山东群英会选号技巧

དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། 山东群英会选号技巧“པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། 山东群英会选号技巧“ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

ས་ཆ་མང་པོས་སློབ་འགོ་ཚུགས་པའི་དུས་ཚོད་གཏན་འཁེལ་བྱས་པ།

སྤེལ་དུས 2020-03-13 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།
         རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལྟར་ན། ཟླ་3ཚེས་10ཉིན་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་25ལ་ནད་གཞི་གཏན་འཁེལ་བྱུང་བའི་ནད་པ་ཇེ་མང་སོང་མེད། ཏོག་གསར་གློ་ཚད་ཀྱི་རིམས་ནད་གནས་ཚུལ་ཇེ་ལེགས་སུ་སོང་བ་དང་བསྟུན་ནས། ས་ཆ་མང་པོས་འཕྲལ་སྡོམ་ལག་བསྟར་རིམ་པ་དམའ་རུ་བཏང་བ་དང་། ས་ཁུལ་ཁག་གཅིག་གིས་སློབ་འགོ་ཚུགས་པའི་དུས་ཚོད་གཏན་འཁེལ་བྱས་ཡོད། 

         འཕྲལ་སྡོམ་ལག་བསྟར་རིམ་པ་དམའ་རུ་བཏང་བ། 
         ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་11གིས་འཕྲལ་སྡོམ་ལག་བསྟར་རིམ་པ་དང་པོ་ནས་རིམ་པ་གཉིས་པར་ལེགས་སྒྲིག་བྱས་པ། 
         ཧུའུ་ནན་དང་། ཁྲུང་ཆིང་། ཧེ་ལུང་ཅང་། ཀྲེ་ཅང་། ཉིང་ཞ། ཅི་ལིན། སི་ཁྲོན། ཨན་ཧུའེ། ཅང་སུའུ། ཀོང་ཏུང་བཅས་ཁྱོན་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་10ཡིས་ཐོལ་བྱུང་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་གྱི་འཕྲལ་སྡོམ་ལག་བསྟར་རིམ་པ་དེ། རིམ་པ་དང་པོ་ནས་རིམ་པ་གཉིས་པར་ལེགས་སྒྲིག་བྱས་པ་རེད། 
         ཧྥུ་ཅན་གྱིས་ཞིང་ཆེན་ནང་ཁུལ་གྱི་ཏོག་གསར་གློ་ཚད་ཀྱི་རིམས་ནད་ཁྲོད་ཀྱི་ཉེན་ཁའི་ཁུལ་དེ་ཐོལ་བྱུང་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་གྱི་འཕྲལ་སྡོམ་ལག་བསྟར་རིམ་པ་དང་པོ་ནས་རིམ་པ་གཉིས་པ་ལ་ལེགས་སྒྲིག་བྱས་པ་དང་། ཉེན་ཁ་ཆུང་བའི་ཁུལ་དུ་འཕྲལ་སྡོམ་ལག་བསྟར་རིམ་པ་གསུམ་པ་ལག་ལེན་བྱ་རྒྱུ་ཡིན་པ་རེད།
