山东群英会选号技巧

ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > 山东群英会选号技巧པར་རིས་གསར་འགྱུར།

“ཀྲུང་ཉི་བོད་རིག་པའི་བགྲོ་གླེང་ཚོགས་འདུ་སྐབས་བཞི་པ”དེ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་འཚོགས།

སྤེལ་དུས 2019-10-29 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པད་མ་རྒྱལ་གྱིས་བསྒྱུར།
        ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན།  ཟླ་10པའི་ཚེས་26ཉིན། “ཀྲུང་གོ་དང་ཉི་ཧོང་བོད་རིག་པའི་བགྲོ་གླེང་ཚོགས་འདུ་སྐབས་བཞི་པ་དང་ལུང་ཀུའུ་སློབ་ཆེན་བཙུགས་ནས་ལོ་ངོ་380འཁོར་བའི་རྗེས་དྲན་བྱ་འགུལ”དེ་པེ་ཅིང་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་གཟབ་རྒྱས་ངང་འཚོགས་ཤིང་། ཐེངས་འདིའི་ཚོགས་འདུ་དེ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱིས་གཙོ་གཉེར་བྱས་པ་དང་། ཉི་ཧོང་ལུང་ཀུའུ་སློབ་ཆེན་འཛམ་གླིང་རིག་གནས་ཞིབ་འཇུག་ལྟེ་གནས་ཀྱིས་གཉེར་རོགས་བྱས་པ་ཞིག་རེད། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཁྱབ་འགན་འཛིན་པ་དགྲ་འདུལ་དང་། ཆོས་ལུགས་ཞིབ་འཇུག་ཁང་གི་སུའོ་ཀྲང་གཞོན་པ་ལྷ་བྱམས་རྒྱལ་དང་དེ་བཞིན་ཞིབ་འཇུག་སུའོ་ཡི་རིགས་གཅིག་མཁས་ཅན་མི་12ལྷག་དང་། ལུང་ཀུའུ་སློབ་ཆེན་རྒྱལ་སྤྱིའི་རིག་གཞུང་པུའུ་ཡི་དགེ་རྒན་ཆེ་མོ་བ་སན་ཀུའུ་ཀྲེན་ཁྲེང་དང་། རྩོམ་རིག་པུའུ་ཡི་དགེ་རྒན་ཆེ་མོ་བ་ནེང་རེན་ཀྲེང་ཞན་སོགས་ཉི་ཧོང་ཕྱོགས་ཀྱི་མཁས་དབང་བདུན་བཅས་ཚོགས་འདུར་ཞུགས་པ་རེད། 

