山东群英会选号技巧

དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

དམངས་འཚོ་དོན་གཉེར་བྱས། དམངས་ལ་དྲོ་སྐྱིད་སྦྱིན།

—— ལྷོ་ཁ་གྲོང་ཁྱེར་གྱིས་རྒན་གསོ་དང་སྤྱི་ཚོགས་ཕན་བདེའི་བྱ་གཞག་ལ་སྐུལ་འདེད་བཏང་བའི་སྐོར་བཀོད་པ།

སྤེལ་དུས 2019-10-31 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
           གླེང་གཞི།
           དཀའ་ངལ་འཕྲད་སྐབས་རོགས་རམ་བྱེད་མཁན་ཡོད་པ་དང་རྒས་དུས་གསོ་མཁན་ཡོད་པ་ནི་མི་ཚང་མས་བདེ་སྐྱིད་ལྡན་པའི་འཚོ་བར་འཆང་བའི་རེ་བ་ཞིག་རེད། ལྷོ་ཁ་གྲོང་ཁྱེར་གྱིས་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་ཏུ་གཏོང་བ་སྒུལ་ཤུགས་སུ་བྱེད་པ་དང་། མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་འགན་ལེན་དང་ལེགས་སུ་གཏོང་བར་དམ་པོར་དམིགས་ནས་རྒན་གསོ་དང་སྤྱི་ཚོགས་ཕན་བདེའི་བྱ་གཞག་བརྟན་པོའི་ངང་འཕེལ་རྒྱས་བཏང་ཡོད།
           ཉེ་ཆར། བོད་ལྗོངས་མ་བུ་འཕྲོད་སྦྱོར་མཐུན་ཚོགས་འཕྱོངས་རྒྱས་རྫོང་གི་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣ་གཅིག་སྡུད་བསྙེན་བཀུར་ལྟེ་གནས་སུ་བསྐྱོད་ནས“སྨན་བཅོས་ཡོ་ཆས་ཆུང་ངུ་སྤྲོད་པའི”སྤྱི་ཚོགས་ལས་དོན་གྱི་ཞབས་ཞུའི་དཔེ་སྟོན་རྣམ་གྲངས་བརྒྱུད། རྒན་རྒོན་དྲག་སྐྱེད་རོགས་སྐྱོར་བྱེད་སྒོ་སྤེལ་བ་དང་ས་གནས་དེ་གའི་དམིགས་བསལ་དཀའ་ངལ་ཡོད་པའི་རྒན་རྒོན་ལ་འཁར་རྒྱུག་དང་དབང་སྐྱོན་མི་སྣར་སྤྱོད་བདེའི་ཉལ་ཁྲི་སོགས་སྒོར་ཁྲི་3ལྷག་ཙམ་རི་བའི་རིགས་ཁག་10ཡི་སྨན་བཅོས་ཡོ་ཆས་66སྤྲད་དེ་རྒན་རྒོན་གྱི་འཚོ་བའི་སྤུས་ཚད་སྔར་བས་ལེགས་སུ་བཏང་ཞིང་། འདི་ནི་འཕྱོངས་རྒྱས་རྫོང་གི་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣ་གཅིག་སྡུད་བསྙེན་བཀུར་ལྟེ་གནས་ཀྱི་རྒན་རྒོན་ཚོས་སུག་བཞིའི་འཁར་རྒྱུག་སྤྱོད་པའི་གནས་ཚུལ་ཡིན་པ།