         ས་གནས་10ཡི་འཕྲལ་སྡོམ་ལག་བསྟར་རིམ་པ་དེ་རིམ་པ་གསུམ་པར་ལེགས་སྒྲིག་བྱས་པ།
         ཧྲའན་ཞི་དང་། ཧའེ་ནན། ཀོང་ཞི། ནང་སོག ཀུའེ་ཀྲོའུ། ཡུན་ནན། ལིའོ་ཉིང་། ཀན་སུའུ་བཅས་ཀྱིས་ཐོལ་བྱུང་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་ཚབས་ཆེན་གྱི་འཕྲལ་སྡོམ་ལག་བསྟར་རིམ་པ་དང་པོ་དེ་ལག་བསྟར་རིམ་པ་གསུམ་པར་ལེགས་སྒྲིག་བྱས་ཡོད། 
         ཧྲན་ཤིས་ཀྱིས་ཟླ་3ཚེས་10ཉིན་གྱི་དགོང་མོའི་ཆུ་ཚོད་བཅུ་གཉིས་ནས་བཟུང་། ཐོལ་བྱུང་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་གྱི་འཕྲལ་སྡོམ་ལག་བསྟར་རིམ་པ་དེ་རིམ་པ་གཉིས་པ་ནས་རིམ་པ་གསུམ་པར་ལེགས་སྒྲིག་བྱས་པ་རེད། 
         ཤིན་ཅང་གིས་ཟླ་3ཚེས་7ཉིན་གྱི་ཆུ་ཚོད་24ནས་བཟུང་། ཐོལ་བྱུང་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་ཚབས་ཆེན་གྱི་འཕྲལ་སྡོམ་རིམ་པ་གཉིས་པ་དེ་རིམ་པ་གསུམ་པར་ལེགས་སྒྲིག་བྱས་པ་རེད། 
         མཚོ་སྔོན་གྱི་འཕྲལ་སྡོམ་ལག་བསྟར་རིམ་པ་གསུམ་པ་ནས་རིམ་པ་བཞི་བར་ལེགས་སྒྲིག་བྱས་པ། 
         ཟླ་3ཚེས་6ཉིན་གྱི་ཆུ་ཚོད་12ནས་བཟུང་། མཚོ་སྔོན་གྱིས་ཐོལ་བྱུང་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་ཚབས་ཆེན་དེ་ལག་བསྟར་རིམ་གསུམ་པ་ནས་ལག་བསྟར་རིམ་པ་བཞི་བར་ལེགས་སྒྲིག་བྱས་པ་རེད། 
         ཅང་ཤིས་ཞིང་ཆེན་གྱིས་རྫོང(གྲོང་ཁྱེར་དང་ཆུས)40ལྷག་ཙམ་གྱི་འཕྲལ་སྡོམ་ལག་བསྟར་རིམ་པ་ལེགས་སྒྲིག་བྱས་པ། 
         ཅང་ཤིས་ཀྱིས་རིམས་ནད་ཀྱི་ཉེན་ཁ་ཆུང་བའི་རྫོང(གྲོང་ཁྱེར་དང་ཆུས)23གྱི་ཐོལ་བྱུང་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་ཚབས་ཆེན་གྱི་འཕྲལ་སྡོམ་ལག་བསྟར་རིམ་པ་དང་པོ་ནས་རིམ་པ་གསུམ་པའི་བར་ལེགས་སྒྲིག་བྱས་པ་དང་། ད་དུང་རྫོང(གྲོང་ཁྱེར་དང་ཆུས)24ཡི་ཐོལ་བྱུང་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་ཚབས་ཆེན་གྱི་འཕྲལ་སྡོམ་ལག་བསྟར་རིམ་པ་དང་པོ་ནས་རིམ་པ་གཉིས་པར་ལེགས་སྒྲིག་བྱས་ཡོད།
