山东群英会选号技巧

དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

མཐའ་མཚམས་གྲོང་ཚོར་གསེར་གྱི་ལྡེ་མིག་རག

སྤེལ་དུས 2019-10-30 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།
           ཉེ་ཆར། སྣ་དཀར་རྩེ་རྫོང་ཕུ་མ་བྱང་ཐང་ཤང་ན་མོ་ཆེ་གྲོང་ཚོའི་དུད་ཚང་29ཡི་མི་གྲངས་133ཁང་གསར་དུ་སྤོས་ནས་མཐའ་མཚམས་ཀྱི་འབྱོར་འབྲིང་གྲོང་ཚོའི་གནས་སྡོད་གསེར་གྱི་ལྡེ་མིག་རག་ཡོད་པ་རེད།     དེའི་ཐོག་ནས་ཕུ་མ་བྱང་ཐང་ཤང་གི་ཤང་ཡོངས་ཀྱི་མཐའ་མཚམས་འབྱོར་འབྲིང་གྲོང་ཚོར་གནས་སྡོད་བྱེད་ཚད་བརྒྱ་ཆ་100ཟིན་པ་མཚོན་ཡོད།    
                       
ན་མོ་ཆེ་གྲོང་ཚོའི་གྲོང་མི་ཚོས་ཁང་པའི་རྒྱན་སྒྲུག་བཞིན་པ། 
           ན་མོ་ཆེ་གྲོང་ཚོར་བསྐྱོད་སྐབས་བ་གམ་ཅན་གྱི་ཁང་བཟང་སྟར་ཕྲེང་དག་རྒྱ་ཆེ་ལ་དཀར་ཆ་དོད་ཅིང་སྒོ་ར་གཙང་ལ་ཁོད་ཡངས་པ།    རབ་ཏུ་འཚེར་བའི་ཉི་འོད་ནུས་པའི་ལམ་སྒྲོན།   པ་ཏྲའི་རིས་ལྟར་བཀྲ་ལ་ཁོད་སྙོམས་པའི་ཨར་འདམ་ལམ་བཅས་ལས་མིའི་འཚོ་སྡོད་ཁོར་ཡུག་ལ་འགྱུར་ལྡོག་ཆེན་པོ་བྱུང་བ་མངོན་པར་བྱས་ཡོད།     
           ཤེས་རྟོགས་བྱུང་བར་གཞིགས་ན།    མཐའ་མཚམས་ཀྱི་ཤང་དང་གྲོང་རྡལ་གྱི་དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་བརྟན་ལྷིང་ལ་སྐུལ་འདེད་ཇི་ལྟར་གཏོང་རྒྱུ་དང་དམངས་ཕྱུག་མཐའ་བརྟན་ལ་སྐུལ་འདེད་གཏོང་རྒྱུ་ནི་རྫོང་ཨུད་དང་རྫོང་སྲིད་གཞུང་གི་དམངས་འཚོའི་འདུ་འགོད་གལ་ཆེན་ཞིག་ཡིན་པའི་ངོས་ནས།     2017ལོ་ནས་བཟུང་སྣ་དཀར་རྩེ་རྫོང་ཨུད་དང་རྫོང་སྲིད་གཞུང་གིས་ཆེ་སར་དམིགས་པ་དང་ཞིབ་ཕྲ་ནས་འགོ་བཙུགས་ཏེ་མཐའ་མཚམས་ཀྱི་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་ལས་དོན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བས།      སྣ་དཀར་རྩེ་རྫོང་གི་ཕུ་མ་བྱང་ཐང་ཤང་དང་སྟག་ལུང་ཤང་གཉིས་ཀྱི་མཐའ་མཚམས་ཀྱི་འབྱོར་འབྲིང་གྲོང་ཚོ་17འཛུགས་སྐྲུན་བྱས་པ་དང་རྣམ་གྲངས་དེར་ཁྱོན་མ་དངུལ་སྒོར་དུང་ཕྱུར་6དང་བྱེ་བ་4ལྷག་ཙམ་བཏང་ཡོད་པ་རེད།    

