山东群英会选号技巧

དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

རེ་བའི་སྡོང་ཕྲུག་བཙུགས་ནས་མཛེས་པའི་ཁྱིམ་གཞིས་སྐྲུན།

སྤེལ་དུས 2020-03-13 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།

འཕྱོངས་རྒྱས་རྫོང་རྒྱལ་སྨན་ཤང་བཀྲ་ཤིས་གྲོང་ཚོས་ཤིང་འཛུགས་བྱེད་སྒོ་སྤེལ་བ།

འཕྱོངས་རྒྱས་རྫོང་རྒྱལ་སྨན་ཤང་བཀྲ་ཤིས་གྲོང་ཚོའི་གྲོང་མིས་ཤིང་འཛུགས་བྱེད་སྒོར་ཞུགས་པའི་རྣམ་པ།

          དཔྱིད་དཔལ་རབ་ཏུ་བཞད་པའི་སྐབས་འདིར་ལོ་གཅིག་གི་ཤིང་འཛུགས་དུས་ཆེན་སླེབས་ཤིང་། ཟླ་3ཚེས་12ཉིན་འཕྱོངས་རྒྱས་རྫོང་རྒྱ་མ་ཤང་བཀྲ་ཤིས་གྲོང་ཚོའི“ཨུ་ལྷན་གཉིས”དང་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་གྲོང་ཚོ་དེའི་ཏང་ཡོན་སྒྲིག་འཛུགས་བྱས་ནས་འོས་འགན་ཤིང་འཛུགས་བྱེད་སྒོ་སྤེལ་བ་རེད།

འཕྱོངས་རྒྱས་རྫོང་རྒྱལ་སྨན་ཤང་བཀྲ་ཤིས་གྲོང་ཚོའི་གྲོང་མིས་ཤིང་འཛུགས་བྱེད་སྒོར་ཞུགས་པའི་རྣམ་པ།

          ཤིང་འཛུགས་བྱེད་སྒོ་སྤེལ་ཡུལ་དུ་གྲོང་མི་ཡོངས་ལ་སྤྲོ་སེམས་རབ་ཏུ་འཁོལ་བ་དང་ངར་ཤུགས་ཀྱིས་ཁེངས་ཡོད། ལ་ལས་ས་དོང་འདྲུ་བ་དང་། ལ་ལས་ཤིང་སོན་འཛུགས་པ། ལ་ལས་ཆུ་རྒྱག་པ་སོགས་ཤིང་འཛུགས་བྱ་ཡུལ་དུ་ཚ་ཚ་འུར་འུར་གྱི་རྣམ་པ་ཞིག་མངོན་གྱི་ཡོད། ཚང་མས་དཀའ་སྤྱད་ངལ་རྩོལ་བྱས་པ་བརྒྱུད་སྡོང་ཕྲུག་རྣམས་ཀྲོང་ངེར་ལངས་ཏེ་ངོ་མཚར་དཔྱིད་ཀྱི་དཔལ་ཡོན་མངོན་པ་དང་ས་གཞི་ཆེན་པོར་རེ་བ་གསར་པ་ཞིག་ཁ་སྣོན་བྱས་ཡོད་པ་རེད།

འཕྱོངས་རྒྱས་རྫོང་རྒྱལ་སྨན་ཤང་བཀྲ་ཤིས་གྲོང་ཚོའི་གྲོང་མིས་ཤིང་འཛུགས་བྱེད་སྒོར་ཞུགས་པའི་རྣམ་པ།

          ཤིང་འཛུགས་དུས་ཆེན་ནི་བཅའ་ཁྲིམས་ཀྱི་གཏན་འབེབས་ལྟར་ཤིང་སྡོང་སྲུང་སྐྱོང་དྲིལ་བསྒྲགས་བྱེད་པ་མ་ཟད། མང་ཚོགས་སྒྲིག་འཛུགས་བྱས་ནས་ཤིང་འཛུགས་ནགས་གསོའི་བྱེད་སྒོར་ཞུགས་པའི་དུས་ཆེན་ཞིག་ཡིན་ཞིང་། དུས་ཚོད་ཀྱི་རིང་ཐུང་ལྟར་དབྱེ་ན་ཤིང་འཛུགས་ཉིན་མོ་དང་། ཤིང་འཛུགས་གཟའ་འཁོར། ཤིང་འཛུགས་ཟླ་བ་བཅས་སུ་དབྱེ་ཆོག་ལ་དུས་ཚོད་དེ་དག་ཚང་མར་མི་ཚོས་ཤིང་འཛུགས་དུས་ཆེན་ཟེར། བྱེད་སྒོ་དེ་རིགས་སྤེལ་བ་བརྒྱུད་མི་རྣམས་ཀྱིས་ནགས་ཚལ་ལ་གཅེས་སྤྲས་བྱེད་པ་དང་ཤིང་འཛུགས་ནགས་གསོའི་སྤྲོ་སེམས་འཕེལ་བ་དང་ཁོར་ཡུག་སྲུང་སྐྱོང་གི་གལ་ཆེའི་རང་བཞིན་ཚོར་ཐུབ་པ་ཡོང་ཐབས་བྱེད་ཀྱི་ཡོད།

འཕྱོངས་རྒྱས་རྫོང་རྒྱལ་སྨན་ཤང་བཀྲ་ཤིས་གྲོང་ཚོའི་གྲོང་མིས་ཤིང་འཛུགས་བྱེད་སྒོར་ཞུགས་པའི་རྣམ་པ།

          ཀྲུང་གོའི་ཤིང་འཛུགས་དུས་ཆེན་དེ་ལིང་ཏའོ་དབྱང་དང་། ཧན་ཨན། ཕེ་དབྱི་ལི་སོགས་ནགས་ལས་རིག་པ་མཁས་ཅན་གྱིས་སྤྱི་ལོ་1915ལོར་གྲོས་འགོ་བཏོན་ནས་བཙུགས་པ་དང་། ཐོག་མར་དུས་ཚོད་དེ་ལོ་ལྟར་དྭངས་གསལ་དུས་ཚིགས་སུ་གཏན་འཁེལ་བྱས་པ་རེད། སྤྱི་ལོ་1928ལོར་སུན་ཀྲུང་ཧྲན་སྐུ་གཤེགས་ནས་ལོ་གསུམ་འཁོར་བར་དྲན་གསོ་ཞུ་ཆེད་ཤིང་འཛུགས་དུས་ཆེན་དེ་ཟླ་3ཚེས་12ཉིན་ལ་བསྒྱུར། ཀྲུང་གོ་གསར་པ་དབུ་བརྙེས་རྗེས་ཀྱི་1979ལོར་བློ་མཐུན་ཏེང་ཞའོ་ཕིང་གིས་གྲོས་འགོ་བཏོན་པའི་འོག་སྐབས་ལྔ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་དྲུག་པའི་ཐོག་ལོ་ལྟར་གྱི་ཟླ་3ཚེས་12ཉིན་དེ་ཀྲུང་གོའི་ཤིང་འཛུགས་དུས་ཆེན་ལ་གཏན་འཁེལ་བྱ་རྒྱུའི་གཏན་འབེབས་བྱས་པ་རེད།

北京两步彩APP 一定牛彩票网 bbin体育 火拼斗牛 天天斗牛