山东群英会选号技巧

ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

ཝང་དབྱང་གིས་ཀྲེ་ཅང་ཞིང་ཆེན་གྱི་སྲིད་གྲོས་བྱ་བར་རྟོག་ཞིབ་མཛད།

སྤེལ་དུས 2019-10-28 ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན། རྩོམ་པ་པོ།
           ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཉེ་ལམ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་ཀྲེ་ཅང་ཞིང་ཆེན་གྱི་སྲིད་གྲོས་བྱ་བར་རྟོག་ཞིབ་མཛད། ཁོང་གིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་སྲིད་གྲོས་བྱ་བའི་གྲོས་ཚོགས་དང་མི་དམངས་སྲིད་གྲོས་བཙུགས་ནས་ལོ་འཁོར་བདུན་ཅུ་ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་སྟེང་གནང་བའི་གསུང་བཤད་ཀྱི་དགོངས་དོན་གལ་ཆེན་སློབ་སྦྱོང་དང་ལག་བསྟར་བྱས་ཏེ། བསམ་བློ་རིགས་གཞུང་དྲག་ཆས་ཐད་ནས་མུ་མཐུད་དུ་གྲུབ་འབྲས་གསར་བ་ལེན་པ་དང་སྲིད་གྲོས་བྱ་བར་ཤུགས་སྣོན་དང་ལེགས་སྒྱུར་བྱེད་པའི་ཐད་ནས་མུ་མཐུད་དུ་འཚོལ་ཞིབ་གསར་བ་ཡོད་དགོས་ལ། མི་རིགས་བསྐྱར་དར་བྱེད་པར་བློ་གྲོས་དང་སྟོབས་ཤུགས་གཅིག་སྡུད་བྱེད་པའི་ཐད་ནས་མུ་མཐུད་དུ་སྤྱོད་ཚུལ་ལེགས་པོར་བརྟེན་ནས། ཏང་ཀྲུང་དབྱང་གིས་མི་དམངས་སྲིད་གྲོས་བྱ་བར་བཏོན་པའི་ཐབས་ཇུས་དང་བཀོད་སྒྲིག་སྣ་ཚོགས་དངོས་འབེབས་བཟང་བོ་བྱེད་རྒྱུ་འགན་སྲུང་བྱེད་དགོས་ཟེར།
           ཟླ་བཅུ་བའི་ཚེས་ཉེར་ལྔ་དང་ཚེས་ཉེར་དྲུག་ཉིན་གཉིས་ལ། ཝང་དབྱང་ཧང་ཀྲིག་དང་ཅ་ཞིན་གྱི་ཞིང་སྡེ་དང་གཞིས་ཁུལ། ཁེ་ལས་སོགས་སུ་ཕེབས་ཏེ་གཞི་རིམ་སྲིད་གྲོས་གྲོས་མོལ་དམངས་གཙོ་བྱ་བར་རྒྱུས་ལོན་བྱས་པར་མ་ཟད་འགོ་འཛིན་མཛད་དེ་ཀྲེ་ཅང་དུ་ཡོད་པའི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་དང་བཞུགས་མོལ་ཚོགས་འདུ་བསྡུས་ཏེ། འབྲེལ་ཡོད་ཕྱོགས་ཀྱིས་ཀྲུང་དབྱང་སྲིད་གྲོས་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་དངོས་འབེབས་བྱེད་པ་དང་སྲིད་གྲོས་བྱ་བ་བཟང་བོར་བསྒྲུབ་པའི་ཐད་ལ་བཏོན་པའི་བསམ་འཆར་དང་གྲོས་གཞི་ལ་ཉན།  ཝང་དབྱང་གིས་ཀྲེ་ཅང་ཞིང་ཆེན་གྱིས་སྲིད་གྲོས་བྱ་བར་ཤུགས་སྣོན་དང་ལེགས་སྒྱུར་བྱེད་པའི་ཕྱོགས་ཀྱི་འཚོལ་ཞིབ་ལག་ལེན་ལ་ཁས་ལེན་གང་ལེགས་བྱས། ཁོང་གིས་བསྟན་དོན། ཟླ་སྔོན་མའི་ནང་ཚོགས་པའི་ཀྲུང་དབྱང་སྲིད་གྲོས་བྱ་བའི་གྲོས་ཚོགས་དེ་དུས་རབས་གསར་བར་མི་དམངས་སྲིད་གྲོས་བྱ་བར་ཤུགས་སྣོན་དང་ལེགས་སྒྱུར་བྱེད་པར་དོན་སྙིང་གལ་ཆེན་ལྡན། གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པ་ནི་རིགས་གཞུང་དོན་དངོས་དང་སྦྲེལ་བ་དང་ཡང་སྐོར་བསྐྱར་སྐོར་ལ་ངོས་འཛིན་དང་ལག་ལེན་བྱེད་པའི་བརྒྱུད་རིམ་ཞིག་ཡིན་པས་རྒྱུན་ཏུ་དམ་འཛིན་བྱེད་དགོས། མི་དམངས་སྲིད་གྲོས་ཀྱིས་ངོས་འཛིན་ཐད་ལ་སྔར་ལས་ཤུགས་སྣོན་པ་དང་བྱ་བའི་ཐད་ལ་སྔར་ལས་རང་རྟོགས་བྱེད་པའི་བྱ་བ་ལེགས་པོར་བསྒྲུབ་དགོས་ཟེར།
           ཀྲེ་ཅང་ཞིང་ཆེན་དུ་རྟོག་ཞིབ་མཛད་སྐབས། ཝང་དབྱང་གིས་ད་དུང་འབྲེལ་ཡོད་ཆོས་ལུགས་བྱ་འགུལ་སྤེལ་ས་དང་དམངས་གཉེར་ཁེ་ལས་ལ་རྟོག་ཞིབ་མཛད།
རྩོམ་སྒྲིག་པ། སངས་སྐྱབས།
北京两步彩 北京赛车代理抽水多少 大资本平台 河北快3开奖 彩票高賠率好平台 新疆喜乐彩走势图 pk10开奖结果 甘肃快3 山东群英会规则 上海快3