山东群英会选号技巧

དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། 山东群英会选号技巧མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
山东群英会选号技巧ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

ཀྲུང་ནེའི་སྲིད་འཛིན་ཏང་གི་ཏང་སྐྱོང་རྒྱལ་སྐྱོང་ཉམས་མྱོང་གི་མཐོ་རིམ་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ།

སྤེལ་དུས 2020-06-22 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
         ཚེས་19ཉིན་གྱི་ཕྱི་དྲོ། ཀྲུང་ནེའི་སྲིད་འཛིན་ཏང་གི་ཏང་སྐྱོང་རྒྱལ་སྐྱོང་ཉམས་མྱོང་གི་མཐོ་རིམ་བགྲོ་གླེང་འཛིན་གྲྭས་བརྙན་ལམ་སྦྲེལ་མཐུད་རྣམ་པའི་ཐོག་ནས་སློབ་འགོ་ཚུགས་པའི་མཛད་སྒོ་འཚོགས་པ་དང་འབྲེལ་སློབ་ཁྲིད་ཀྱང་བྱས་པ་རེད། ཀྲུང་དབྱང་ཕྱི་ཕྱོགས་འབྲེལ་གཏུག་པུའི་པུའུ་ཀྲང་སུང་ཐའོ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ལྗོངས་ཏང་ཨུད་ཕྱི་ཕྱོགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝུའུ་དབྱིང་ཅེ། ནེ་པ་ལ་གུང་ཁྲན་ཏང་མཉམ་འབྲེལ་གྱི་ཀྲུའུ་ཞི་དེ་སྔའི་སྲིད་གཞུང་གི་ཙུང་ལི་ཕུའུ་ལ་ཁྲང་ཏ། ནེ་པ་ལ་གུང་ཁྲན་ཏང་ཀྲུང་དབྱང་གི་ཧྲུའུ་ཅི་སྲིད་གཞུང་གི་ཙུང་ལི་གཞོན་པ་དང་རྒྱལ་སྲུང་པུའུ་ཀྲང་གཅིག་ལྕོགས་པོ་ཁེ་རུའེ་ཨར་བཅས་པེ་ཅིང་དང་། ལྷ་ས། ནེ་པ་ལའི་རྒྱལ་ས་ཀ་ཏ་མན་རྡུ་བཅས་ཁག་སོ་སོར་སློབ་འགོ་ཚུགས་པའི་མཛད་སྒོར་ཞུགས་པ་དང་འབྲེལ་ཤིས་ཚིག་ཀྱང་གསུངས་པ་རེད། འདི་ནི་སློབ་འགོ་ཚུགས་པའི་མཛད་སྒོའི་ལྷ་སའི་ཚོགས་ར་ཡིན་པ།
         ཚེ་19ཉིན་གྱི་ཕྱི་དྲོ།  ཀྲུང་ནེའི་སྲིད་འཛིན་ཏང་གི་ཏང་སྐྱོང་རྒྱལ་སྐྱོང་ཉམས་མྱོང་གི་མཐོ་རིམ་བགྲོ་གླེང་འཛིན་གྲྭས་བརྙན་ལམ་སྦྲེལ་མཐུད་རྣམ་པའི་ཐོག་ནས་སློབ་འགོ་ཚུགས་པའི་མཛད་སྒོ་འཚོགས་པ་དང་འབྲེལ་སློབ་ཁྲིད་ཀྱང་བྱས་པ་རེད།
         ཀྲུང་དབྱང་ཕྱི་ཕྱོགས་འབྲེལ་གཏུག་པུའི་པུའུ་ཀྲང་སུང་ཐའོ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ལྗོངས་ཏང་ཨུད་ཕྱི་ཕྱོགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝུའུ་དབྱིང་ཅེ། ནེ་པ་ལ་གུང་ཁྲན་ཏང་མཉམ་འབྲེལ་གྱི་ཀྲུའུ་ཞི་དེ་སྔའི་སྲིད་གཞུང་གི་ཙུང་ལི་ཕུའུ་ལ་ཁྲང་ཏ། ནེ་པ་ལ་གུང་ཁྲན་ཏང་ཀྲུང་དབྱང་གི་ཧྲུའུ་ཅི་སྲིད་གཞུང་གི་ཙུང་ལི་གཞོན་པ་དང་རྒྱལ་སྲུང་པུའུ་ཀྲང་གཅིག་ལྕོགས་པོ་ཁེ་རུའེ་ཨར་བཅས་པེ་ཅིང་དང་། ལྷ་ས། ནེ་པ་ལའི་རྒྱལ་ས་ཀ་ཏ་མན་རྡུ་བཅས་ཁག་སོ་སོར་སློབ་འགོ་ཚུགས་པའི་མཛད་སྒོར་ཞུགས་པ་དང་འབྲེལ་ཤིས་ཚིག་ཀྱང་གསུངས་པ་རེད།
