山东群英会选号技巧

དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

རང་སྐྱོང་ལྗོངས་བུད་མེད་དང་བྱིས་པའི་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་སྐྲུན་འགོ་ཚུགས་ཤིང་ཁྱོན་མ་དངུལ་སྒོར་དུང་ཕྱུར་1.2བཏང་པ་དང་ས་མུའུ་15.8ཟིན་ཡོད།

སྤེལ་དུས 2019-10-30 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། བཀྲ་ཤིས་རྒྱལ་གྱིས་བསྒྱུར།
        ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཚེས་28ཉིན་གྱི་སྔ་དྲོར།རང་སྐྱོང་ལྗོངས་བུད་མེད་དང་བྱིས་པའི་ཕྱོགས་བསྡུས་ཞབས་ཞུའི་ལྟེ་གནས་འཛུགས་སྐྲུན་རྣམ་གྲངས་ཀྱི་རྨང་གཞི་འདིང་བའི་མཛད་སྒོ་ལྷ་ས་གྲོང་ཁྱེར་སྣེའུ་ཁུལ་གསར་དུ་སྤེལ་ཤིང་། གསར་འགོད་པས་རྨང་གཞི་འདིང་བའི་མཛད་སྒོ་སྤེལ་ཡུལ་ནས་ཤེས་རྟོགས་བྱུང་བར་་གཞིགས་ན། རྣམ་གྲངས་དེ་ནི་2017ལོར་རང་སྐྱོང་ལྗོངས་ཀྱི་ས་གནས་སྔོན་རྩིས་ནང་གི་གཞི་རྩའི་འཛུགས་སྐྲུན་གྱི་མ་འཇོག་འཆར་གཞིའི་ནང་བཅུག་སྟེ། ཁྱོན་མ་དངུལ་སྒོར་དུང་ཕྱུར་1.2གཏོང་རྒྱུ་དང་ས་མུའུ་15.8ཟིན་ལ། སྤྱིའི་འཛུགས་སྐྲུན་གྱི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་23227.31ཟིན་ཡོད་པ་རེད། 