           སྤྱི་ཚོགས་ཕན་བདེའི་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་བ་དང་། “བདེ་སྐྱིད་ལྡན་པའི་རྒན་གསོའི”བྱ་གཞག་འཕེལ་རྒྱས་ཤུགས་ཆེན་ཕྱིན་པ། མི་སེར་གྱི་བདེ་སྐྱིད་སྟོན་གྲངས་ཟམ་མི་ཆད་པར་མཐོ་རུ་སོང་བ་སོགས་བགྲངས་ཀྱིས་མི་ལངས། ཉེ་བའི་ལོ་ཤས་རིང་། ལྷོ་ཁ་གྲོང་ཁྱེར་གྱིས“དམངས་སེམས་འདུ་འགོད་ཆེན་པོ་བཅུ”དམ་འཛིན་བྱ་གཞིར་བྱས་པ་དང་། གཙོ་རྐང་ཡིན་པའི་དམངས་འཚོ་འགན་སྲུང་དང་ལེགས་གཏོང་ལ་དམིགས་ཏེ་དངོས་སྒྲུབ་ཀྱི་དོན་དངོས་དང་། འཕེལ་རྒྱས་ཀྱི་གྲངས་གཞི། མི་སེམས་འགུལ་བའི་རྣམ་པ་བཅས་རེ་རེ་ལས་རྒན་གསོ་དང་སྤྱི་ཚོགས་ཕན་བདེའི་བྱ་གཞག་སྤུས་འབོར་གཉིས་འཕར་ཡོང་བ་བྱས་ཡོད།
དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣར་རོགས་རམ་བྱས་པ།
           “ཉིན་ཤས་གོང་། དམངས་སྲིད་སྡེ་ཚན་དང་སྡེ་ཁུལ་གྱི་ལས་བྱེད་པ་རྣམས་ངའི་ཁྱིམ་དུ་ཡང་བསྐྱར་འཚམས་འདྲི་གནང་བར་ཕེབས་ཏེ་མ་མཐའི་འཚོ་བ་འགན་སྲུང་གི་དངུལ་ངའི་ལག་ཏུ་སྤྲད་པ་མ་ཟད། ད་དུང་ཤིང་འབྲས་དང་འབྲས་ཁྱེར་ནས་ང་ཚོར་དགའ་སྐྱིད་ལྡན་པའི་དུས་ཆེན་ཞིག་གཏོང་དུ་བཅུག་བྱུང”ཞེས་ད་ལྟ་བཏང་ཚར་མ་ཐག་ཡིན་པའི་ཟླ་མཆོད་དུས་ཆེན་དང་རྒྱལ་སྟོན་ནི་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་རྩེད་ཐང་གྲོང་རྡལ་གྱི་དཀའ་ངལ་ཡོད་པའི་དུད་ཚང་སྐྲ་བཟང་ཁྱིམ་གྱི་ངོས་ནས་བརྗོད་ན་དྲོ་སྐྱིད་ལྡན་པའི་དུས་ཆེན་ཞིག་རེད།
           གྲོང་ཁྱེར་དང་གྲོང་གསེབ་ཀྱི་དཀའ་ངལ་ཡོད་པའི་མང་ཚོགས་ལ་གཞིགས་ཏེ། ལྷོ་ཁ་གྲོང་ཁྱེར་གྱིས་སྤྱི་ཚོགས་རོགས་སྐྱོབ་ལས་དོན་ཡག་པོ་བསྒྲུབ་རྒྱུ་དམིགས་སར་བརྩིས་ཏེ་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བར་འགན་ལེན་ཏན་ཏིག་ཡོང་བ་བྱས་ཡོད།