         སློབ་འགོ་ཚུགས་པའི་དུས་ཚོད། 
         མིག་སྔར། རྒྱལ་ནང་དུ་ཀུའེ་ཀྲོའུ་དང་མཚོ་སྔོན་སོགས་ས་ཁུལ་དུ་སློབ་འགོ་ཚུགས་པའི་དུས་ཚོད་ཞིབ་ཕྲ་ཁ་གསལ་བཟོས་ཡོད། སློབ་གྲྭའི་རིམས་འགོག་འགན་ལེན་བྱ་ཆེད། ས་གནས་ཁག་གིས་འཚང་ཁ་ལས་གཡོལ་ནས་སློབ་གྲྭར་འབྱོར་བ་དང་། དུས་ཚོད་བགོས་ནས་ཟ་མ་ཟ་བ། ལས་གནས་དང་སློབ་གྲྭར་ཕྱིར་ལོག་བྱེད་མཁན་དགེ་རྒན་དང་ལས་བཟོ་བར་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་བྱེད་པ་སོགས་ཀྱི་བྱ་ཐབས་བཏོན་ཡོད།
         ཀུའེ་ཀྲོའུ་ཞིང་ཆེན་གྱི་མཐོ་གསུམ་དང་དམའ་གསུམ་གྱི་སློབ་མ་ལ་ཟླ་3པའི་ཚེས་16ཉིན་དངོས་སུ་སློབ་འགོ་ཚུགས་རྒྱུ་རེད། སློབ་མཚམས་གཞན་དག་དང་དམའ་མཐོ་འབྲིང་གི་ལོ་རིམ་གཞན་དག་གི་སློབ་འགོ་ཚུགས་པའི་དུས་ཚོད་དེ། དུས་མཚམས་རྗེས་མའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གནས་ཚུལ་ལ་གཞིགས་ནས། ཚན་རིག་དང་མཐུན་པའི་དཔྱད་དཔོག་བྱས་རྗེས་སླར་ཡང་གཏན་འཁེལ་བྱས་ནས་སྤྱི་ཚོགས་ཐོག་ཡོངས་བསྒྲགས་བྱ་རྒྱུ་རེད། 
         ཧྲན་ཤིས་ཞིང་ཆེན་ཡོངས་ཀྱི་མཐོ་འབྲིང་ལོ་རིམ་གསུམ་པའི་སློབ་མ་ཟླ་3ཚེས་25ཉིན་སློབ་འགོ་ཚུགས་པའི་གྲ་སྒྲིག་གཞིར་བཟུང་ནས། འབྲིང་རྒྱུགས་དང་མཐོ་རྒྱུགས་ཀྱི་དུས་ཚོད་རྩ་དོན་ཐོག་ཟླ་བ་གཅིག་ནར་འགྱངས་བྱས་ཡོད། སློབ་ཆུང་དང་བུ་བཅོལ་ཁང་རྩ་དོན་ཐོག་རིམས་ནད་མེད་པར་བཟོས་རྗེས་སློབ་འགོ་ཚུགས་རྒྱུ་རེད། མཐོ་རིམ་སློབ་གླིང་གི་ད་ལོའི་མཐར་ཕྱིན་སློབ་མར་ཟླ་4པའི་ཟླ་སྟོད་དུ་སློབ་འགོ་ཚུགས་པའི་གྲ་སྒྲིག་བྱེད་དགོས། 
         མཚོ་སྔོན་གྱི་མཐོ་རིམ་སློབ་འབྲིང་དཀྱུས་མ་དང་འབྲིང་རིམ་ལས་རིགས་སློབ་གྲྭ་རྩ་དོན་ཐོག་ཟླ་3པའི་ཚེས་9ཉིན་ནས་ཚེས་13ཉིན་བར་གཅིག་རྗེས་གཉིས་མཐུད་ངང་སློབ་འགོ་ཚུགས་རྒྱུ་དང་། དམའ་རིམ་སློབ་འབྲིང་རྩ་དོན་ཐོག་ཟླ་3ཚེས་16ནས་20ཉིན་བར་གཅིག་རྗེས་གཉིས་མཐུད་ངང་སློབ་འགོ་ཚུགས་རྒྱུ་རེད།