གསེར་གྱི་ལྡི་མིག་རག་པའི་གྲོང་མི།
           ལས་གྲྭ་འཛུགས་སྐྲུན་གྱི་ཁོངས་སུ་གསར་དུ་བསྐྲུན་པའི་སྡོད་ཁང་དང་།    གྲོང་ཚོ་ཨུ་ལྷན།    འཕྲོད་བསྟེན་ཁང་།    ཆུ་འདོན་ཆུ་འབུད།    གྲོང་སྲིད་གཞུང་ལམ་སོགས་སྒྲིག་བཀོད་ཚུད་ཡོད།     ཕུ་མ་བྱང་ཐང་ཤང་གི་མཐའ་མཚམས་འབྱོར་འབྲིང་གྲོང་ཚོའི་འཛུགས་སྐྲུན་རྣམ་གྲངས་དེ་དུད་ཚང་282ཀྱི་མི་1023དང་འབྲེལ་བ་ཡོད་པ་དང་།    2017ལོའི་དུས་ཐེངས་དང་པོར་དུད་ཚང་180ཡི་མི་649བཀོད་སྒྲིག་བྱས་པ་དེ་སྲིད་འཛིན་གྲོང་ཚོ་གསུམ་དང་འབྲེལ་བ་ཡོད་པ་རེད།     དུས་ཐེངས་གཉིས་པའི་ལས་གྲྭ་དེ་སྲིད་འཛིན་གྲོང་ཚོ་གསུམ་གྱི་དུད་ཚང་102དང་མི་374དང་འབྲེལ་བ་ཡོད་པ་རེད།     ཕུ་མ་བྱང་ཐང་ཤང་གནམ་ཕྱུག་གྲོང་ཚོའི་གྲོང་མི་དག་སྡོད་ཁང་གསར་པར་སྤོས་པ་དེའི་ཐོག་ནས་ཤང་དེ་ཡོངས་ཀྱི་དུད་ཚང་282ཀྱི་མི་1023ཚང་མ་མཐའ་མཚམས་ཀྱི་འབྱོར་འབྲིང་ཁང་པའི་ནང་བདེ་བླག་ངང་གནས་སྡོད་བྱེད་ཐུབ་པ་མཚོན་ཡོད།          

 མཐའ་མཚམས་གྲོང་ཚོའི་བ་གམ་ཅན་གྱི་ཁང་བཟང་སྟར་ཕྲེང་། 
           ན་མོ་ཆེ་གྲོང་ཚོའི་གྲོང་མི་སྤེན་པ་དོན་གྲུབ་ཀྱིས་མཐའ་མཚམས་ཀྱི་གྲོང་ཚོ་ཆུང་ཆུང་དེའི་འཕེལ་རྒྱས་དང་འཕོ་འགྱུར་རབ་དང་རིམ་པ་རྣམས་མྱོང་བ་དངོས་ཀྱི་ཐོག་ནས་བདེན་དཔང་བྱས་ཡོད་དེ་ཁོང་གིས། གྲོང་མིའི་ཁང་པ་དག་རྩྭ་ཁང་དང་སོ་ཕག་གི་ཁང་པ་ནས་བདེ་སྡོད་ཁང་པའི་བར་དང་བདེ་སྡོད་ཁང་པ་ནས་འབྱོར་འབྲིང་ཁང་གསར་བར་འགྱུར་ལྡོག་ཐེངས་ཁ་ཤས་ཕྱིན་ཡོད་ཅེས་བཤད་པ་རེད།     ཁོང་གིས། ཏང་དང་སྲིད་གཞུང་གིས་ང་ཚོར་སྲིད་ཇུས་བཟང་པོ་མང་པོ་དེ་འདྲ་གནང་ཡོད་པས་ང་ཚོ་དབུལ་སྒྲོལ་ཕྱུག་འགྱུར་བྱུང་བ་མ་ཟད།    ང་ཚོར་སྡོད་ཁང་གསར་པའང་བརྒྱབ་ཡོད་པས་ང་ཚོས་ངེས་པར་དུ་ད་ལྟའི་བདེ་སྐྱིད་ལྡན་པའི་འཚོ་བར་གཅེས་སྤྲས་བྱས་ནས་མཐའ་མཚམས་ཡག་པོ་སྲུང་གི་ཡིན་ཞེས་བཤད་པ་རེད། 
 
དགའ་བའི་གླུ་དང་སྐྱིད་པའི་བྲོ་འཁྲབ་ནས་རྟེན་འབྲེལ་ཞུ་བ། 
           ཕུ་མ་བྱང་ཐང་ཤང་ནི་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་སྣ་དཀར་རྩེ་རྫོང་གི་ཤར་ལྷོའི་མཚམས་སུ་གནས་པ་དང་།    འབྲུག་ཡུལ་དང་འབྲེལ་ཡོད་པས་མཐའ་མཚམས་ཀྱི་ལམ་ཐིག་སྤྱི་ལེ་25ཟིན་གྱི་ཡོད།   ཤང་དེ་ཡོངས་ཀྱི་ཆ་སྙོམས་ས་བབ་མཐོ་ཚད་སྨི་5343ཟིན་པ་བཅས་ནི་འཛམ་གླིང་ཐོག་ས་བབ་མཐོ་ཤོས་ཀྱི་སྲིད་འཛིན་ཤང་ཞིག་ཡིན་པས། ཚེ་སྲོག་གི་བཀག་སྡོམ་ཁུལ་ཞེས་པ་དང་འཛམ་གླིང་གི་མཐའ་སྣེ་གསུམ་པ་ཞེས་སུ་འབོད་སྲོལ་ཡོད། 
རྩོམ་སྒྲིག་པ། བདེ་སྒྲོལ།
泛亚竞猜 彩库宝典app 公益福彩app 山东群英会技巧 火红彩票