨན་ཁང་གི་སྨན་དོན་མི་སྣ་ཡོངས་ལ་དོ་ཁུར་བྱེད་དགོས་ཀྱི་ཡོད། སྨན་དོན་མི་སྣ་ཡོངས་ལ་རང་ངོས་ཀྱི་བྱང་ཚད་མཐོ་རུ་གཏོང་བར་དེ་བས་ལེགས་པའི་སྒོ་ནས་རོགས་རམ་བྱས་ཏེ་ནད་པར་སྨན་བཅོས་བདག་སྐྱོང་སྔར་ལས་ལྷག་པ་ཐོབ་ཆེད། ཀྲུའུ་རེན་ལེ་ཀྲེན་གྱིས་ཉིན་རེའི་ཞིབ་བཤེར་ལ་དོ་སྣང་ཆེན་པོ་བྱེད་པ་དང་། ལྟ་སྐུལ་མཛུབ་ཁྲིད་དང་ནད་ཁང་དུ་ཞིབ་བཤེར་བྱེད་སྐབས་ཆུ་ཚོད་གསུམ་བཞི་ཙམ་བསྡད་ནས་རང་ཉིད་ཀྱིས་སྦྱངས་པའི་ཤེས་བྱ་རྣམས་སྨན་དོན་མི་སྣར་སློབ་གང་ཐུབ་བྱེད་ཀྱི་ཡོད། ཟླ་4ཚེས་12ཉིན་གྱི་དགོང་མོའི་ཆུ་ཚོད་11ལྷག་ཙམ་ལ་ལེ་ཀྲེན་གྱིས་སྔར་རྒྱུན་བཞིན་ཕྱི་བཅོས་ཚན་ཁག་ཏུ་སླར་ཡང་ཞིབ་བཤེར་བྱེད་པར་འོང་། དེ་གར་ཉིན་མོ་ལྟར་གྱི་སྐད་ཅོར་མེད་ཀྱང་ནད་ཁང་ནང་ལེ་ཀྲེན་གྱིས་ནད་པའི་ལག་གཉིས་ནས་བཟུང་སྟེ་ཁོང་ཚོའི་ནད་གཞིའི་གནས་ཚུལ་དང་། བསམ་པའི་འཁྱེར་སོ། འཚོ་བའི་གནས་ཚུལ་སོགས་སྐད་ཆ་ཞིབ་ཚགས་དྲིས་པ་མ་ཟད། སྨན་པ་དཀའ་བཅུ་པའི་སྙན་སེང་ཉན་ནས་ནད་པར་བརྟག་དཔྱད་དང་། དབྱེ་འབྱེད་བརྟག་དཔྱད། སྨན་བཅོས་ཇུས་གཞི། འདུས་ནད་སྣ་ཚོགས་སྔོན་འགོག་སོགས་ལ་རང་ཉིད་ཀྱི་བསམ་ཚུལ་ལྷུག་པོར་གླེང་བ་རེད། 
        སྨན་པ་དཀའ་བཅུ་པ་ཚོས་ནན་ཏན་ངང་ཉན་ཞོར་ཟིན་ཐོ་བཀོད་པ་དང་། ཁོ་ཚོས་སྨན་བཅོས་ཐད་ཀྱི་དཀའ་གནད་དྲིས་པར་ལེ་ཀྲེན་གྱིས་རེ་རེ་བཞིན་དུ་ལན་གསལ་པོ་བཏབ། རྫོང་མི་དམངས་སྨན་ཁང་གི་ཡོན་ཀྲང་གཞོན་པ་དབན་རུང་གིས་གསར་འགོད་པར་ལེ་ཀྲེན་གྱིས་ལྟ་སྐུལ་མཛུབ་ཁྲིད་བྱེད་རིམ་བཞིན་ཚང་མས་ནད་ཐོག་སྨན་བཅོས་ཀྱི་ལག་ལེན་ཁྲོད་ནས་ཆེད་ལས་ཤེས་བྱ་དེ་བས་མང་བ་ཤེས་ཀྱི་འདུག ད་ཆ་སྨན་ཁང་དུ་སྡོད་མཁན་ནད་པས་སྨན་ཁང་གི་ཞབས་འདེགས་ལ་བློ་ཡིད་ཚིམ་པོ་བྱེད་ཀྱི་འདུག་ཅེས་བཤད།
