山东群英会选号技巧

ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
山东群英会选号技巧ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསེར་རིའི་མི་སྣ།

སྒྲུང་པ་ཨ་ཉིད་ཀྱིས་སྒྲུང་གི་པར་ཤིང་རིགས་ལྔ་སྡེ་དགེ་པར་ཁང་ལ་ཕུལ།

སྤེལ་དུས 2019-08-28 ཡོང་ཁུངས། གངས་ལྗོངས་ཉི་གཞོན་དྲ་བ། རྩོམ་པ་པོ། སྣང་རྡོས་བསྒྲིགས།

        སྤྱི་ཟླ་8པའི་ཚེས་10སྟེ་བོད་ཟླ་དྲུག་པའི་ཚེས་བཅུ་ཉིན་གྱི་རེས་གཟའ་པ་སངས་ཀྱི་གཟའ་སྐར་ཚེས་བཟང་འཛོམས་པའི་ཉིན་དེར་སྡེ་དགེ་པར་ཁང་དུ་སྔོན་མེད་ཀྱི་ལོ་རྒྱུས་ཁ་སྐོང་བྱ་བའི་དོན་ཆེན་ཞིག་མདུན་དུ་བསུ་བཞིན་ཡོད།  དེ་ནི་སྡེ་དགེའི་སྒྲུང་པ་ཨ་ཉིད་རང་ཉིད་ཀྱིས་དུས་ཡུན་ལོ་བདུན་ཙམ་རིང་དུ་འགྲོ་སོང་སྒོར་ཁྲི་13ཙམ་བཏང་ནས་ཤིང་པར་དུ་བརྐོས་པའི་ལྷ་གླིང་གབ་རྩེ་དགུ་སྐོར་དང་།  འཁྲུངས་གླིང་མེ་ཏོག་ར་བ།  རྟ་རྒྱུག་ནོར་བུ་ཆ་བདུན།  རྨ་ས་བཟུང་དར་དཀར་མདུད་པ།  སྟག་གཟིག་ནོར་འགྱེད་བཅས་སྡེ་དགེ་པར་ཁང་དུ་ཕུལ་བའི་མཛད་སྒོ་བསྡུས་པ་ཞིག་སྡེ་དགེ་པར་ཁང་སྒོ་ཆེན་མདུན་དུ་སྤེལ་བ་རེད།  དེ་ནས་བཟུང་སྡེ་དགེ་པར་ཁང་གི་ལོ་རྒྱུས་ཐོག་འཛམ་གླིང་གེ་སར་རྒྱལ་པོའི་སྒྲུང་ཡིག་གི་པར་ཤིང་བཞུགས་སུ་གསོལ་བའི་ལེའུ་གསར་པ་ཞིག་བསྐྲུན་ཡོད། 

        སྒྲུང་པ་ཨ་ཉིད་ནི་རྒྱལ་ཁབ་རིམ་པའི་སྒྲུང་པ་གྲགས་ཅན་ཞིག་ཡིན་ཞིང་།  ཁོང་ཆུང་དུས་ནས་སྒྲུང་འདོན་རྒྱུར་དགའ་བས་སྔོན་རྗེས་སུ་ཀྲུང་དབྱང་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་དང་།  སི་ཁྲོན་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་སུ་སྒྲུང་ཡིག་མང་པོའི་སྒྲ་ཕབས་ནས་ཉན་པ་པོའི་དགའ་བསུ་ཆེན་པོ་ཐོབ།  ཁོང་གིས་དུས་རྒྱུན་གྱི་འགྲོ་གྲོན་བསྲི་ཚགས་བྱས་ཏེ་གླིང་སྒྲུང་སྣ་ཁ་ལྔ་པར་དུ་བརྐོས་པ་ནི་གེ་སར་ལས་དོན་པ་ཞིག་གིས་གླིང་སྒྲུང་ལ་བཅངས་པའི་དགའ་དད་ཟབ་མོ་དང་།  གླིང་གེ་སར་རྒྱལ་པོའི་རྟོགས་བརྗོད་འཇིག་རྟེན་འདིར་ཡུན་ནས་ཡུན་དུ་གནས་པ།  ཕྱི་རབས་པ་རྣམས་ཀྱིས་གླིང་སྒྲུང་ལས་དོན་འདི་རྒྱུད་འཛིན་དང་དར་སྤེལ་གཏོང་བའི་འབོད་སྐུལ་དང་ཟོལ་མེད་ཀྱི་ལྷག་བསམ་ཞིག་མཚོན་ཡོད། །

