山东群英会选号技巧

དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། 山东群英会选号技巧མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > 山东群英会选号技巧གསར་འགྱུར་མེ་ལོང་།

བོད་ལྗོངས་ཨ་མདོ་རྫོང་གི་སྐབས་བདུན་པའི་སྐུ་ལྷ་དར་མདུང་སྟེ་འབྲི་ཆུའི་ཆུ་འགོའི་རྟ་རྒྱུག་སྒྱུ་རྩལ་དུས་ཆེན་འགོ་ཚུགས་པ།

སྤེལ་དུས 2020-07-29 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། འབྲུག་རྒྱལ་མཁར་གྱིས་བསྒྱུར།
འགོ་ཚུགས་མཛད་སྒོའི་ཡུལ་དངོས།
         ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། བོད་རང་སྐྱོང་ལྗོངས་ནག་ཆུ་གྲོང་ཁྱེར་ཨ་མདོ་རྫོང་གི་རྩྭ་ཐང་རྒྱ་ཆེ་ཞིང་གཙང་པོ་དང་མཚེའུ་མང་ལ། དེས་ཐུན་མོང་མ་ཡིན་པའི་རྩྭ་ཐང་གི་རིག་གནས་གསོ་སྐྱོང་བྱེད་བཞིན་ཡོད། ཉེ་ཆར། ཨ་མདོའི་རིགས་སོ་སོའི་མི་གྲངས་ཁྲི་4ལྷག་ཙམ་གྱིས་རྩྭ་ཐང་གི་གཟབ་རྒྱས་ཆེ་བའི་འདུ་འཛོམས་ཤིག་སླར་ཡང་བསུས་པ་སྟེ། ཨ་མདོ་རྫོང་གི་སྐབས་བདུན་པའི་སྐུ་ལྷ་དར་མདུང་སྟེ་འབྲི་ཆུའི་ཆུ་འགོའི་རྟ་རྒྱུག་སྒྱུ་རྩལ་དུས་ཆེན་འཚོགས་པ་རེད།
འགོ་ཚུགས་མཛད་སྒོའི་རྟ་རྩལ་འཁྲབ་སྟོན།
         ཟླ་བདུན་པའི་ཨ་མདོའི་རྩྭ་ཐང་གི་རྟ་ནོར་ལུག་གསུམ་ལ་ཤ་ཤེད་རྒྱས་ཤིང་། ནེའུ་གསིང་གི་སྤང་ལྗོངས་གཡུ་ཡི་མཎྜལ་དང་མཚུངས། བྱང་ཐང་གི་མི་རྣམས་ཀྱིས་གླུ་ལེན་གར་རྩེད་བྱས་ཏེ། མེས་རྒྱལ་གྱི་བཀའ་དྲིན་མཚོན་པར་བྱེད་བཞིན་ཡོད། འགོ་ཚུགས་མཛད་སྒོ་ནི་ཡུལ་དངོས་ཀྱི་ལས་བྱེད་པ་དང་འབྲོག་པ་མང་ཚོགས་ཀྱི་དགའ་འབོད་དང་རེ་སྒུག་ཁྲོད་དངོས་སུ་འགོ་ཚུགས་ཤིང་། རྒྱལ་དར་སྲུང་སྐྱོང་རུ་ཁག་དང་། གེ་སར་རྒྱལ་པོའི་རྣམ་ཐར་རྩེད་མཁན་རུ་སྟར། རྟ་རྩལ་རུ་སྟར་སོགས་འཐུས་མིའི་རུ་སྟར་རིམ་པ་བཞིན་ཚོགས་རར་ཞུགས་ཤིང་། མཛེས་སྡུག་ལྡན་པའི་ཨ་མདོའི་ལོ་རྒྱུས་དང་ཨ་མདོ་དབུལ་སྒྲོལ་ཕྱུག་འགྱུར་ངང་འབྱོར་འབྲིང་ཕྱོགས་སུ་སྐྱོད་པའི་དད་སེམས་བརྟན་པོ་དང་ཡིད་ཆེས་ཆེན་པོ་གཟིགས་མོ་བ་དག་གི་སྤྱན་ལམ་དུ་མངོན་པར་མཚོན་པ་རེད།