         བོད་ལྗོངས་ཀྱི་རིམ་པ་ཁག་གི་སློབ་གྲྭ་རིགས་སོ་སོས་ཟླ་3པའི་ཟླ་སྨད་དུ་སློབ་འགོ་ཚུགས་རྒྱུ་གནས་སྐབས་སུ་གཏན་འཁེལ་བྱས་ཡོད། ཞིབ་ཕྲའི་དུས་ཚོད་དེ་རིམས་ནད་ཀྱི་འཕེལ་འགྱུར་ལ་གཞིགས་ནས་གཅིག་གྱུར་འཆར་འགོད་བྱ་རྒྱུ་རེད། 
         ཤིན་ཅང་གི་མཐོ་གསུམ་དང་། དམའ་གསུམ། འབྲིང་རིམ་ལས་རིགས་སློབ་གྲྭ་བཅས་ཀྱི་མཐར་ཕྱིན་ལོ་རིམ་ཟླ་3པའི་ཚེས་16ཉིན་སློབ་འགོ་ཚུགས་རྒྱུ་རེད།
         ཡུན་ནན་གྱིས་ཟླ་3ཚེས་23ཉིན་མཐོ་གསུམ་དང་དམའ་གསུམ་སློབ་འགོ་ཚུགས་རྒྱུ་ཡིན་དང་། ཟླ་3ཚེས་30ཉིན་སློབ་གྲྭ་ཆུང་འབྲིང་གི་ལོ་རིམ་གཞན་དག་སློབ་འགོ་ཚུགས་རྒྱུ། མཐོ་རིམ་སློབ་གྲྭ་དང་འབྲིང་རིམ་ལས་རིགས་སློབ་གྲྭས་འབྲེལ་ཡོད་བླང་བྱ་ལྟར། “སློབ་གྲྭ་གཅིག་ལ་ཐབས་ཇུས་གཅིག་”གཞིར་བཟུང་ནས་གོ་རིམ་ལྡན་པའི་ངང་སློབ་འགོ་ཚུགས་རྒྱུ་རེད།
         འཛིན་གྲྭ་ཆུང་ངུའི་སློབ་ཁྲིད་དང་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་སོགས་བྱ་ཐབས་སྣ་ཚོགས་སྤྱད་དེ་སློབ་གྲྭའི་བདེ་འཇགས་འགན་ལེན་བྱེད་པ། 
         སློབ་འགོ་ཚུགས་རྗེས་དགེ་སློབ་ཀྱི་བདེ་འཇགས་འགན་ལེན་བྱ་ཆེད། སློབ་འགོ་ཚུགས་པའི་དུས་ཚོད་ཁྱབ་བསྒྲགས་བྱས་པའི་ས་ཁུལ་ཚང་མས་དེ་མཚུངས་ཀྱི་སློབ་གྲྭའི་རིམས་འགོག་བྱ་ཐབས་བཏོན་ཡོད། 
         ཤིན་ཅང་གིས་སློབ་འགོ་ཚུགས་རྗེས་སྔར་ཡོད་ཀྱི་སློབ་ཁྲིད་འཛིན་གྲྭ་དེ་འཛིན་གྲྭ་ཆུང་ངུར་བགོས་ནས་སློབ་ཁྲིད་བྱེད་དགོས་པ་དང་། སློབ་ཁང་གཅིག་ལ་སློབ་མ་30ལས་བརྒལ་མི་ཆོག་པ། འཛིན་གྲྭ་དང་འཛིན་གྲྭའི་དབར་འཚང་ཁ་ལས་གཡོལ་ནས་སློབ་ཁྲིད་བྱེད་པ། རྒྱུན་ལྡན་གྱི་བསྐྱར་སྦྱོང་རྒྱུགས་ལེན་གྲ་སྒྲིག་སོགས་ངེས་མཁོའི་སློབ་ཚན་ཁྲིད་དགོས་པ་ཕུད། གཅིག་འདུས་ཆེ་བའི་ལུས་རྩལ་དང་། རིག་གནས། སྒྱུ་རྩལ་སོགས་ཀྱི་བྱེད་སྒོ་སྒྲིག་འཛུགས་བྱེད་མི་ཆོག 