སྒྲུང་པ་ཨ་ཉིད་ཀྱིས་སྡེ་དགེ་པར་ཁང་ལ་གེ་སར་རྟོགས་བརྗོད་ཀྱི་པར་ཤིང་འབུལ་བཞིན་པ།
 མི་ཚེ་སྒྲུང་ལ་ཕུལ་བའི་སྒྲུང་པ་ཨ་ཉིད།

        སྒྲུང་པ་ཨ་ཉིད་ནི་1949ལོར་ཡབ་ཞི་ཕྲུག་དང་།  ཡུམ་ཉི་ཤར་མཚོའི་སྲས་སུ་སྡེ་དགེའི་འཁོར་ལོ་མདོ་ཡུལ་ཤོག་གི་ཟིལ་པ་གྲོང་གི་འགེལ་ནང་དུ་སྐུ་འཁྲུངས།  ཁོང་ནི་བུ་སྤུན་བདུན་དང་སྲིང་མོ་གཅིག་ཡོད་པའི་ནང་གི་བུ་གསུམ་པ་དེ་ཡིན་ཞིང་།  ཆུང་དུས་སུ་མ་རྒན་གྱིས་ཁོང་གི་ཐོད་པའི་ཐོག་ཏུ་སྨེ་བ་དང་།  ལག་པ་གཡོན་པའི་ཤ་འཇིང་ཐོག་ཏུ་ཨ་རང་བྱོན་སོགས་ངོ་མཚར་བའི་རི་མོ་ཡོད་པ་མཐོང་ནས་ཁང་སར་ཞབས་དྲུང་མདུན་དུ་མིང་བཏགས་སར་ཁྲིད་སྐབས་བླ་མས་བུ་འདི་བསོད་ནམས་ཆེན་པོ་འདུག་པས་མིང་ལ་བསོད་ནམས་སྟོབས་ལྡན་ཐོག་ཅེས་གསུངས།  འོན་ཏེ།  ཉེ་འབྲེལ་ཁྱིམ་ཚང་གྲོང་རོགས་ཚོས་བུ་འདི་“ཨ་ནིང་ཤ་ཚ་མོ་འདུག”ཟེར་བས་ཆུང་མིང་ལ་ཨ་ནིང་ཐོག  །རྗེས་སུ་ཡིག་ཐོག་ཏུ་ཨ་ཉིད་ཅེས་བྲིས་པ་མང་།
        ཨ་ཉིད་ལོ་བཅུ་དྲུག་ཐོག་རྫིའུ་བྱེད་སྐབས་རྨི་ལམ་དུ་ལྷ་ཕྲུག་མེ་ཁྱེར་འོད་དཀར་ཞེས་པའི་མི་དཀར་རྟ་དཀར་ཅན་ཞིག་གིས་ཁོང་ལ་ལུས་པོ་དང་སྐད་སྲུང་སྐྱོབ་ཡག་པོ་བྱས་ཏེ་ངའི་ལོ་རྒྱུས་འདོན་དགོས་ཟེར་ནས་ལྕག་ཚན་ཞིག་མགོ་བཞག་པ་རྨིས་ནས་བཟུང་གེ་སར་སྒྲུང་འདོན་བསམ་པའི་སྐུལ་སློང་དྲག་པོ་སྐྱེས་རུང་སྐབས་དེར་ཁོང་གི་ཁྱིམ་ཚང་གྲལ་རིམ་མཐོ་བའི་དབང་གིས་ཕ་རྒན་གྱིས་ཁོང་ལ་སྒྲུང་འདོན་མ་བཅུག

སྒྲུང་པ་ཨ་ཉིད་2008ལོའི་པེ་ཅིན་ཨོ་རྩལ་འགྲན་ཚོགས་སྐབས་སུ་གེ་སར་སྟོང་ཐང་འགྲེམ་སྟོན་ནང་ཞུགས་པ།