        བྱ་ཐབས་སྣ་མང་སྤྱད་ནས་དོ་དམ་ལ་དམ་འཛིན་བྱས་པས་ཁོར་ཡུག་ལེགས་གཏོང་ལ་འབྲས་བུ་བཟང་པོ་ཐོབ་པ།
        མཛོ་སྒང་རྫོང་གི་སྨན་དོན་མི་སྣ་སྤྱི་ཡོངས་ཀྱི་བྱང་ཚད་མཐོ་རུ་གཏོང་བ་དང་། སྨན་ཁང་གི་ཞབས་འདེགས་སྤུས་ཚད་དང་ཁོར་ཡུག་རྒྱུན་ཆད་མེད་པར་ལེགས་སུ་གཏོང་བར་སྣེ་ཁྲིད། སྨན་བཅོས་དང་བདག་སྐྱོང་ཞབས་འདེགས་ཀྱི་ཆུ་ཚད་མཐོ་རུ་གཏོང་བ། སྨན་ཁང་ལ་རིམ་པ་འཛུགས་གཏོད་བྱེད་རོགས་བཅས་བྱ་ཆེད། ལེ་ཀྲེན་གྱིས་མཁའ་དམག་གི་ཁྱད་ལྡན་གསོ་རིག་ལྟེ་གནས་ཀྱི་བོད་སྐྱོར་རུ་མི་གཞན་དག་དང་ཞིབ་འཇུག་གྲོས་བསྡུར་བྱས་ཏེ་སྨན་བཅོས་ཀྱི་ཆེད་ལས་ཆ་ཚང་དུ་གཏོང་བ་དང་། དོ་དམ་གྱི་འཇོན་ཐང་ཆེ་རུ་གཏོང་བ། ནུས་པ་འགན་ལེན་བཅས་ཕྱོགས་གསུམ་གྱི་ཐད་ནས་སྨན་ཁང་ལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་རྒྱུའི་སེམས་ཐག་བཅད་པ་རེད།
        ད་ཆ་མཛོ་སྒང་རྫོང་མི་དམངས་སྨན་ཁང་དུ་ནད་གཞི་ལྟ་བར་ཡོང་མཁན་གྱིས་ཁོར་ཡུག་འཕྲོད་བསྟེན་དང་། སྨན་བཅོས་ལག་རྩལ། སྨན་ཁང་དུ་བསྡད་ནས་སྨན་བཅོས་སོགས་ཐད་མིག་མཐོང་ལག་ཟིན་གྱི་འགྱུར་ལྡོག་བྱུང་བར་བསྔགས་བརྗོད་ཟབ་མོ་བྱེད་པ་དང་། མི་སེར་ཚོར་དེ་བས་ལེགས་པའི་སྨན་བཅོས་ཞབས་འདེགས་ཞུས་པ་ལས་བྱེད་པ་དང་ལས་བཟོས་མིག་མཐོང་ལག་ཟིན་བྱུང་བ་རེད། ལས་བྱེད་པ་དང་མང་ཚོགས་ཀྱིས་རྫོང་མི་དམངས་སྨན་ཁང་ལ་འགྱུར་ལྡོག་ཆེན་པོ་དེ་འདྲ་བྱུང་བ་དང་སྨན་བཅོས་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་འདུག་པས་སླད་ཕྱིན་ཆབ་མདོ་དང་ལྷ་སར་ནད་ལྟ་བར་འགྲོ་དགོས་མི་འདུག་ཅེས་གཅིག་རྗེས་གཉིས་མཐུད་ངང་བཤད།
རྩོམ་སྒྲིག་པ། སངས་སྐྱབས།
斗地主达人 火红彩票 AG体育 足彩胜负14场 澳门开元网站