           འདི་ལོ་ནས་བཟུང་། ལྷོ་ཁ་གྲོང་ཁྱེར་གྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་གྱི་མ་དངུལ་སྒོར་ཁྲི་1252.1དོན་འཁྱོལ་བྱས་ཏེ་དུད་ཚང་689ཡི་གྲོང་ཁྱེར་དང་གྲོང་རྡལ་གྱི་མ་མཐའི་འཚོ་བ་འགན་ལེན་གྱི་མི་སྣ་1066དང་དུད་ཚང་2290ཡི་གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་གྱི་མི་སྣ་6209ཡི་འཚོ་བའི་གནས་ཚུལ་ལེགས་སུ་གཏོང་རོགས་བྱས་ཡོད། དེས་མ་ཟད། ལྷོ་ཁ་གྲོང་ཁྱེར་གྱིས་ད་དུང་རང་འགུལ་ངང་ཤེས་རྟོགས་བྱེད་པའི་ལམ་སྲོལ་བཙུགས་ནས་འཐུས་སྒོ་ཚང་དུ་བཏང་བ་དང་། ཤང་དང་གྲོང་རྡལ་གྱི་སྐབས་འཕྲལ་རོགས་སྐྱོབ་གྲབས་གསོག་མ་དངུལ་གྱི་ལམ་ལུགས་བཙུགས་ཏེ་མི་ཐེངས་1021ལ་སྐབས་འཕྲལ་རོགས་སྐྱོབ་བྱས་པ་དང་། རོགས་སྐྱོབ་མ་དངུལ་སྒོར་ཁྲི་101.36སྤྲད་དེ་མང་ཚོགས་མང་པོ་ཞིག་གི་འཚོ་བའི་དཀའ་གནད་བསལ་ཡོད།
           དྭ་ཕྲུག་དང་དབང་པོ་སྐྱོན་ཅན་ལ་རོགས་རམ་བྱས་པ།
           རྒྱ་ཚ་རྫོང་རྒྱ་ཚ་གྲོང་རྡལ་སྦལ་ཆུང་གྲོང་ཚོར་སྤེལ་བའི་གཞིས་སྲུང་རྒན་རྒོན་གྱི་གཟུགས་པོར་བརྟག་དཔྱད་བྱེད་པའི་བྱེད་སྒོའི་ཁྲོད་སྨན་དོན་མི་སྣས་གཞིས་སྲུང་རྒན་རྒོན་མི་རེ་ངོ་རེའི་ཁྱིམ་དུ་ཞབས་འདེགས་ཞུ་བར་བསྐྱོད་པ་དང་ཁོང་ཚོར་གཟུགས་པོ་བརྟག་དཔྱད་བྱེད་པ་དང་། དོགས་གནད་སེལ་བ། ཆམ་པ་དང་། ཕོ་བ། ཁྲག་ཤེད་བཅས་ཀྱི་རྒྱུན་སྤྱོད་སྨན་སྤྲད་ནས་གཞིས་སྲུང་རྒན་རྒོན་ལ་དྲོ་སྐྱིད་སྦྱིན་པ་རེད། ལོ་68ལ་སླེབས་པའི་རྒན་མོ་སྒྲོལ་དཀར་གྱིས“རང་ཉིད་གཟུགས་པོ་བརྟག་དཔྱད་བྱེད་དགོས་བསམས་ནས་བསྡད་ཡོད། འོན་ཀྱང་ལོ་ན་མཐོ་བ་དང་རྐང་པ་ཐང་པོ་མེད་པར་བརྟེན་ཐག་རིང་པོར་འགྲོ་ཐུབ་ཀྱི་མི་འདུག ད་ཐེངས་སྨན་པ་ཚོས་ཆེད་མངགས་རང་ཉིད་ལ་གཟུགས་པོ་བརྟག་དཔྱད་བྱས་པ་དང་སྨན་སྤྲད་པས་དངོས་གནས་དགའ་པོ་བྱུང”ཞེས་བཤད།
