山东群英会选号技巧

དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། 山东群英会选号技巧“པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

2019ལོའི་ཀྲུང་གོའི་རྩལ་ནུས་འགྲན་སྡུར་ཆེན་མོ་ལས་བོད་རང་སྐྱོང་ལྗོངས་ཀྱི་སྲོལ་རྒྱུན་དང་སྤྱི་ཁྱབ་བཟོ་རིགས་ཀྱི་ལས་རིགས་རྩལ་ནུས་འགྲན་སྡུར་མཇུག་སྒྲིལ་ཏེ་བྱ་དགའ་ཐོབ་པའི་བདམས་ཐོན་པ་“ལྗོངས་ཡོངས་ཀྱི་ལག་རྩལ་མཁས་ཅན”གྱི་འོས་མིར་མཚམས་སྦྱོར་གནང་རྒྱུ་རེད།

སྤེལ་དུས 2019-10-31 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པདྨ་ཚེ་རིང་གིས་བསྒྱུར།
        ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། དུས་ཡུན་ཉིན་གཉིས་ཀྱི་རིང་འགྲན་སྡུར་བྱས་པ་བརྒྱུད། ཚེས་29ཉིན་གྱི་ཕྱི་དྲོར། ཀྲུང་གོའི་ནུས་རྩལ་འགྲན་སྡུར་ཆེན་མོ་སྟེ་བོད་རང་སྐྱོང་ལྗོངས་ཀྱི་སྲོལ་རྒྱུན་དང་སྤྱི་ཁྱབ་བཟོ་རིགས་ལས་རིགས་རྩལ་ནུས་འགྲན་སྡུར་མཇུག་སྒྲིལ་ཞིང་། ཐང་ག་དང་ཤིང་བརྐོས།  ཀྲུང་ལུགས་ཕྱེ་གོར།   ནུབ་ལུགས་ཕྱེ་གོར་བཅས་ལས་རིགས་བཞི་ལ་བྱ་དགའ་ཨང་རིམ་དང་པོ་4དང་། ཨང་རིམ་གཉིས་པ་8དང་། ཨང་རིམ་གསུམ་པ་12བཅས་བདམས་ནས། བྱ་དགའ་ཐོབ་པའི་བདམས་ཐོན་པ་དེ་དག་རང་སྐྱོང་ལྗོངས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གིས་“ལྗོངས་ཡོངས་ཀྱི་ལག་རྩལ་མཁས་ཅན” གྱི་འོས་མིར་མཚམས་སྦྱོར་གནང་རྒྱུ་རེད།
        ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཁུལ་ནས་ཕེབས་པའི་ཚེ་རིང་གཡང་འཛོམས་ཀྱིས་མིག་སྔར་ཉིང་ཁྲི་གྲོང་ཁྱེར་གྱི་ཟ་ཁང་ཞིག་ཏུ་ཕྱེ་བརྫི་བའི་ལས་ཀ་གཉེར་གྱིན་ཡོད།   གཡོས་སྦྱོར་ལ་དགའ་པོ་ཡོད་སྟབས་ཁྱིམ་མིས་ཆེད་དུ་མོ་རང་གཡོས་སྦྱོར་འཛིན་གྲྭར་བཅུག་ཅིང་། སློབ་སྦྱོང་བྱེད་པའི་བརྒྱུད་རིམ་ཁྲོད་ནས་ཁོང་མོས་ཕྱེ་གོར་ལས་སྟངས་སྦྱངས་པ་རེད།  ད་ཐེངས་མོས་རི་བོ་གནམ་ལྕགས་འབར་བའི་ཡུལ་ལྗོངས་དེ་ཟས་སྣ་ཞིག་ཏུ་བཟོས་ནས་“གནམ་ལྕགས་ཡུལ་ལྗོངས་”ཞེས་མིང་བཏགས་ཤིང་། ཐུན་མོང་མ་ཡིན་པའི་གསར་གཏོད་དང་ཞིབ་ཚགས་འཛོམས་པའི་བཟོ་རྩལ་ཀྱིས་ཀྲུང་ལུགས་ཕྱེ་གོར་ཚོ་ཆུང་ལས་ཨང་དང་པོར་བདམས་ཐོན་བྱུང་བ་རེད། “འགྲན་སྡུར་ནི་སློབ་སྦྱོང་གི་བརྒྱུད་རིམ་ཞིག་ཏུ་མཐོང་ཞིང་། ད་ཐེངས་ཀྱི་འགྲན་སྡུར་བརྒྱུད་དེ་ངས་ཤ་མོག་དང་འཐེན་ཐུག  ལག་བཟོས་ཐུག་པ་བཅས་ཤེས་བྱུང་བས་ཧ་ཅང་དགའ་པོ་བྱུང་།”ཞེས་གསུངས།