སྒྲུང་པ་ཨ་ཉིད་ཀྱིས་གེ་སར་ཆེད་མཁས་པ་འཇམ་དཔལ་རྒྱ་མཚོ་ལ་སྒྲུང་ཡིག་པར་མ་འབུལ་བཞིན་པ།
 
ཡངས་གླིང་རྡོ་རྗེས་སྒྲུང་པ་ཨ་ཉིད་ལ་མཇལ་འཕྲད་གནང་བཞིན་པ།
        དེ་རྗེས་བླ་མ་བློ་དགའ་ཞེས་པའི་མདུན་ནས་ཡི་གེ་སྦྱོང་ནས་ལྐོག་ཏུ་སྒྲུང་ཡིག་ལྷ་གླིང་དང་།  འཁྲུངས་གླིང་།  རྟ་རྒྱུག །ཧོར་གླིང་སོགས་ལ་རང་སྦྱོང་ནན་ཏན་གནང་།  ཁོང་སློབ་གྲྭ་ནང་ཞུགས་འདོད་ཆེན་པོ་སྐྱེས་རུང་སྐབས་དེའི་དུས་ཀྱི་དབང་གིས་སློབ་གྲྭར་ཞུགས་མ་ཐུབ་པར་གྲོང་སྡེའི་འཁྲབ་སྟོན་རུ་ཁག་ནང་བྲོ་དཔོན་གྱི་འགན་ལོ་མང་ཁུར།

སྒྲུང་པ་ཨ་ཉིད་ཀྱིས་གསར་འགོད་པའི་བཅར་འདྲིར་དང་ལེན་གནང་བཞིན་པ།
        1978ལོར་ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྲིད་ཇུས་བཟང་པོའི་ཉི་གཞོན་སླར་ཡང་འཆར་སྐབས་སི་ཁྲོན་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ཀྱི་འགོ་ཁྲིད་ཀྱིས་སྒྲུང་པ་བཙལ་བཞིན་པའི་སྐབས་དང་འཕྲད་དེ་ཁོང་དང་དིས་ཆུང་དཔལ་ཆེན།  ཕྱུག་པོ་བུ་མོ་སོགས་ཁྲེན་ཏུའུ་རུ་སྒྲུང་ཡིག་གི་སྒྲ་ཕབ་སར་གདན་འདྲེན་ཞུས་ཏེ་འཁྲུངས་གླིང་དང་།  རྟ་རྒྱུག །ཧོར་གླིང་།  སྟག་གཟིག་ནོར་རྫོང་སོགས་ཟླ་བ་དྲུག་ཙམ་རིང་སྒྲ་ཕབ་པས་སྐབས་དེར་བོད་ཁུལ་གྱི་ཞིང་འབྲོག་མང་ཚོགས་ཀྱི་རྒྱང་བསྒྲགས་ཉན་པ་པོ་ཚོའི་དགའ་བསུ་ཚད་མེད་ཐོབ་པར་མ་ཟད་སྐབས་དེའི་སི་ཁྲོན་ཞིང་ཆེན་མི་རིགས་དོན་བྱེད་ཨུ་ལྷན་ཁང་གི་ཀྲུའུ་རེན་བཀྲ་ཤིས་ཚེ་རིང་དང་།  སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་མཁས་དབང་དགེ་འདུན་སོགས་ཀྱི་བསྟོད་བསྔགས་ཡང་ཡང་ཐོབ།

སྒྲུང་པ་དིས་ཆུང་དཔལ་ཆེན་དང་སྒྲུང་པ་ཨ་ཉིད་གཉིས་ཀྱིས་སྒྲུང་འདོན་བཞིན་པ།
        1981ལོར། སྡེ་དགེའི་པར་ཁང་ནང་ཤིང་པར་བརྐོ་རྒྱུ་སྦྱོང་ཏེ་པར་ཁང་དུ་ལོ་དགུ་ཙམ་ཤིང་པར་བརྐོས་པ་དང་ཤིང་པར་བརྐོ་བའི་འཛུབ་སྟོན་གྱི་དགེ་རྒན་གནང་།  2003ལོ་ཡང་དུ་སི་ཁྲོན་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ཀྱིས་གདན་འདྲེན་ཞུས་ཏེ་སྒྲུང་ཡིག་མང་པོའི་སྒྲ་ཕབ།  2004ལོ་དང་2018ལོར་ཀྲུང་དབྱང་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ཀྱིས་གདན་འདྲེན་ཞུས་ཏེ་སྒྲུང་ཡིག་མང་དག་སྒྲ་ཕབ།