རྟ་རྒྱུག་འགྲན་བསྡུར།
         ཟླ་7ཚེས་26ཉིན་གྱི་སྔ་དྲོ། ཨ་མདོ་རྫོང་གི་གྱི་ལིང་300ལྷག་ཙམ་རྟ་རྒྱུག་ཐང་དུ་འགྲན་བསྡུར་བྱས་པ་རེད། སྤྱི་ལེ་8ཀྱི་རྙོག་འཛིང་ཆེ་བའི་འགྲན་ལམ་དུ་ལུང་ཤུར་དང་། གྱེན་ཐུར་གཟར་མོ། ཀྱག་ཀྱོག་གི་ལམ་ཧ་ཅང་མང་པོ་ཡོད་ལ། ཛ་དྲག་ཆེ་བའི་འགྲན་རྩོད་ཀྱི་བརྒྱུད་རིམ་ཁྲོད། རྟ་པ་དང་རྟ་གཉིས་ཀྱིས་ཡིད་སེམས་ལྷོད་ལ་བབས་ནས་ཉེན་ཁ་ལྡན་པའི་རྩལ་སྣ་ཚོགས་འཁྲབ་སྟོན་བྱས།
གླུ་གཞས་འགྲན་བསྡུར།
         འགོ་ཚུགས་མཛད་སྒོའི་སྐབས་སུ་ངོ་མཚར་བའི་རིག་རྩལ་འཁྲབ་སྟོན་གྱིས་ཡུལ་དངོས་ནི་གླུ་གར་གྱི་རྒྱ་མཚོ་ལྟ་བུ་ཞིག་ཏུ་བསྒྱུར། ཞི་མཐུན་གྱི་རྣམ་པས་ཁེངས་པའི་གླུ་གཞས་རེ་རེའི་སྙན་འཇེབས་ལྡན་པའི་འགྱུར་ཁུག་དང་བསྡོངས་ནས། འཁྲབ་སྟོན་པ་ཚོའི་འཁྲབ་སྟོན་ནི་སྐབས་རེར་མཛེས་ལ་གྲུང་ཤ་དོད་པ་དང་། སྐབས་རེར་རྣམ་རིག་བཀྲ་ཞིང་མདངས་དང་ལྡན་པས། རྩྭ་ཐང་གི་མིའི་བག་ཡངས་གི་སེམས་པ་དང་ཞི་མཐུན་གྱི་མཛེས་པ་ཡོངས་སུ་མངོན་པར་མཚོན་ཡོད། མི་སེམས་འགུལ་བའི་གླུ་གཞས་རེ་རེ་བྱང་ཐང་དུ་ཁྱབ་ཅིང་།  སྤྲོ་སྐྱིད་ལྡན་པའི་སྐོར་བྲོའི་འཁྲབ་སྟོན་རེ་རེ་ལས་ད་ལྟའི་བདེ་སྐྱིད་ཀྱི་འཚོ་བ་མཚོན་བཞིན་ཡོད།
         དེའི་རྗེས་སུ། བདམས་ཐོན་མི་སྣ་9ཡིས་ཚོན་མདོག་རྣམ་པར་བཀྲ་བའི་གཟབ་འཆོར་སྤྲས་ནས་སྙན་ཞིང་འཇེབས་པའི་དབྱངས་རྟ་དང་བྱང་ཆུབ་པའི་འཁྲབ་རྩལ་ལ་བརྟེན་ནས། རྩྭ་ཐང་གི་འབྲོག་པའི་ཐུན་མོང་མ་ཡིན་པའི་གླུ་གཞས་ཀྱི་ཁྱད་ཆོས་ངོམ་པ་རེད། གླུ་དབྱངས་ཀྱིས་མི་རིགས་ཤིག་གི་གསར་གཏོད་ཀྱི་ནུས་པ་དང་འཆར་སྒོའི་ནུས་པ་མཚོན་བཞིན་ཡོད། བདམས་ཐོན་མི་སྣས་སྙན་འཇེབས་ལྡན་པའི་གླུ་གཞས་བརྒྱུད་དེ་ཨ་མདོའི་མི་དམངས་ཀྱི་ད་ལྟའི་བདེ་ཞིང་སྐྱིད་པའི་འཚོ་བར་བསྔགས་བརྗོད་བྱས་པ་ན། དེ་གར་ཡོད་པའི་གཟིགས་མོ་བ་དག་གིས་སྤྲོ་སེམས་རབ་ཏུ་འཁོལ་བའི་ངང་ཀི་རིང་འདེབས་པ་དང་ཐལ་མོ་ཡང་ཡང་རྡེབ་བཞིན་ཡོད།
幸运快3 海南4+1开奖 皇冠足彩 大富翁水果机 AG体育