    རང་སྐྱོང་ལྗོངས་བུད་མེད་དང་བྱིས་པའི་ཕྱོགས་བསྡུས་ཞབས་ཞུའི་ལྟེ་གནས་འཛུགས་སྐྲུན་རྣམ་གྲངས་དེ་ལྷ་ས་གྲོང་ཁྱེར་སྣེའུ་ཁུལ་གསར་གྱི་བྱང་ཚོགས་སྡེའི་པིན་ཧོ་སྤྱི་གླིང་ནང་ཁུལ་དུ་གནས་ཡོད་ཅིང་། རང་སྐྱོང་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་འཛུགས་སྐྲུན་གནང་པ་དང་རང་སྐྱོང་ལྗོངས་འཛུགས་སྐྲུན་རྩད་ཞིབ་ཇུས་འགོད་ཁང་གི་ཇུས་འགོད་དང་། བོད་ལྗོངས་འཛུགས་སྐྲུན་མ་འཇོག་ཆི་ཡོན་འཛུགས་སྐྲུན་རྣམ་གྲངས་ཀྱི་སྤྱིའི་འགན་གཙང་ཚད་ཡོད་ཀུང་སིས་གསར་སྐྲུན་གནང་བཞིན་ཡོད་པ་རེད། འཛུགས་སྐྲུན་གྱི་ནང་དོན་དང་བྱེད་ནུས་གཙོ་བོར་བྱིས་པའི་སྔོན་རིམ་སློབ་གསོའི་ཞབས་ཞུ་དང་བུད་མེད་ཀྱི་གཉིས་གཏོད་གསོ་སྦྱོང་སོགས་བུད་མེད་དང་བྱིས་པའི་བསམ་བློར་སྣེ་ཁྲིད་དང་། བཅའ་ཁྲིམས་བློ་འདྲི་སོགས་ཕྱོགས་བསྡུས་ཞབས་ཞུ་ཚུད་ཡོད། “རྣམ་གྲངས་དེས་ཁྱོན་ས་མུའུ་15.8ཟིན་པ་དང་སྤྱིའི་འཛུགས་སྐྲུན་རྒྱ་ཁྱོན་སྨི་གྲུ་བཞི་མ་23227.31ཟིན་པའི་ནང་བུད་མེད་ཀྱི་རིག་གནས་འགྲེམས་སྟོན་དང་ནུས་མང་གསོ་སྦྱོང་། སྤྱི་ཚོགས་ཀྱི་ཕྱོགས་བསྡུས་ཞབས་ཞུའི་ནུས་པའི་ཐད་སྤྱོད་པའི་ཁང་པ་སྨི་གྲུ་བཞི་མ་6091དང་། བྱིས་པ་དང་བུད་མེད་ཀྱི་གཉིས་གཏོད་གཉོར་སྐྱོང་རྟེན་གཞིར་སྤྱོད་པའི་ཁང་པ་སྨི་གྲུ་བཞི་མ་6281 བྱིས་པའི་སྔོན་རིམ་སློབ་གསོའི་ཞབས་ཞུ་དང་བྱིས་པའི་ལྟ་ཀློག  གཉེན་ཉེའི་ཉམས་ལེན་ལ་སྤྱོད་པའི་ཁང་པ་སྨི་གྲུ་བཞི་མ་3325བཅས་ཡོད་པ་རེད།  མིག་སྔར་ཨར་ལས་བཟོ་པ་200ལྷག་ཙམ་རྣམ་གྲངས་དེར་ཞུགས་ཡོད”ཅེས་བོད་ལྗོངས་འཛུགས་སྐྲུན་མ་འཇོག་ཆི་ཡོན་འཛུགས་སྐྲུན་རྣམ་གྲངས་ཀྱི་སྤྱིའི་འགན་གཙང་ཚད་ཡོད་ཀུང་སིའི་ཨར་ལས་ལག་རྩལ་པུའུ་ཡི་པུའུ་ཀྲང་གཞོན་པ་དབྱང་ཧན་གྱིས་དེ་ལྟར་ཟེར།
      ཤེས་རྟོགས་བྱུང་བར་གཞིགས་ན། རྣམ་གྲངས་དེ་བསྐྲུན་ཚར་རྗེས། ཉུང་མཐར་ཡང་མི་གྲངས་250ལ་དུས་མཉམ་དུ་རྩལ་ནུས་དངོས་སྦྱོང་དང་སློབ་ཚན་འགྲེལ་བཤད་སོགས་ཀྱི་གསོ་སྦྱོང་འཆར་གཞི་བཟོ་བའི་དགོས་མཁོ་སྐོང་ཐུབ་ལ། ལོ་རེར་ཉུང་མཐར་ཡང་གསོ་སྦྱོང་ཐེངས་12གནང་ཐུབ་ཅིང་ལོ་རེར་སྤྱི་ཚོགས་ལ་ལས་ཞུགས་མི་སྣ་ཉུང་མཐར་ཡང་3000གཏོང་རྒྱུར་བརྩོན་ལེན་བྱ་རྒྱུ་དང་། དེ་དང་ཆབས་ཅིག་བུད་མེད་ཀྱི་གཉིས་གཏོད་ལྟེ་གནས་ཀྱིས་མི་གྲངས་350ཡི་ལས་ཞུགས་དགོས་མཁོ་སྐོང་ཐུབ་པ་མ་ཟད། སེམས་ཁམས་བློ་འདྲི་དང་གཉེན་སྒྲིག་བློ་འདྲི། གཉེན་སྒྲིག་ངོ་སྤྲོད། བཅའ་ཁྲིམས་རོགས་སྐྱོར། ཁྱིམ་ལས་ཞབས་ཞུ་སོགས་མཁོ་འདོན་བྱས་ནས་བུད་མེད་དང་དེ་བཞིན་སློབ་ཆེན་སློབ་མའི་རང་བརྟེན་ལས་གཏོད་ལ་སྐུལ་མ་བཏང་སྟེ་སྤྱི་ཚོགས་ལ་ལས་ཞུགས་ལས་གནས་དེ་བས་མང་པོ་གཏོད་པ་དང་། ས་ཁོངས་དེའི་འཕེལ་རྒྱས་ལ་སྐུལ་ཁྲིད་བྱས་ཏེ་བུད་མེད་དང་སློབ་ཆེན་སློབ་མའི་སྤྱི་ཚོགས་ཀྱི་ལས་ཞུགས་འགྲན་རྩོད་ནུས་པ་ཆེ་རུ་གཏོང་རྒྱུ་དང་། འཆར་འགོད་འཛུགས་སྐྲུན་གནང་པའི་བྱིས་པའི་ཟློས་གར་ཁང་དུ་དུས་མཉམ་དུ་མི་གྲངས་350ཡིས་འཁྲབ་སྟོན་ལ་གཟིགས་ཆོག་ཅིང་། དེས་ནི་བྱིས་པའི་སྒྱུ་རྩལ་འཁྲབ་སྟོན་གྱི་ནུས་པ་གསོ་སྐྱོང་ལ་སྤེལ་ཁང་མཁོ་འདོན་བྱས་ཡོད་པ་མ་ཟད། ད་དུང་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་བུད་མེད་དང་བྱིས་པ་ལྟེ་བར་བྱས་པའི་རིག་གནས་སྒྱུ་རྩལ་གླིང་ཞིག་ཆགས་ཐུབ་ཡོད་པ་རེད། 

