山东群英会选号技巧

དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

ང་ཚོ་ཚང་མ་ཕུགས་བསམ་དོན་གཉེར་བ་ཡིན།སྟོད་ལུང་ཕུགས་བསམ་སྒྱུ་རྩལ་དོ་ར་འཁྲབ་སྟོན་ཚད་ཡོད་ཀུང་སིའི་སྐོར་བཀོད་པ།

སྤེལ་དུས 2020-03-13 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།

སྟོད་ལུང་ཕུགས་བསམ་སྒྱུ་རྩལ་དོ་ར་འཁྲབ་སྟོན་ཚོགས་པས་གཞི་རིམ་དུ་སྤྱི་ཕན་འཁྲབ་སྟོན་བྱེད་བཞིན་པ།

སྟོད་ལུང་ཕུགས་བསམ་སྒྱུ་རྩལ་དོ་ར་འཁྲབ་སྟོན་ཚོགས་པས་ཆུ་ཤུར་རྫོང་རྟ་དཀར་ཤང་གྲོང་རྡལ་དུ་བསྒྱུར་སྐབས་སྒོ་བྱང་འགེལ་བའི་མཛད་སྒོའི་ཐོག་འཁྲབ་སྟོན་བྱེད་བཞིན་པ།

སྟོད་ལུང་ཕུགས་བསམ་སྒྱུ་རྩལ་དོ་ར་འཁྲབ་སྟོན་ཚོགས་པའི་ཁོངས་མི་ཁག་གཅིག་གི་དྲན་རྟེན་པར་ཡིན་པ།

སྟོད་ལུང་ཕུགས་བསམ་སྒྱུ་རྩལ་དོ་ར་འཁྲབ་སྟོན་ཚོགས་པས་རིག་གནས་ལོ་རྒྱུས་སྙན་ངག་ཟློས་གར་ཆེ་གྲས《འུན་ཤིང་ཀོང་ཇོ》ཡི་འཁྲབ་སྟོན་ལ་ཞུགས་བཞིན་པ།

སྟོད་ལུང་ཕུགས་བསམ་སྒྱུ་རྩལ་དོ་ར་འཁྲབ་སྟོན་ཚོགས་པའི་འཁྲབ་སྟོན་པས་ཞབས་བྲོའི་ཆེད་ལས་ཤེས་བྱ་སྦྱོང་བཞིན་པ།

ཞིང་འབྲོག་མང་ཚོགས་ཚོས་འཁྲབ་སྟོན་སྐབས་སུ་པར་རྒྱག་བཞིན་པ།

སྟོད་ལུང་ཕུགས་བསམ་སྒྱུ་རྩལ་དོ་ར་འཁྲབ་སྟོན་ཚོགས་པའི་འཁྲབ་སྟོན་མི་སྣས་གཞི་རིམ་མང་ཚོགས་ལ་འཁྲབ་སྟོན་བྱེད་བཞིན་པ།

          ཉེ་བའི་ལོ་ཤས་རིང་། ཕུགས་བསམ་སྒྱུ་རྩལ་དོ་ར་འཁྲབ་སྟོན་ཚད་ཡོད་ཀུང་སིས་མང་ཚོགས་འཁྲབ་སྟོན་ཐེངས་མང་བྱས་ལ། སྔ་རྗེས་སུ་2016ལོའི་བོད་རང་སྐྱོང་ལྗོངས་ཀྱི་བོད་ཀྱི་ལོ་གསར་མཚན་ཚོགས་དང་། 2017ལོའི་ལྷ་ས་གྲོང་ཁྱེར་གྱི་བོད་ཀྱི་ལོ་གསར་མཚན་ཚོགས། ལྷ་ས་གྲོང་ཁུལ་གྱི་ཁེ་ལས་ཁག་གཅིག་གི་མཚན་ཚོགས། ལྷ་སའི་ཉེ་འཁོར་རྫོང་གྲོང་གི་འོང་སྐོར་སོགས་ལ་ཞུགས་པ་མ་ཟད། ད་དུང་བོད་ཀྱི་རིག་གནས་ལོ་རྒྱུས་སྙན་ངག་ཟློས་གར་ཆེ་གྲས《འུན་ཤིང་ཀོང་ཇོའི》ནང་དུའང་གཙོ་འཁྲབ་པ་དང་འཁྲབ་སྟོན་པ་དཀྱུས་མ་མང་པོ་ཡོད་པ་རེད། འཁྲབ་སྟོན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་པ་དང་བསྟུན་ནས་ཀུང་སིའི་འཁྲབ་སྟོན་པ་ཚོས་ལོ་ལྟར་གདན་ཞུས་ལྟར་ལན་ཀྲོའུ་དང་ཁྲེང་ཏུའུ་སོགས་ལ་སྐོར་སྐྱོད་འཁྲབ་སྟོན་བྱེད་པར་སྐྱོད་ཀྱི་ཡོད་པ་རེད།
“ང་ཚོའི་སྒྱུ་རྩལ་ཚོགས་པ་བཙུགས་ནས་ལོ་5ཡི་རིང་ཁྱོན་ལས་སྒུག་ན་གཞོན་40བསྡུས་ཡོད་པ་དང་། གསོ་སྦྱོང་ཞིབ་ཚགས་བྱས་མཐར་ད་ཆ་ཁོང་ཚོ་འཁྲབ་སྟོན་ལ་ཞུགས་ཆོག་གི་ཡོད་ལ། ང་ཚོའི་སྒྱུ་རྩལ་ཚོགས་པའི་མི་ཚང་མ་ནི་ཕུགས་བསམ་དོན་གཉེར་བ་ཤ་སྟག་ཡིན”ཞེས་ཚོགས་གཙོ་ཚེ་རིང་སྐལ་བཟང་གིས་བརྗོད།
སྟོད་ལུང་ཕུགས་བསམ་སྒྱུ་རྩལ་དོ་རའི་འཁྲབ་སྟོན་ཀུང་སི་ནི་སྟོད་ལུང་བདེ་ཆེན་ཆུས་གདོང་དཀར་གྲོང་རྡལ་དུ་ཡོད། སྒྱུ་རྩལ་ཚོགས་པ་འཛུགས་སྐབས་ད་དུང་མི་སྣ་གལ་ཆེན་ཞིག་ཡོད་པ་ནི་ཚེ་རིང་སྐལ་བཟང་གི་གྱོས་མོ་འཆི་མེད་རེད། “ང་ཚོའི་སྒྱུ་རྩལ་ཚོགས་པའི་འགན་འཁུར་བ་དང་པོ་ནི་གདོང་དཀར་གྲོང་ཚོའི་གྲོང་མི་འཆི་མེད་རེད། ཁོང་ནི་སེམས་པ་ཤིན་ཏུ་བཟང་བས། ང་ཚོས་ཁོང་ལ་ཨ་མ་འཆི་མེད་ལགས་ཞེས་འབོད་ཀྱི་ཡོད། ཐེངས་ཤིག་ཇ་ཁང་དུ་ཇ་འཐུང་སྐབས་ཁོང་འབྲོག་ཁུལ་ནས་ལྷ་སར་ལས་ཀ་འཚོལ་བར་ཡོང་བའི་ན་གཞོན་ཁག་གཅིག་དང་འཕྲད། གླེང་མོལ་བྱེད་སྐབས་ན་གཞོན་དེ་དག་ཆུང་དུས་ནས་ཕྱུགས་རྫི་ཡིན་ལ་རིག་གནས་ཀྱི་ཆུ་ཚད་མཐོ་པོ་མེད་ནའང། ཞབས་གཞས་ལ་མཁས་པོ་ཡོད་པ་ཤེས། ཨ་མ་འཆི་མེད་ལགས་ཀྱིས་སྐབས་དེར་གལ་ཏེ་གླུ་གར་སྒྱུ་རྩལ་ཐད་ནས་ན་གཞོན་དེ་དག་གསོ་སྐྱོང་ཡག་པོ་ཐུབ་ན། ཁོང་ཚོར་ལས་ཀ་རག་གི་རེད་སྙམ་པའི་བསམ་བློ་བཏང་ཡོད”ཅེས་ཚང་མས་དྲན་གསོ་དང་བཅས་ཏེ་བཤད།