         ཀྲུང་དབྱང་ཕྱི་ཕྱོགས་འབྲེལ་གཏུག་པུའི་པུའུ་ཀྲང་གཞོན་པ་ཀུའོ་ཡེ་ཀྲོའུ་ཡིས་སློབ་འགོ་ཚུགས་པའི་མཛད་སྒོ་གཙོ་སྐྱོང་གནང་བ་དང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི། ལྗོངས་ཏང་ཨུད་ཕྱི་དོན་ལས་དོན་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཆེ་དགྲ་ལྷ་དང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་ལྗོངས་ཏང་ཨུད་ཕྱི་ཕྱོགས་ལས་དོན་ཨུ་ལྷན་གྱི་ཨུ་ཡོན་ཅང་ཅེ་དང་། སྤེན་པ་བཀྲ་ཤིས། ལིའུ་ཅང་བཅས་ཕེབས་ཡོད་པ་རེད།
སུང་ཐའོ་ཡིས་ཀྲུང་ནེ་རྒྱལ་ཁབ་གཉིས་པོས་སྔར་ནས་བཟུང་ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་གནད་དོན་ཐད་རྒྱབ་སྐྱོར་བྱེད་རེས་བྱེད་ཀྱི་ཡོད།
         བོད་དང་ཤང་ཀང་སོགས་ཀྱི་གནད་དོན་ཐད་ནེ་པ་ལ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་ལ་སྔ་ཕྱི་བར་གསུམ་དུ་རྒྱབ་སྐྱོར་གནང་བར་ཀྲུང་གོ་ཕྱོགས་ཀྱིས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ནེ་པ་ལ་ཕྱོགས་ཀྱིས་སྔར་རྒྱུན་བཞིན་ཀྲུང་གོ་ཕྱོགས་ཀྱི་ལངས་ཕྱོགས་ལ་བསམ་ཤེས་དང་རྒྱབ་སྐྱོར་བྱ་རྒྱུའི་ཡིད་ཆེས་ཡོད་ལ། ནེ་པ་ལ་གུང་ཁྲན་ཏང་གིས་རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས་སྲུང་སྐྱོང་བྱེད་པར་ང་ཚོས་ཀྱང་མུ་མཐུད་རྒྱབ་སྐྱོར་བྱ་རྒྱུ་ཡིན། དེ་བཞིན་རྒྱལ་ཁབ་གང་དེའི་གནས་ཚུལ་དང་འཚམ་པའི་འཕེལ་རྒྱས་ཀྱི་ལམ་བུ་འཚོལ་ཞིབ་ཧུར་ཐག་བྱས་ནས་རྒྱལ་ཁབ་འཕེལ་རྒྱས་དང་མི་རིགས་དར་རྒྱས་ཡོང་བ་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།