        ཐང་གའི་ཚོ་ཆུང་གི་དགེ་འདུན་རྒྱལ་མཚན་གྱིས་《འོད་དཔག་མེད་》ཅེས་པའི་ཐང་ག་ཡི་བྱོན་ལེགས་ཤིང་སྐྱ་རིས་ཞིབ་ཚགས་ཚད་ལྡན་ཡིན་པས། ཐང་གའི་ཚོ་ཆུང་ལས་ཨང་དང་པོར་བདམས་ཐོན་བྱུང་བ་རེད། 
        རང་སྐྱོང་ལྗོངས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གི་ཏང་ཙུའུ་ཁོངས་མིའམ་ཐིང་ཀྲང་གཞོན་པ་ཟླ་བ་ཚེ་རིང་གིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བོད་ལྗོངས་ཀྱི་ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྲུན་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་ཆེད་དུ་སྒོར་དུང་ཕྱུར་10བཏང་ནས་བོད་རང་སྐྱོང་ལྗོངས་ལག་རྩལ་པའི་སློབ་གླིང་བཙུགས་ཡོད། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་བོད་ལྗོངས་ལག་རྩལ་པའི་སློབ་གླིང་དང་རྩལ་ནུས་ཤེས་ལྡན་མི་སྣའི་སློབ་གསོའི་མ་ལག་འཛུགས་སྐྱོང་ལ་ཚད་མཐོའི་མཐོང་ཆེན་བྱེད་བཞིན་ཡོད་ལ། རིམ་པ་ཁག་གི་འགོ་ཁྲིད་ཀྱིས་ཀྱང་བོད་ལྗོངས་ལག་རྩལ་པའི་སློབ་གླིང་གི་ཞིབ་ཕྲའི་ལས་དོན་ཐད་བླང་བྱ་གསལ་པོ་བཏོན་ནས། ལྗོངས་ཡོངས་ཀྱི་ལག་རྩལ་ཤེས་ལྡན་པའི་ལས་དོན་ཡག་པོ་བསྒྲུབ་རྒྱུར་ཁ་ཕྱོགས་དང་ཐབས་ལམ་གསལ་སྟོན་གནང་བཞིན་ཡོད།

        ཉེ་བའི་ལོ་ཤས་རིང་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་།  རང་སྐྱོང་ལྗོངས་ཏང་ཨུད།  སྲིད་གཞུང་དང་མི་ཤུགས་ཐོན་ཁུངས་ཐིང་ཏང་ཙུའུ་བཅས་ཀྱི་དབུ་ཁྲིད་འོག་“དཔྱིད་ཀྱི་རླབས་རྒྱུན་བྱ་འགུལ”དང་། ཤིན་ཏུ་དབུལ་བའི་ས་ཁུལ་གྱི་ནུས་རྩལ་དབུལ་སྐྱོར་བྱ་འགུལ།  ཁེ་ལས་ཀྱི་དགེ་ཕྲུག་ལམ་ལུགས་དཔེ་གསར་ཁྱབ་གདལ་གཏོང་བ་སོགས་ཀྱི་ཆེད་དོན་བྱེད་སྒོ་སྤེལ་བ་བརྒྱུད་ལྗོངས་ཡོངས་ཀྱི་རྩལ་ནུས་ཤེས་ལྡན་མི་སྣའི་དཔུང་ཁག་བརྟན་པོ་ཡོང་བར་གོང་འཕེལ་བཏང་བས།  ད་ལྟའི་བར་དུ་ལྗོངས་ཡོངས་སུ་ལས་རིགས་ཐོབ་ཐང་ལག་ཁྱེར་ཡོད་པའི་རྩལ་ནུས་ཤེས་ལྡན་མི་སྣ་ཁྲི་10ལྷག་ཙམ་ཟིན་ཡོད་པ་རེད། 
        “ཐེངས་འདིའི་འགྲན་སྡུར་ལ་རང་སྐྱོང་ལྗོངས་ཀྱི་མི་རིགས་ཐོན་ལས་ལ་དམིགས་ནས་སྐུལ་ལྕག་དང་ཁྲིད་སྟོན་ཤུགས་ཆེན་གནང་ཞིང་། འདིར་མངོན་གསལ་དོད་པའི་དུས་རབས་ཀྱི་ཁྱད་རྟགས་དང་མི་རིགས་ཀྱི་ཁྱད་ཆོས་ལྡན་ཡོད་པ་མ་ཟད། འདི་ནི་བོད་རང་སྐྱོང་ལྗོངས་རིམ་པའི་ལས་རིགས་རྩལ་ནུས་འགྲན་སྡུར་ཞིག་ཡིན་ལ། བོད་ལྗོངས་ཀྱི་ལས་རིགས་རྩལ་ནུས་གསོ་སྦྱོང་ལས་ཀའི་གྲུབ་འབྲས་གཅིག་བསྡུས་ཀྱིས་ཞིབ་བཤེར་ཐེངས་ཤིག་བྱས་ཏེ་རྒྱ་ཆེའི་ཤེས་ལྡན་མི་སྣའི་དུས་རབས་ཀྱི་ཉམས་འགྱུར་དང་བསམ་པའི་རྣམ་པ། རྩལ་ནུས་ཆུ་ཚད་བཅས་མངོན་པར་བྱས་པས། རྩལ་ནུས་ཤེས་ལྡན་མི་སྣར་‘སྐར་འོད་འཚེར་བའི་ལམ་ཆེན’ཞིག་བསྐྲུན་ཡོད་པ་རེད། ད་ཐེངས་ཀྱི་འགྲན་སྡུར་ཆེན་མོ་དེས་ལྗོངས་ཡོངས་ཀྱི་རྩལ་ནུས་ཤེས་ལྡན་མི་སྣའི་གསོ་སྐྱོང་ལས་དོན་ལ་སྐུལ་འདེད་བྱུང་སྟེ། རྒྱ་ཆེའི་གཞོན་ནུའི་ལག་རྩལ་བཟོ་བའི་གཟི་བརྗིད་ཚོར་སྣང་ཇེ་དྲག་དང་ན་གཞོན་དེ་བས་མང་པོ་རྩལ་ནུས་ལས་དོན་ལ་ཞུགས་རྒྱུར་སྐུལ་མ་གཏོང་ངེས་རེད།”ཅེས་ཟླ་བ་ཚེ་རིང་གིས་དེ་ལྟར་གསུངས།
捕鱼大作战 极品斗地主 山东群英会app下载 大发麻将 斗地主达人