           ལྷོ་ཁ་གྲོང་ཁྱེར་དམངས་སྲིད་སྡེ་ཚན་གྱིས་ཕྱོགས་གཅིག་ནས་དབང་པོ་སྐྱོན་ཅན་གྱི“གསབ་དངུལ་ཁག་གཉིས”སྤྲད་པའི་ཆ་འཕྲིན་ཅན་གྱི་ཆུ་ཚད་ནུས་ཤུགས་ཡོད་རྒུས་མཐོ་རུ་བཏང་བ་དང“ཁ་གསབ་དངུལ་ཁག་གཉིས”ཀྱི་ཆ་འཕྲིན་ལྟ་ཞིབ་ཚད་ལེན་བྱེད་པ་དང་། བསྡུར་བ། བབ་བསྟུན་དོ་དམ་བཅས་ལ་ཤུགས་སྣོན་བརྒྱབ་པ་རེད། ཕྱོགས་གཞན་ཞིག་ནས་དབང་པོ་སྐྱོན་ཅན་གྱི“ཁ་གསབ་དངུལ་ཁག་གཉིས”ཕྱོགས་ཡོངས་ནས་སྤྲད་པ་དང་མིག་སྔའི་བར་ལྷོ་ཁ་གྲོང་ཁྱེར་གྱི་མི་13342ཀྱིས་སྲིད་ཇུས་དེ་ལོངས་སྤྱོད་བྱེད་བཞིན་ཡོད་པ་དང་ཟླ་དང་པོ་ནས་དགུ་པའི་བར“ཁ་གསབ་དངུལ་ཁག་གཉིས”ཀྱི་དངུལ་སྒོར་ཁྲི་2463ལྷག་ཙམ་སྤྲད་པ་རེད།
           ཚད་གཞི་མཐོ་རུ་བཏང་བ།
           ད་ཆ་སྣེ་གདོང་ཆུས་རྩེད་ཐང་གྲོང་རྡལ་སྣེ་གདོང་ལམ་དུ་གནས་པའི་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣའི་གཅིག་སྡུད་བསྙེན་བཀུར་ལྟེ་གནས་དེ་རྒན་རྒོན་གྱི་རྒན་གསོའི་སྤྲོ་སྐྱིད་ཁང་དུ་གྱུར་ཡོད། ལྟེ་གནས་དེ་གཙང་སྦྲ་དོད་་པ་དང་། སྒྲིག་བཀོད་ཆ་ཚང་བ། མཐུན་སྒྲིལ་འཆམ་མཐུན་ལྡན་པ་ཞིག་ཡོད་པས་ཁྱིམ་ཚང་ཆེན་པོ་ཞིག་དང་གཉིས་སུ་མ་མཆིས། དེར་རྒན་གསོ་བྱེད་མཁན་རྒན་མོ་ཚེ་སྒྲོན་གྱིས“ང་ཚོ་དེར་འཚོ་བ་སྐྱིད་པོ་འདུག ལྟེ་གནས་ཀྱིས་ང་ཚོའི་ལྟོ་ཆས་ཡག་ཏུ་བཏང་བ་མ་ཟད། ཞབས་འདེགས་ཡག་པོ་ཞུ་གི་འདུག་ལ་བྱེད་སྒོ་ཡང་ཡང་སྤེལ་ནས་ང་ཚོའི་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་གི་འདུག”ཅེས་བཤད།
           དེས་མ་ཟད། ལྷོ་ཁ་གྲོང་ཁྱེར་གྱིས་རྒན་རྒོན་གྱི་བསམ་པའི་དགོས་མཁོ་སྐོང་གང་ཐུབ་བྱེད་པ་དང་རོལ་རྩེད་བྱེད་སྒོ་ཡང་ཡང་སྤེལ་བ། ལས་རིགས་ཁག་གི་མི་སྣ་སྒྲིག་འཛུགས་བྱས་ཏེ་གཅིག་སྡུད་བསྙེན་བཀུར་ལྟེ་གནས་ཀྱི་རྒན་རྒོན་ལ་འཚམས་འདྲི་བྱེད་པར་བཏང་ནས་རྒན་རྒོན་ཚོར་བདེ་སྐྱིད་ཚོར་བར་བྱས་པ་རེད།
རྩོམ་སྒྲིག་པ། བདེ་སྒྲོལ།
彩票万能公式 海南4+1走势图 皇冠足彩 山东群英会杀号技巧 皇冠足彩