山东群英会选号技巧

དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། 山东群英会选号技巧གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། 山东群英会选号技巧བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

ལྷ་ས་འགག་སྒོས་འབུ་ཆ་ག་པ་བཀག་འགོག་ནན་མོ་བྱེད་བཞིན་ཡོད།

སྤེལ་དུས 2020-03-13 ཡོང་ཁུངས། མི་དམངས་དྲ་བ། རྩོམ་པ་པོ།

         ཟླ་3ཚེས་10ཉིན། གསར་འགོད་པས་ལྷ་ས་འགག་སྒོ་ནས་ཤེས་རྟོགས་བྱུང་གསལ། ཕན་ནུས་ལྡན་པའི་ངང་འབུ་ཆ་ག་པ་མངའ་ཁོངས་སུ་འཛུལ་བར་བཀག་འགོག་བྱ་ཆེད། ལྷ་ས་འགག་སྒོས་ཐབས་ཤེས་སྣ་མང་ལ་བརྟེན་ནས་བཀག་འགོག་ཤུགས་ཚད་ཇེ་ཆེར་གཏོང་བ་དང་། འགྲམ་དང་གྲོ་མོ། སྐྱིད་རོང་། སྤུ་ཧྲེང་སོགས་བོད་ལྗོངས་མཐའ་མཚམས་ཀྱི་འགག་སྒོའི་ཉེ་འཁོར་དུ་ལྟ་ཞིབ་བྱེད་བཞིན་ཡོད་པ་དང། མིག་སྔར་འབུ་ཆ་ག་པ་གསར་རྙེད་བྱུང་མེད། 
         འབུ་ཆ་ག་པ་ནི་འབུ་སྲིན་རིགས་ཀྱི་དྲང་གཤོག་སྡེའི་རྐང་ཁྲའི་འབུ་ཆ་ག་པའི་ཁོངས་སུ་གཏོགས་པའི་འབུ་སྦྲང་ཞིག་ཡིན་ཞིང་། འཕུར་ནུས་ཆེ་ཞིང་ལྟོ་ཚོད་ཆེ། འབུ་ཚོགས་ཆེན་པོ་འདུ་ཐུབ་ལ། སྨི་གྲུ་བཞི་མ་1ནང་དུ་འབུ་ཆ་ག་པ་8000ཡི་འབུ་ཚོགས་ཤོང་ནུས་ཅིང་། ཉིན་གཅིག་གི་ལྟོ་ཟ་ཚོད་ནི་མི་ཁྲི་3.5ཡི་ཟས་ཟ་ཚོད་དང་མཚུངས། འབྲུ་རིགས་ཉེན་མེད་དང་ཞིང་པའི་འཚོ་བ་ལ་ཉེན་ཁ་བཟོ་སྲིད་པས། འཛམ་གླིང་དུ་གཏོར་བརླག་རང་བཞིན་ཆེས་ཆེ་བའི་གནས་སྤོ་རང་བཞིན་ལྡན་པའི་གནོད་འབུ་ཞིག་ལ་ངོས་འཛིན་གྱི་ཡོད། 
         ཉེ་ཆར། འབུ་ཆ་ག་པ་ཡ་གླིང་ཤར་མ་དང་། ཡ་གླིང་ནུབ་མ། ཡ་གླིང་ལྷོ་མའི་རྒྱལ་ཁབ་ཁ་ཤས་སུ་གཞི་རྒྱ་ཆེན་པོར་ཐོན་བཞིན་ཡོད་པ་དང་། ཕ་ཁི་སི་ཐན་དང་ཨ་ཧྥེ་རི་ཀའི་རྒྱལ་ཁབ་མང་པོ་རུ་འབུ་ཆ་ག་པ་བྱུང་བས་ཛ་དྲག་རྣམ་པ་སླེབས་པ་ཁྱབ་བསྒྲགས་བྱས་ཡོད། འབུ་ཆ་ག་པ་ཀྲུང་གོའི་མངའ་ཁོངས་སུ་ཡོང་བའི་ཉེན་ཁ་ཆེན་པོར་གྱུར་ཡོད་པ་དང་། གལ་ཏེ་ཡོང་ནས་གཞི་རྒྱ་ཆེན་པོར་ཁྱབ་པ་ན། བོད་ལྗོངས་ཞིང་འབྲོག་ལས་ཀྱི་ཐོན་སྐྱེད་ལ་ཐད་ཀར་ཉེན་ཁ་བཟོ་བ་དང་། སྐྱེས་ཁམས་ཁོར་ཡུག་ལ་གཏོར་སྐྱོན་བཟོ་བ་མ་ཟད། ད་དུང་མང་ཚོགས་ཀྱི་རྒྱུན་ལྡན་འཚོ་བ་ལའང་ཤུགས་རྐྱེན་བཟོ་ངེས་ཡིན། 