          ཨ་མ་ལགས་ལོ་ལྔ་བཅུ་ལྷག་ཙམ་ལ་སླེབས་ཡོད་པ་དང་འགྲོ་སྐྱོད་སྟབས་བདེ་མེད་རུང་། ལས་ལ་བརྩོན་འགྲུས་ཧ་ཅང་ཆེ། ཁོང་གིས་ཨར་པོ་རྒྱག་ཡུལ་དུ་ལས་ཀ་ཙག་ཙིག་བྱས་ནས་དངུལ་བསགས་པ་དང་ད་ཆ་ཁོང་བཟའ་ཚོ་གཉིས་པོའི་འཚོ་བའང་ཅུང་འབྱོར་ཕྱུག་ལྡན་པ་ཞིག་ཡོད། ཇ་ཁང་དུ་ལས་ཀ་འཚོལ་བཞིན་པའི་འབྲོག་ཁུལ་གྱི་ན་གཞོན་མང་པོ་འཕྲད་རྗེས། འཆི་མེད་ཀྱི་སེམས་སུ་རང་ཉིད་ཀྱི་ལྟོ་གོས་ལ་སེམས་ཁྲལ་མེད་པས་གསོག་དངུལ་སྤྱད་ནས་སྒྱུ་རྩལ་ཚོགས་པ་ ཞིག་བཙུགས་ཏེ། ལས་སྒུག་ན་གཞོན་དེ་ཚོར་ལག་རྩལ་ཞིག་སློབ་ཐུབ་ན། འཁྲབ་སྟོན་ལ་བརྟེན་ནས་རང་ཁ་རང་གསོ་ཐུབ་རྒྱུ་རེད་སྙམ། བསམ་ཚུལ་དེར་ཁོང་གི་བཟའ་ཟླ་དང་ཕྲུ་གུ་ཚོའི་རྒྱབ་སྐྱོར་ཤུགས་ཆེན་ཐོབ་པ་མ་ཟད། སྟོད་ལུང་བདེ་ཆེན་ཆུས་ཀྱི་འབྲེལ་ཡོད་སྡེ་ཚན་གྱི་འགོ་ཁྲིད་ཀྱིས་ཀྱང་ཁོང་ལ་འབྲེལ་ཡོད་འགྲོ་ལུགས་གཉེར་རོགས་ཧུར་ཐག་བྱས་པ་རེད། 2015ལོའི་གནམ་ལོ་གསར་ཚེས་ཀྱི་སྐབས་སུ་སྟོད་ལུང་ཕུགས་བསམ་སྒྱུ་རྩལ་དོ་ར་འཁྲབ་སྟོན་ཚད་ཡོད་ཀུང་སི་དངོས་སུ་བཙུགས་པ་དང་། བོད་ལྗོངས་སློབ་ཆེན་གྱི་ཞབས་བྲོའི་ཆེད་ལས་ཀྱི་སློབ་ཐོན་སློབ་མ་ཚེ་རིང་སྐལ་བཟང་ཡང་དེའི་ནང་ཞུགས་ནས་རང་ཉིད་ངོ་མས་འབྲོག་ཁུལ་གྱི་ན་གཞོན་དེ་དག་གསོ་སྐྱོང་བྱས།
ད་ཆ་ན་གཞོན་དེ་ཚོར་ཟླ་བ་རེར་གླ་ཕོཌ་སྒོར་3000ནས་4000བར་ལེན་རྒྱུ་ཡོད་ལ། ལྕགས་ཤོག་ཁང་པ་ནས་ཐོག་ཁང་དུ་སྤོས་རྗེས། དེ་གར་ཆེད་ལས་ནང་སྦྱོང་ཚོམས་ཆེན་ཡོད་པ་དང་། འཁྲབ་ཆས་ཚང་མ་གསར་རྐྱང་ཡིན་པ་མ་ཟད། ད་དུང་འཁྲབ་སྟོན་འགན་ལེན་བྱ་ཆེད་འགྲུལ་སྐྱེལ་རླངས་འཁོར་ཆེ་བ་གཉིས་དང་རླངས་འཁོར་གཞན་དག་ཀྱང་ཉོས་ཡོད་པ་རེད།
ཞབས་བྲོའི་རྨང་གཞིའི་སྟངས་སྟབས་བསླབ་རྒྱུ་ནི་ཚེ་རིང་སྐལ་བཟང་གི་ལས་ཀ་ཞིག་ཡིན་ལ། དེ་ལས་གལ་ཆེ་བ་ཞིག་ནི་ཁོང་གིས་ད་དུང་རྩོམ་སྒྲིག་འཁྲབ་ཁྲིད་པའང་བྱེད་དགོས། ཁོང་གིས་རང་ཉིད་ཀྱི་ཞབས་བྲོའི་ཆེད་ལས་ཀྱི་རྨང་གཞིའི་སྟངས་སྟབས་དང་རིགས་པའི་གཞུང་ལུགས་སྤྱད་དེ་དགེ་རྒན་གྲགས་ཅན་དང་ཉེ་འཁོར་གྱི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་མང་པོ་དགེ་རྒན་དུ་བསྟེན་ནས་དམངས་ཁྲོད་གཏམ་རྒྱུད་དང་སྒྲུང་གཏམ་བསྡུ་རུབ་བྱས་ཏེ《ཨར་གཞས》དང《ཆར་འབེབས》 《ངས་བོད་དུ་ཁྱེད་རང་ལ་སྒུག་ཡོད》སོགས་ཀྱི་རིག་རