山东群英会选号技巧

དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 山东群英会选号技巧2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

གངས་ལྗོངས་ས་མཐོར་ཡང་གློག་རྡུལ་རྩལ་འགྲན་མཐུན་ཚོགས་ཡོད་པར་གྱུར།

སྤེལ་དུས 2020-09-09 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པད་མ་རྒྱལ་གྱིས་བསྒྱུར།
          ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། རང་རྒྱལ་གྱི་གློག་རྡུལ་རྩལ་འགྲན་ཐོན་ལས་སྔར་བས་རྒྱ་ཆེར་བཏང་སྟེ་འཕེལ་རྒྱས་ཀྱི་ཁ་ཕྱོགས་གསར་པ་འཚོལ་ཞིབ་བྱེད་པའི་གནད་འགག་གི་དུས་སྐབས་ཤིག་ཡིན་ཞིང་། ཟླ་9པའི་ཚེས་7ཉིན་གྱི་ཕྱི་དྲོར། བོད་རང་སྐྱོང་ལྗོངས་གློག་རྡུལ་རྩལ་འགྲན་ལུས་རྩལ་མཐུན་ཚོགས་བཙུགས་པའི་མཛད་སྒོ་དེ་བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་དུ་སྤེལ་བ་རེད། 
          ཉིན་དེའི་དབུ་བཙུགས་མཛད་སྒོའི་ཐོག ཚོགས་ཞུགས་མི་སྣས་མཐུན་ཚོགས་ཀྱི་《སྒྲིག་ཡིག》དང་《ནོར་དོན་ལམ་ལུགས》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་འབྲེལ་ལས་འཛིན་ལྷན་ཚོགས་སྐབས་དང་པོའི་འགོ་ཁྲིད་ཚན་ཁག་འདེམས་བསྐོ་བྱས་པ་རེད།

འདི་ནི་བོད་རང་སྐྱོང་ལྗོངས་གློག་རྡུལ་རྩལ་འགྲན་ལུས་རྩལ་མཐུན་ཚོགས་བཙུགས་པའི་མཛད་སྒོའི་ཡུལ་དངོས་ཀྱི་རྣམ་པ་རེད།
          རྒྱུས་ལོན་བྱུང་བ་ལྟར་ན། མིག་སྔར་བོད་རང་སྐྱོང་ལྗོངས་གློག་རྡུལ་རྩལ་འགྲན་མཐུན་ཚོགས་ཀྱིས་མི་སྒེར་གྱི་ཚོགས་མི་དང་ལས་ཁུངས་ཀྱི་ཚོགས་མི་160ལྷག་ཙམ་བསྡུས་ཡོད་ཅིང་། མཐུན་ཚོགས་ཀྱི་དམིགས་ཡུལ་ནི་ཕན་ནུས་ལྡན་པའི་གློག་རྡུལ་རྩལ་འགྲན་རྣམ་གྲངས་ཀྱི་དོ་དམ་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་རྒྱུ་དེ་ཡིན་པ་དང་། འགྲན་བསྡུར་གྱི་སྒྲིག་འཛུགས་ཚད་ལྡན་དུ་བཏང་ནས།  དྲ་རྒྱའི་རོལ་རྩེད་ཚུད་པའི་གློག་རྡུལ་རྩལ་འགྲན་ལུས་རྩལ་གྱི་ཐོན་ལས་སྐྱོན་བྲལ་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བ་དང་། སྤྱི་ཚོགས་ཀྱི་ཚོགས་སྤྱིའི་བྱེད་སྒོར་སྐུལ་འདེད་གཏོང་བར་མ་ཟད་གཞོན་ནུ་ལོ་ཆུང་གི་བདེ་ཐང་དང་འབྲེལ་བའི་གློག་རྡུལ་རྩལ་འགྲན་གྱི་འགུལ་སྐྱོད་ལ་སྐུལ་འདེད་གཏོང་རྒྱུ་དེ་རེད། 
          བོད་རང་སྐྱོང་ལྗོངས་ལུས་རྩལ་ཅུས་མང་ཚོགས་ལུས་རྩལ་ཁྲུའུ་ཡི་ཁྲུའུ་ཀྲང་གཞོན་པ་བསྟན་འཛིན་གྱིས་བཤད་རྒྱུར། བོད་རང་སྐྱོང་ལྗོངས་གློག་རྡུལ་རྩལ་འགྲན་ལུས་རྩལ་མཐུན་ཚོགས་བཙུགས་པ་དེས་བོད་རང་སྐྱོང་ལྗོངས་སུ་གློག་རྡུལ་རྩལ་འགྲན་ལུས་རྩལ་གྱི་སྤྱི་ཚོགས་ཀྱི་རྩ་འཛུགས་མེད་པའི་སྟོང་ཆ་ཁ་སྐོང་བྱས་ཤིང་། དེ་དང་ཆབས་ཅིག་རྒྱ་ཆེའི་གློག་རྡུལ་རྩལ་འགྲན་ལུས་རྩལ་ལ་དགའ་པོ་བྱེད་མཁན་ཚོར་བསམ་བློ་དང་ཉམས་མྱོང་བརྗེ་རེས་དང་འབྲེལ་འདྲིས་བྱེད་པའི་སྟེགས་བུ་བཟང་པོ་ཞིག་ཀྱང་མཁོ་སྤྲོད་བྱས་ཡོད། དེས་གློག་རྡུལ་རྩལ་འགྲན་ལུས་རྩལ་ཁྱབ་གདལ་དུ་གཏོང་བ་དང་། གློག་རྡུལ་རྩལ་འགྲན་ལས་དོན་གྱི་སྒྲིག་འཛུགས་ཀྱི་ནུས་པ་ཆེ་རུ་གཏོང་བ། ལུས་རྩལ་ཞབས་ཞུའི་མཁོ་སྤྲོད་ཀྱི་ཆུ་ཚད་ཇེ་མཐོར་གཏོང་བའི་ཐད་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་བཤད། 
          བོད་རང་སྐྱོང་ལྗོངས་གློག་རྡུལ་རྩལ་འགྲན་ལུས་རྩལ་མཐུན་ཚོགས་སྐབས་དང་པོའི་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་ལིའུ་ཞའོ་ལུང་གིས་བཤད་རྒྱུར། མཐུན་ཚོགས་བཙུགས་པའི་དུས་འགོར་ཡུལ་དངོས་ཀྱི་རྟོག་ཞིབ་ཁག་གཅིག་བྱས་ཏེ་ཤེས་རྟོགས་བྱུང་བ་ལྟར་ན། བོད་རང་སྐྱོང་ལྗོངས་ཀྱི་གློག་རྡུལ་རྩལ་འགྲན་གྱི་རྣམ་པ་ཧ་ཅང་བཟང་པོ་ཡོད་ཅིང་།  “རིམ་པ་རྗེས་མར་ང་ཚོས་འབྲེལ་ཡོད་ལས་ཁུངས་ཀྱི་མཛུབ་ཁྲིད་འོག་འགྲན་བསྡུར་ཁག་གཅིག་སྤེལ་རྒྱུ་ཡིན་པ་དང་། དེ་དང་ཆབས་ཅིག་འགྲན་བསྡུར་དེ་དག་ནང་སར་ཤར་གཏོང་ཐུབ་པ་བྱ་རྒྱུ་ཡིན། འགྲན་བསྡུར་ལ་བརྟེན་ནས་ཚང་མས་གློག་རྡུལ་རྩལ་འགྲན་གྱི་ངོས་འཛིན་ལ་འགྱུར་ལྡོག་བྱུང་དུ་བཅུག་ནས་ཐོན་ལས་ཧྲིལ་པོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས”ཞེས་བཤད། 
          དེ་དང་མཉམ་དུ་ལིའུ་ཞའོ་ལུང་གིས་མཚམས་སྦྱོར་བྱས་དོན།  རྗེས་མར་མཐུན་ཚོགས་ཀྱིས“གློག་འགྲན་+ཡུལ་སྐོར”དང་། “གློག་འགྲན་+རིག་གནས་གསར་གཏོད། ”“གློག་འགྲན་+ལས་གཏོད་ལས་ཞུགས”བཅས་ཀྱི་བྱེད་ཐབས་བརྒྱུད་ནས་གློག་རྡུལ་རྩལ་འགྲན་གྱི་འགྲན་བསྡུར་དེ་བོད་རང་སྐྱོང་ལྗོངས་ཀྱི་ཡུལ་སྐོར་དང་། རིག་གནས། དེ་བཞིན་འབྲེལ་ཡོད་ཀྱི་ཁྱད་ལྡན་ཐོན་ལས་ཁག་གཅིག་དང་ཟུང་འབྲེལ་བྱས་ནས་བོད་རང་སྐྱོང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རམ་འདེགས་བྱ་རྒྱུ་ཡིན་པ་དང་།  “གཞན་ཡང་ང་ཚོས་ད་དུང་སྒྲིག་སྲོལ་དང་ལམ་སྲོལ་བརྒྱུད་ནས་གློག་རྡུལ་རྩལ་འགྲན་གྱི་ཐོན་ལས་རབ་དང་རིམ་པ་སྐྱེད་སྲིང་བྱས་ཏེ་ས་གནས་དེ་གའི་གློག་རྡུལ་རྩལ་འགྲན་ལ་དགའ་པོ་བྱེད་མཁན་ཚོའི་ལས་ཞུགས་ལས་གཏོད་ཀྱི་གནད་དོན་ཐག་གཅོད་བྱ་རྒྱུ་ཡིན”ཞེས་བཤད།
天天斗牛 彩库宝典 彩票大赢家 彩票大赢家 环球直播