         སུང་ཐའོ་ཡིས་ནན་བཤད་གནང་དོན། མིག་སྔར་ཀྲུང་གོ་གུང་ཁྲན་ཏང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ། ཏང་འདི་ཉིད་ཐོག་མཐའ་བར་གསུམ་དུ་དུས་རབས་ཀྱི་མདུན་གྲལ་དུ་སྐྱོད་པ་དང་མི་དམངས་ཀྱིས་སྙིང་དབུས་ནས་གོང་བཀུར་ཞུ་བའི་མར་ཁེ་སི་རིང་ལུགས་ཀྱི་སྲིད་འཛིན་ཏང་ཞིག་ཏུ་འཛུགས་སྐྱོང་བྱེད་བཞིན་ཡོད་པ་དང་སྦྲགས། ཏོག་གསར་གློ་ཚད་རིམས་ནད་འགོག་རྒོལ་གྱི་འཐབ་རྩོད་ལ་འགོ་ཁྲིད་བྱེད་རིང་རླུང་རླབས་ཀྱི་ཉམས་སད་ཐེག་ཡོད། དེའི་ཐད་ཉམས་མྱོང་དྲུག་ནེ་པ་ལ་ཕྱོགས་དང་མཉམ་སྤྱོད་བྱེད་འདོད་པ་སྟེ། ངེས་པར་དུ་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་སྲོག་ཤིང་ཞིག་དགོས་པ་དང་། ཡང་དག་པའི་མཛུབ་ཁྲིད་བསམ་བློ་ཡོད་དགོས་པ། མི་དམངས་གོང་དུ་བཀུར་རྒྱུ་མཐའ་འཁྱོངས་བྱེད་པ། ཏང་གི་རྩ་འཛུགས་མ་ལག་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུར་དམ་འཛིན་ནན་པོ་བྱེད་པ། རྒྱལ་ཁབ་གང་དེའི་གནས་ཚུལ་དང་འཚམ་པའི་འཕེལ་རྒྱས་ཀྱི་ལམ་བུ་བློ་བརྟན་འགྱུར་མེད་ངང་འཚོལ་ཞིབ་བྱེད་པ་བཅས་རེད།
         ཝུའུ་དབྱིང་ཅེས་དང་ཐོག་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས། ད་རེས་ཀྱི་བགྲོ་གླེང་འཛིན་གྲྭ་བདེ་བླག་ངང་གཉེར་བར་བཀྲ་ཤིས་བདེ་ལེགས་ཞུས་ཤིང་། ཁོང་གིས་བསྟན་དོན། ནེ་པ་ལས་ཐོག་མཐའ་བར་གསུམ་དུ་ཀྲུང་ནེའི་ཁྱིམ་མཚེས་རྒྱལ་ཁབ་དབར་གྱི་མཛའ་མཐུན་ཟབ་ཏུ་གཏོང་བར་གཞོལ་བ་དང་། བོད་འབྲེལ་གནད་དོན་ཐད་ཀྲུང་གོ་ཕྱོགས་དང་འབྲེལ་གཏུག་མཉམ་ལས་དམ་ཟབ་རྒྱུན་འཁྱོངས་བྱས་ཏེ། ཕྱོགས་གཏོགས་གང་རུང་ཞིག་གིས་ཀྱང་ནེ་པ་ལའི་མངའ་ཁོངས་སུ་ཀྲུང་གོར་ངོ་རྒོལ་བྱེད་པའི་བྱེད་སྤྱོད་སྤེལ་དུ་མི་འཇུག་པ་དང་། ཀྲུང་གོ་དང་ནེ་པ་ལའི་མཐའ་མཚམས་ས་ཁུལ་གྱི་བརྟན་ལྷིང་བདེ་འཇགས་སྲུང་སྐྱོང་ནུས་ལྡན་བྱས་པར་ང་ཚོས་བསྔགས་བརྗོད་ཆེན་པོ་བྱེད་ཀྱི་ཡོད་ལ་སྙིང་དབུས་ནས་ཐུགས་རྗེ་ཆེའང་ཞུ་རྒྱུ་ཡིན།
         ཝུའུ་དབྱིང་ཅེས་གསུངས་དོན། བོད་ཀྱིས་ཏང་ཀྲུང་དབྱང་གི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་། ཀྲུང་གོ་དང་ནེ་པ་ལ་ཕྱོགས་གཉིས་པོའི་དོན་དངོས་ལ་གཞི་ཚུགས་ནས་རྒྱལ་ཁབ་གཉིས་པོའི་སྲིད་གཞུང་གིས་གཏན་འཁེལ་བྱས་པའི་རོགས་སྐྱོར་རྣམ་གྲངས་དོན་འཁྱོལ་ཡག་པོ་བྱེད་པ་དང་། ནེ་པ་ལ་དང་ས་མཚམས་འབྲེལ་བའི་མཐའ་མཚམས་རྫོང་གི་འགྲོ་ལམ་དང་། ཟམ་པ། འགག་སྒོ་སོགས་ཀྱི་རྨང་གཞིའི་སྒྲིག་བཀོད་སྦྲེལ་མཐུད་བྱེད་ཤུགས་ཆེ་རུ་གཏོང་བ། ཞིང་ལས་དང་། དཔལ་འབྱོར་ཚོང་དོན། ཡུལ་སྐོར། རིག་གནས། སློབ་གསོ། འཕྲོད་བསྟེན་སོགས་ཁྱབ་ཁོངས་ཀྱི་སྤེལ་རེས་དང་མཉམ་ལས་མུ་མཐུད་གཏིང་ཟབ་བྱེད་པ། ནེ་པ་ལ་གུང་ཁྲན་ཏང་གི་རིམ་པ་ཁག་དང་སྤེལ་རེས་འགྲོ་འོང་ལ་ཤུགས་སྣོན་རྒྱག་པ། ནེ་པ་ལའི་བྱང་རྒྱུད་ས་ཁུལ་གྱི་འཕེལ་རྒྱས་ལ་མུ་མཐུད་རོགས་སྐྱོར་བཅས་བྱས་ནས“རྒྱུད་གཅིག་ལམ་གཅིག”གི་འཐབ་ཇུས་ལག་བསྟར་དང་། ཀྲུང་གོ་དང་ནེ་པ་ལའི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་ཆེད་ལེགས་སྐྱེས་ཧུར་ཐག་འབུལ་འདོད་ཡོད།
         ཕུའུ་ལ་ཁྲང་ཏ་དང་པོ་ཁེ་རུའེ་ཨར་གྱིས། ནེ་པ་ལ་གུང་ཁྲན་ཏང་དང་ནེ་པ་ལའི་མི་དམངས་ཀྱིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཀྲུང་གོ་གུང་ཁྲན་ཏང་གི་ཕྱོགས་སུ་བརྟན་པོར་ལངས་ཏེ་མིག་སྔའི་གོ་ལ་ཧྲིལ་པོའི་གཞི་ཁྱོན་ཆེ་བའི་འགོ་ནད་སོགས་དང་འདྲ་བའི་གོ་ལ་ཧྲིལ་པོའི་རང་བཞིན་གྱི་གནད་དོན་དང་། དེ་བཞིན་སླད་ཕྱིན་འཕྲད་སྲིད་པའི་དཔལ་འབྱོར་སླར་གསོ་དང་། གོ་ལ་ཧྲིལ་པོའི་གདོང་ཐུག ཁོར་ཡུག་གི་ཉམས་ཉེན། དབུལ་ཕོངས་སོགས་ཀྱི་གནད་དོན་ལ་ཐུན་མོང་ཐོག་ཁ་གཏད་གཅོག་རྒྱུ་ཡིན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག ཀྲུང་གོ་མི་དམངས་ལ“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་ཡོང་བར་ལྷག་བསམ་ཟོལ་མེད་ཀྱི་སྨོན་འདུན་ཞུ་རྒྱུ་དང་ཆབས་ཅིག ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་99འཁོར་བ་དང་ཀྲུང་ནེའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་65འཁོར་བར་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན་ཞེས་བརྗོད་པ་རེད།
         ད་ཐེངས་ཀྱི་བགྲོ་གླེང་འཛིན་གྲྭས“འགྱུར་མེད་སྟོབས་ལྡན་དང་། དམངས་ཆེད་སྲིད་སྐྱོང་། དུས་བསྟུན་འཕེལ་རྒྱས་བཅས་ཀྱི་སྲིད་སྐྱོང་ཏང་འཛུགས་སྐྱོང་བྱེད”ཅེས་པ་བརྗོད་དོན་གཙོ་བོར་བྱས་ཤིང་། ལྗོངས་ཏང་ཨུད་ཏང་གི་སློབ་གྲྭའི་སློབ་སྤྱི་གཞོན་པ་དང་དགེ་རྒན་ཆེ་མོ་བ་ཤུས་ཝུན་ཧུའེ་ཡིས《ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་བོད་དུ་གྲུབ་འབྲས་ཐོབ་པའི་ངང་ལག་ལེན་བསྟར་བ》ཞེས་པ་ཁ་བྱང་དུ་བྱས་ནས་སློབ་ཁྲིད་བྱས་པ་རེད། 
རྩོམ་སྒྲིག་པ། སངས་སྐྱབས།
天天斗牛 海南4+1开奖 AG体育 波克棋牌 皇冠体育网