         ཟླ་3ཚེས་9ཉིན། ཀུའེ་དབྱང་གྲོང་ཁྱེར་སྲིད་གཞུང་གིས《2020ལོའི་དཔྱིད་དུས་སློབ་དུས་ཀྱི་དམའ་འབྲིང་དང་མཐོ་འབྲིང་ལོ་རིམ་གསུམ་པའི་དགེ་སློབ་སློབ་གྲྭར་ལོག་པའི་ལས་ཀའི་ཇུས་གཞི》ཁྱབ་བསྒྲགས་བྱས་པ་རེད། 《ལས་ཀའི་ཇུས་གཞིའི》བླང་བྱ་གཞིར་བཟུང་། དམའ་གསུམ་དང་མཐོ་གསུམ་གྱི་དགེ་སློབ་སློབ་གྲྭར་ལོག་པའི་ལས་དོན་ཐད་ནས། སློབ་གྲྭ་ཁག་བགོས་ཀྱི་སྲིད་ཇུས་ལག་ལེན་བསྟར་བ་དང་། དུས་ཚོད་བཀར་ནས་འཚང་ཁ་ལས་གཡོལ་བ། རིམས་འགོག་ཚད་ལྡན་དུ་གཏོང་བ། བཀག་སྡོམ་དོ་དམ་བཅས་ཀྱི་རྩ་དོན་མཐའ་འཁྱོངས་བྱ་རྒྱུ་རེད། དམའ་གསུམ་དང་མཐོ་གསུམ་གྱི་ལས་གནས་སམ་སློབ་གྲྭར་ཕྱིར་ལོག་པའི་དགེ་རྒན་དང་ལས་བཟོ་ཚང་མར་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་བྱེད་པ། ཟླ་3ཚེས་1ཉིན་ནས་བཟུང་ཞིང་ཆེན་གཞན་དག་ནས་ཕྱིར་ལོག་པའི་དམའ་གསུམ་དང་མཐོ་གསུམ་སློབ་མ་ཚང་མར་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་བྱེད་པ། ཞིབ་དཔྱད་ཚད་ལེན་གྱི་ལས་དོན་ཁག་གཉིས་ཟླ་3ཚེས་12ཉིན་གོང་ཕྱོགས་ཡོངས་ནས་ལེགས་འགྲུབ་བྱ་དགོས་པ་བཅས་གཏན་འཁེལ་བྱས་ཡོད།
         སློབ་མ་འབོར་ཆེན་འདུ་འཛོམས་མི་ཡོང་བའི་ཆེད་དུ། མཚོ་སྔོན་ཟི་ལིང་གིས་ལོ་རིམ་སོ་སོ་འཚང་ཁ་ལས་གཡོལ་ནས་སློབ་གྲྭར་སྐྱོད་རྒྱུ་དང་། དུས་ཚོད་བཀར་ནས་སློབ་ཁྲིད་བྱེད་རྒྱུ། དུས་ཚོད་བཀར་ནས་ཟ་མ་ཟ་རྒྱུ་བཅས་ཀྱི་བྱེད་ཐབས་སྤྱད་དེ། དགེ་སློབ་ཡོངས་ལ་གཟུགས་པོའི་དྲོད་ཚད་ཞིབ་དཔྱད་ཚད་ལེན་དང་ཁ་རས་རྒྱག་རྒྱུ་ལག་བསྟར་བྱེད་དགོས་པའི་བླང་བྱ་བཏོན་པ་རེད། སློབ་གྲྭས་ཉིན་རྒྱུན་དུས་བཅད་ལྟར་ཟ་ཁང་དང་། སློབ་ཁང་། ཉལ་ཁང་། དཔེ་མཛོད་ཁང་། གསང་སྤྱོད་ཁང་སོགས་ལ་རླུང་རྒྱུ་བ་དང་དུག་སེལ་བྱེད་པ། ཆང་བཅུད་ཀྱིས་སྒོ་ལུང་དང་། སྒྲོག་ཙེ། སྐས་དང་སྐས་སྐྱོར་སོགས་ཕྱིས་དགོས། སློབ་གྲྭའི་སྒོ་རྒྱག་པའི་དོ་དམ་ལམ་ལུགས་ལག་བསྟར་ནན་མོ་བྱས་ཏེ་འབྲེལ་མེད་མི་སྣ་ཚང་མ་སློབ་གྲྭར་སྐྱོད་མི་ཆོག་བཅས་གཏན་འཁེལ་བྱས་ཡོད།
རྩོམ་སྒྲིག་པ།་སྣང་རྡོར།
火红彩票 足彩胜负14场 火红彩票 斗地主达人 彩库宝典app