འདི་ནི་ཚོགས་ཞུགས་མི་སྣའི་མཉམ་པར་རེད།
        ཆོས་ལུགས་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་ལི་ཞུའེ་ཀྲུའུ་ཡིས་ཐོག་མར་ཚོགས་འདུའི་བྱུང་ཁུངས་དང་དམིགས་ཡུལ་གཙོ་བོ་ངོ་སྤྲོད་ཞིབ་ཕྲ་གནང་ཞིང་། དེ་རྗེས་དགྲ་འདུལ་དང་ནེང་རེན་ཀྲང་ཞན་གཉིས་ཀྱིས་ཤིས་ཚིག་གནང་བ་རེད། དགྲ་འདུལ་གྱིས་ཕྱོགས་གཉིས་པོར་གསར་གཏོད་རང་བཞིན་དང་འཛུགས་སྐྲུན་རང་བཞིན་ལྡན་པའི་མཛའ་བརྩེའི་མཉམ་འབྲེལ་མཉམ་ལས་ཀྱི་ལོ་རྒྱུས་ལ་ཕྱིར་མིག་བལྟས་ཏེ། ཁོང་གིས་ཕྱོགས་གཉིས་ཀས་ཀྲུང་ཉིའི་བོད་རིག་པའི་བགྲོ་གླེང་ཚོགས་འདུ་དེ་ལས་སྟེགས་སུ་བརྩིས་ནས་རྣམ་པ་སྣ་ཚོགས་ཀྱི་མི་སྣ་འགྲོ་འོང་དང་མཉམ་འབྲེལ་མཉམ་ལས་བྱ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་དང་། ནེང་རེན་ཀྲེང་ཞན་གྱིས་སྔོན་གྱི་བགྲོ་གླེང་ཚོགས་འདུ་སྐབས་གསུམ་པའི་འཚོགས་ཚུལ་ངོ་སྤྲོད་བྱས་པ་དང་འབྲེལ་ཕྱོགས་གཉིས་པོའི་མཉམ་ལས་ཀྱི་མདུན་ལྗོངས་ལ་རྒྱང་ལྟ་བྱས་པ་རེད། དེ་རྗེས་དགྲ་འདུལ་གྱིས་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ཚབ་བྱས་ནས་ཉི་ཧོང་ཕྱོགས་ལ《བཀའ་བསྟན་འགྱུར》གྱི་གློག་རྡུལ་བོད་ཡིག་པར་མ་གནང་བ་དང་། ཉི་ཧོང་ཕྱོགས་ཀྱིས་ཞིབ་འཇུག་གི་གྲུབ་འབྲས་དང་དཔེ་དེབ་ཀྱི་དཔྱད་གཞིའི་ཡིག་ཆ་སོགས་སྤྲད་པ་རེད།
        ཚོགས་ཞུགས་ཆེད་མཁས་པ་རྣམས་ཀྱིས“ཀྲུང་ཉི་བོད་རིག་པ་ཞིབ་འཇུག་གི་ད་ལྟའི་གནས་ཚུལ”ཞེས་པའི་བརྗོད་དོན་གཙོ་བོར་དམིགས་ཏེ། གསུང་རབ་ཡིག་ཆ་དང་ལོ་རྒྱུས་རིག་གནས་ཕྱོགས་གཉིས་ནས་ངོ་མཚར་ཆེ་བའི་རིག་གཞུང་གཏམ་བཤད་བྱས་ཤིང་། དེའི་ནང་དོན་རྣམས་གསུང་རབ་ཡིག་ཆ་དང་། བསམ་བློ། དགོན་སྡེ་དང་བླ་མ་སྐྱེས་ཆེན་གྱི་ལོ་རྒྱུས། རྡོ་བརྐོས་སྐུ་བརྙན་སོགས་ཁྱབ་ཁོངས་མང་པོ་དང་འབྲེལ་ཡོད་པ་རེད། ཉི་ཧོང་ཕྱོགས་ཀྱི་མཁས་པས་ཡིག་ཆ་གཞིར་བཟུང་ནས་མཐོང་སྣེ་མི་འདྲ་བའི་ཐོག་ནས་ནང་བསྟན་གྱི་གསུང་རབ་ལ་འཆད་འགྲེལ་བྱས་ནས་གཟབ་ནན་དང་ཆེད་ལས་ཀྱི་རིག་གཞུང་སྙིང་སྟོབས་མངོན་པ་དང་། ཀྲུང་གོ་ཕྱོགས་ཀྱི་མཁས་དབང་ཚོས་བོད་ཡིག་གི་ལེགས་ཆ་དང་བོད་བརྒྱུད་ནང་བསྟན་ལོ་རྒྱུས་ཀྱི་ཕྱོགས་ཡོངས་ཀྱི་རྒྱུས་ལོན་གང་ལེགས་སྒོས་འདོན་སྤེལ་བྱས་ཏེ། ནང་བསྟན་གྱི་གསུང་རབ་དང་། ཏུན་ཧོང་ཡིག་རྙིང་། ལོ་རྒྱུས་རིག་གནས་སོགས་ཀྱི་ཆ་ནས་རང་ཉིད་ཀྱི་ལྟ་ཚུལ་ལྷུག་པོར་བརྗོད་པས་ཚོགས་འདུའི་སྟེང་མཁས་བརྒྱ་འགྲན་གླེང་དང་མེ་ཏོག་སྣ་བརྒྱ་བཞད་པའི་རྣམ་པ་མངོན་པར་བྱས།