     རྨང་གཞི་འདིང་བའི་མཛད་སྒོའི་ཐོག་རང་སྐྱོང་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་རྒྱ་མཚོ་ལྷ་མོས“རྣམ་གྲངས་དེ་བསྐྲུན་པ་དེས་བུད་མེད་དང་བྱིས་པའི་སྤྱི་པའི་ཞབས་ཞུའི་མ་ལག་འཐུས་སྒོ་ཇེ་ཚང་དུ་བཏང་ནས་བུད་མེད་དང་བྱིས་པའི་ཁེ་དབང་ཁག་ལ་འགན་ལེན་གནང་སྟེ། རང་ལྗོངས་ཀྱི་བུད་མེད་དང་བྱིས་པའི་བྱ་གཞག་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་དོན་སྙིང་ཧ་ཅང་ཆེན་པོ་ལྡན་ལ།  རང་ལྗོངས་ཀྱི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་བུད་མེད་དང་བྱིས་པར་ཞབས་འདེགས་ཞུ་བའི་ནུས་པ་ཆེ་རུ་བཏང་ནས་རང་ལྗོངས་ཀྱི་བུད་མེད་དང་བྱིས་པའི་ཐོབ་སེམས་དང་བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་ཆེ་རུ་གཏོང་ཐུབ་པ་མ་ཟད། ད་དུང་བུད་མེད་མཉམ་འབྲེལ་རྩ་འཛུགས་ནི་ཏང་དང་སྲིད་གཞུང་གིས་བུད་མེད་མང་ཚོགས་དང་འབྲེལ་བ་བྱེད་པའི་འབྲེལ་ཟམ་དང་འབྲེལ་ཐག  དེ་བཞིན་རྒྱལ་ཁབ་སྲིད་དབང་གི་སྤྱི་ཚོགས་ཀྱི་སྲོག་ཤིང་ལྟ་བུའི་ནུས་པ་གལ་ཆེན་སྔར་བས་འདོན་སྤེལ་བྱས་ཏེ་རང་ལྗོངས་ཀྱི་བུད་མེད་དང་བྱིས་པའི་བྱ་གཞག་འཕེལ་རྒྱས་ཀྱི་དགོས་མཁོ་དང་སྔར་བས་འཚམ་ཐུབ་ཡོད་པ་རེད”ཅེས་ཟེར།
 
申博体育 EDF在线老虎机 山东群英会杀号技巧 斗地主达人 一定牛彩票网