         བྱ་ཐབས་ལག་བསྟར་བྱེད་རིམ་ཁྲོད། འབུ་ཆ་ག་པའི་གནོད་སྐྱོན་གྱི་ཆ་འཕྲིན་འཚོལ་སྡུད་དང་ཞིབ་འཇུག་ཐག་གཅོད་ཀྱི་ལས་དོན་ལེགས་པོར་སྒྲུབ་ཆེད། ལྷ་ས་འགག་སྒོ་དང་བོད་རང་སྐྱོང་ལྗོངས་ཞིང་ལས་ཞིང་གྲོང་ཐིང་། ནགས་ལས་དང་རྩྭ་ཐང་ཅུས་བཅས་ཀྱིས་འབྲེལ་གཏུག་དང་སྤེལ་རེས་བྱེད་ཤུགས་ཆེ་རུ་བཏང་ཡོད། དུས་མཚུངས་སུ་ཐད་གཏོགས་འགག་སྒོ་ཁག་ལ་མངའ་ཁོངས་སུ་འདྲེན་པའི་དངོས་ཟོག་དང་སྐྱེལ་འདྲེན་ཡོ་བྱད་ལ་རྟགས་བཤེར་བྱེད་ཤུགས་ཆེ་རུ་བཏང་ནས། དངོས་ཟོག་དང་འགྲིམ་འགྲུལ་སྐྱེལ་འདྲེན་ཡོ་བྱད་དང་མཉམ་དུ་འབུ་ཆ་ག་པ་ནང་འཛུལ་བྱེད་པར་སྔོན་འགོག་བྱེད་དགོས་པའི་བླང་བྱ་བཏོན་ཡོད། 
         ཤེས་རྟོགས་བྱུང་བར་གཞིགས་ན། རྒྱལ་སྤྱིའི་རྩི་ཤིང་ཞིབ་བཤེར་ལག་བསྟར་ཚད་གཞི་ཨང་6པར་གཞིགས་ནས། ལྷ་ས་འགག་སྒོས་མཐའ་མཚམས་ཉེ་འཁོར་གྱི་སྤྱི་ལེ་2ཀྱི་ནང་ཁོངས་སུ་འབུ་ཆ་ག་པ་ལྟ་ཞིབ་དང་ཞིབ་བཤེར་ལས་དོན་སྤེལ་ཟིན་པ་དང་། དུས་ལྟར་ལྟ་ཞིབ་གཞི་གྲངས་སྤྱི་བསྡོམས་དང་། དབྱེ་ཞིབ་ཐག་གཅོད་བྱས་ནས། དུས་ཐོག་ཏུ་ཚན་རིག་དང་མཐུན་ཞིང་ཕན་ནུས་ལྡན་པའི་སྒོ་ནས་འབུ་ཆ་ག་པ་ནང་དུ་འཛུལ་བར་འགོག་བཅོས་ལ་དུས་ཚོད་དམ་འཛིན་བྱེད་བཞིན་འདུག 
         གཞན་ཡང་། ལྷ་ས་འགག་སྒོ་ཡིས་འབུ་ཆ་ག་པའི་གནོད་འཚེའི་ཆ་འཕྲིན་འཚོལ་སྡུད་བྱེད་ཤུགས་ཆེ་རུ་བཏང་སྟེ། ཐབས་ལམ་མང་པོ་དང་ཕྱོགས་མང་པོའི་ཐད་ནས་ནེ་པ་ལ་དང་རྒྱ་གར་གྱི་འབུ་ཆ་ག་པའི་འབྲེལ་ཡོད་ཆ་འཕྲིན་འཚོལ་སྡུད་བྱས་ཏེ། རྒྱལ་མཚམས་ཕྱིའི་འབུ་ཆ་ག་པའི་གནོད་འཚེ་ཁྱབ་པའི་མྱུར་ཚད་དང་ལམ་ཐིག་ལ་དབྱེ་ཞིབ་དང་། ཀྲུང་གོར་འཛུལ་བའི་དུས་ཚོད་ཚོད་དཔག་བྱས་ཤིང་།  ཁ་གཏད་གཅོག་རྒྱུའི་གྲ་སྒྲིག་སྔ་ཙམ་བྱེད་བཞིན་ཡོད། 

རྩོམ་སྒྲིག་པ།སྣང་རྡོར།
山东群英会规则 千旺彩票 捕鱼大作战 海南4+1 彩库宝典app