འདི་ནི་བགྲོ་གླེང་ཚོགས་འདུའི་ཡུལ་དངོས་རེད།
        ལྷ་བྱམས་རྒྱལ་གྱིས་ཚོགས་འདུར་ཕྱོགས་བསྡོམས་བྱེད་པའི་གཏམ་བཤད་གནང་དུས་བཤད་རྒྱུར། སྐབས་གོང་མ་དང་བསྡུར་ན་ད་ཐེངས་ཀྱི་ཚོགས་འདུའི་ཞིབ་འཇུག་བྱ་གཞིའི་ཁྱབ་ཁོངས་རྒྱ་ཆེར་བཏང་བ་དང་། བརྗོད་བྱ་གཙོ་བོ་དང་བྱེད་ཐབས་མི་འདྲ་བའི་དབར་བསམ་ཚུལ་བརྗེ་རེས་དང་གདོང་ཐུག་བརྒྱབ་ནས་ཚོགས་ཞུགས་མི་སྣར་བོད་བརྒྱུད་ནང་བསྟན་ལ་ཞིབ་འཇུག་བྱེད་པའི་བསམ་བློ་གསར་པ་མཁོ་འདོན་བྱས་ཤིང་། 《མངོན་རྟོགས་རྒྱན》དང་། 《སྒྲ་ཀ་ལཱ་པ》《དམ་ཆོས་པདྨ་དཀར་པོ》《བསྟོད་ཆེན་བཞི》སོགས་པར་གཞི་མི་འདྲ་བ་དང་ཡིག་སྒྱུར་གྱི་ཁྱད་ཆོས་སོགས་ལ་འགྲེལ་བཤད་བརྒྱབ་པ་དེས་ནང་བསྟན་གྱི་གསུང་རབ་བསྟན་བཅོས་ཀྱི་ཡིག་ཆ་ཞིབ་འཇུག་བྱེད་པར་ཐབས་ལམ་གསར་པ་མཁོ་འདོན་བྱས་ཡོད། ཁོང་གིས་ད་དུང་ཚོགས་འདུའི་གྲོས་རིམ་ཚགས་དམ་པོ་ཡིན་པས་ཚང་མས་རང་གི་ལྟ་བ་དང་བསམ་བློ་ལྷུག་པོར་བརྗེ་རེས་བྱེད་མ་ཐུབ་ཀྱང་གྲུབ་འབྲས་ཆེན་པོ་ཐོབ་ཡོད་ཅེས་བཤད། ཀྲུང་གོ་དང་ཉི་ཧོང་གི་ཆེད་མཁས་པ་རྣམས་མཉམ་གཅིག་ཏུ་འཛོམས་ཏེ་ཞིབ་འཇུག་གི་གྲུབ་འབྲས་མཉམ་སྤྱོད་བྱས་ཤིང་། འདི་ལྟ་བུའི་བསམ་བློ་བརྗེ་རེས་བྱ་རྒྱུ་ཧ་ཅང་རྩ་ཆེན་ཡིན་པས་དེང་ཕྱིན་གོ་སྐབས་འདི་འདྲ་དེ་བས་མང་པོ་ཡོད་པའི་རེ་བ་ཡོད་ཅེས་བཤད།
        རྒྱུས་ལོན་བྱུང་བའི་གནས་ཚུལ་ལྟར་ན། ཀྲུང་ཉི་བོད་རིག་པའི་བགྲོ་གླེང་ཚོགས་འདུ་འདི་ནི་དགྲ་འདུལ་དང་ལུང་ཀུའུ་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་ཀུའེ་ཧྲའོ་ལུང་གཉིས་ཀྱིས་ཐུན་མོང་ཐོག་གྲོས་འགོ་བཏོན་ཞིང་། དེའི་དམིགས་ཡུལ་ནི་ཀྲུང་ཉི་བོད་རིག་པའི་ལས་རིགས་ཀྱི་ཉམས་མྱོང་བརྗེ་རེས་དང་མཉམ་ལས་བྱ་བར་སྐུལ་འདེད་གཏོང་རྒྱུ་དེ་རེད། 2010ལོའི་ཟླ་10པར་པེ་ཅིང་དུ་བགྲོ་གླེང་ཚོགས་འདུ་སྐབས་དང་པོ་བདེ་བླག་ངང་འཚོགས་ཤིང་། ཕྱོགས་གཉིས་པོས་2011ལོར་མཉམ་ལས་ཀྱི་གྲོས་མཐུན་ལ་དངོས་སུ་མིང་རྟགས་བཀོད་པར་མ་ཟད། 2013ལོ་དང་2017ལོར་ཉི་ཧོང་གི་རྒྱལ་ས་ཅིང་ཏུའུ་རུ་བགྲོ་གླེང་ཚོགས་འདུ་སྐབས་གཉིས་པ་དང་གསུམ་པ་འཚོགས་པ་རེད། བགྲོ་གླེང་ཚོགས་འདུ་དེ་ཀྲུང་ཉིའི་བོད་རིག་པའི་བསམ་བློ་བརྗེ་རེས་བྱེད་པའི་སྐར་ཁུང་གལ་ཆེན་ཞིག་ཏུ་གྱུར་ཞིང་། སླད་ཕྱིན་རིགས་གཅིག་མཁས་ཅན་དང་མཁས་དབང་དེ་བས་མང་བ་བགྲོ་གླེང་ནང་དུ་ཞུགས་ནས་རྒྱལ་ཁབ་གཉིས་པོའི་བོད་རིག་པ་ཞིབ་འཇུག་འཕེལ་རྒྱས་སུ་འགྲོ་བར་དགེ་མཚན་ལྡན་པའི་བྱས་རྗེས་འཇོག་རྒྱུའི་ཡིད་ཆེས་ཡོད་ཅེས་གསུངས་པ་རེད།
北京赛车pk10玩法 智慧彩票投注注册 山东群英会玩法 pk10规则 安徽快3计划 新疆喜乐彩玩法 足彩单场网上投注 新疆喜乐彩 英豪彩票注册 北京赛车怎么玩