སྒྲུང་པ་ཨ་ཉིད་ཀྱིས་ཁམས་པའི་བརྙན་འཕྲིན་ཁང་གི་བྱམས་པའི་ཁ་བརྡ་ལེ་ཚན་ནས་གསུང་གླེང་གནང་བཞིན་པ།
        སྒྲུང་པ་ཨ་ཉིད་ཀྱིས་སྒྲུང་ངག་འདྲ་མིན་30ལྷག་ཙམ་གྱི་ཐོག་ནས་སྒྲུང་ཡིག་འདྲ་མིན་རིགས་30ལྷག་ཙམ་འདོན་ཤེས་པས་སྐད་གྲགས་ཇེ་ཆེར་སོང་ནས་སྔ་རྗེས་སུ་དབྱིན་ཇི་དང་།  འཇར་པན།  ཤང་ཀང་དང་ཐེའེ་ཝན་སོགས་ཀྱི་རྒྱལ་ཁབ་དང་ས་ཁུལ་དུ་སྒྲུང་འདོན་སར་གདན་འདྲེན་ཞུས་པ་དང་།  2008ལོར་པེ་ཅིན་ཨོ་རྩལ་འགྲན་ཚོགས་སྐབས་པེ་ཅིན་དུ་གདན་འདྲེན་ཞུས་ཏེ་གླིང་གེ་སར་སྟོང་ཐང་ཆེན་མོ་བཤམས་སྟོན་ཐོག་གླིང་སྒྲུང་འདོན་པས་ཏང་དང་རྒྱལ་ཁབ་ཀྱི་དབུ་ཁྲིད་ཅ་ཆིང་ལི་སོགས་ཀྱིས་མཇལ་འཕྲད་གནང་།  ད་དུང་རྒྱལ་ཁབ་དང་ས་གནས་རིམ་པས་སྤེལ་བའི་དངོས་མིན་ཤུལ་བཞག་རིག་གནས་ཁྱབ་སྤེལ་གཏོང་བའི་བྱེད་སྒོ་བཅུ་ཕྲག་ཁ་ཤས་ནང་ཞུགས་མྱངས།  2007ལོར་རྒྱལ་ཁབ་རིག་གནས་པུའུ་ཡིས་རྒྱལ་ཁབ་རིམ་པའི་དངོས་མིན་ཤུལ་བཞག་རིག་གནས་ཀྱི་རྒྱུད་འཛིན་པ་ཞེས་པའི་མཚན་སྙན་གནང་བ་དང་།  ད་དུང་རྒྱལ་ཁབ་དང་སི་ཁྲོན་ཞིང་ཆེན་།  དཀར་མཛེས་ཁུལ།  སྡེ་དགེ་རྫོང་བཅས་ཀྱིས་ཁོང་ལ་བྱས་རྗེས་ཆེ་བའི་མི་སྣ་དང་།  སྔོན་ཐོན་མི་སྣ།  སྤྱོད་ཡོན་གཉིས་ལྡན་གྱི་མི་སྣ་སོགས་ཀྱི་བྱ་དགའ་ཐེངས་བཅུ་ལྷག་སྤྲད་ཡོད་པ་དང་།  གླིང་སྒྲུང་ཀུན་འདུས་ཆེན་མོའི་བློ་འདྲི་ས་ལའང་གདན་འདྲེན་ཞུས།

རྒྱལ་ཁབ་རིག་གནས་པུའུ་ཡིས་སྒྲུང་པ་ཨ་ཉིད་ལ་གནང་བའི་རྒྱལ་ཁབ་རིམ་པའི་དངོས་མིན་ཤུལ་བཞག་རིག་གནས་ཀྱི་རྒྱུད་འཛིན་པའི་དཔང་ཡིག
        སྒྲུང་པ་ཨ་ཉིད་ཆུང་དུས་ནས་གླིང་སྒྲུང་ལ་ཤིན་ཏུ་དགའ་བས་མི་ཚེ་ཧྲིལ་པོ་གླིང་སྒྲུང་དང་ཁ་བྲལ་མ་མྱངས།  དགུང་ལོ་ཇེ་ཆེར་གྱུར་སྐབས་གླིང་སྒྲུང་ལ་དགའ་ཞེན་དང་གླིང་གེ་སར་ལ་དད་པ་ཇེ་ཆེ་ནས་ཇེ་བརྟན་དུ་གྱུར་ཏེ་ཇ་མ་འཐུང་སྔོན་གྱི་ཇ་ཕུད་དང་།  ཟས་མ་ཟོས་སྔོན་གྱི་ཟས་ཕུད་གེ་སར་ལ་མཆོད་ཅིང་།  ནང་སྔ་ལངས་དང་ནུབ་ཕྱི་ཉལ་གྱིས་གླིང་སྒྲུང་ལ་སློབ་སྦྱོང་དང་གླིང་གེ་སར་ལ་གསོལ་མཆོད་ནན་ཏན་བྱས་པས་རྨི་ལམ་དང་རྟགས་མཚན་ངོ་མཚར་བའང་ཐོན་བྱུང་ཞེས་གྲགས།
        དུས་རྒྱུན་ཁོང་གིས་ད་ལྟའི་བདེ་སྐྱིད་དང་། ལུས་ལ་ན་ཚ་ཙམ་ཡང་མི་འབྱུང་བ་ནི་གླིང་གེ་སར་རྒྱལ་པོའི་ཐུགས་རྗེ་བྱིན་རླབས་ཡིན་པ་སྙམ་སྟེ་ཁོང་ལ་ཟླ་ཕོགས་ཉུང་དུས་སྒོར་སུམ་བརྒྱ་དང་མང་དུས་སྒོར་1500ཙམ་ལས་མེད་རུང་།  ཁ་ཙམ་མ་ཡིན་པར་དོན་དངོས་ཐོག་གེ་སར་རིག་གནས་ལ་ཞབས་ཞུ་ཅུང་ཙམ་བསྒྲུབ་རྒྱུ་དང་།  གླིང་སྒྲུང་རིག་གནས་འདི་ཕྱི་རབས་པས་རྒྱུད་འཛིན་དར་སྤེལ་གཏོང་ཆེད་གླིང་སྒྲུང་ཁ་ཤས་ཤིང་པར་དུ་བརྐོ་ཐུབ་ན་ཅི་མ་རུང་སྙམ་སྟེ་གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་ཡིག་རིགས་ལྔ་པར་དུ་བརྐོ་རྒྱུའི་ཐོག་མའི་འདུན་སྐྱེས་ནས་མཐར་ལེགས་གྲུབ་བྱུང་།  ཁོང་རང་ཉིད་སྒྲུང་ལ་དགའ་བས་མ་ཚད་ཐ་ན་རང་གི་བཟའ་ཟླ་ངག་དབང་ཆོས་སྒྲོན་ལའང་སྒྲུང་ཡིག་སྦྱོང་དགོས་པའི་སྐུལ་སློང་བྱས་པས་ད་ལྟ་མོས་ཀྱང་ཨ་ཉིད་ཀྱི་སྒྲུང་ངག་ཚང་མ་བཀུག་ཤེས་པ་གྱུར་ཏེ་ཁུལ་རིམ་པའི་སྒྲུང་པར་གྱུར་པར་མ་ཟད།  གེ་སར་སྒྲུང་ཡིག་དེ་དག་པར་དུ་བརྐོ་བ་དང་ཞུ་དག་བྱེད་པ་སོགས་ཀྱི་ལག་རོགས་གཙོ་བོར་གྱུར།  ན་གཞོན་གྱི་སྒྲུང་པ་གསོ་སྐྱོང་བྱ་བ་ནི་སྒྲུང་པ་ཨ་ཉིད་ཀྱིས་རྒྱུན་དུ་མཐོང་ཆེན་གནང་བའི་བྱ་བ་ཞིག་ཡིན་ཞིང་།  དུས་རྒྱུན་ཁོང་སྡེ་དགེའི་སློབ་འབྲིང་དུ་ཕེབས་ཏེ་སློབ་མ་རྣམས་ལ་སྒྲུང་ངག་སློབ་པ་ནི་རང་གི་འོས་འགན་གཙོ་བོ་ཞིག་ཏུ་བརྩིས་ནས་སྔོན་རྗེས་སུ་སློབ་མ་150ཙམ་ལ་སྒྲུང་ངག་བསླབས་ཡོད།

སྒྲུང་པ་ཨ་ཉིད་ཀྱིས་སྡེ་དགེ་རྫོང་སློབ་འབྲིང་དུ་སློབ་མ་རྣམས་ལ་སྒྲུང་ངག་ཁྲིད་བཞིན་པ།
        མདོར་ན།  སྒྲུང་པ་ཨ་ཉིད་ཀྱིས་མི་ཚེ་ཧྲིལ་པོ་གླིང་སྒྲུང་ལ་ཕུལ་ཞིང་།  གླིང་སྒྲུང་ནི་ཁོང་གི་འཚོ་བའི་ནང་གི་ཡོད་ཚད་ཀྱི་ཡོད་ཚད་ཀྱང་ཡིན།

གེ་སར་ལས་དོན་མི་སྣ་རྣམས་དང་མཉམ་དུ་བསྐྱོན་པའི་འདྲ་པར་ཁག་ཅིག
山东群英会走势图表 安徽快3走势 北京赛车pk10玩法 极速时时彩 山东群英会直播 北京两步彩 智慧彩票投注注册 中财彩票注册 北京赛车pk10玩法 香港开奖结果2019+开奖结果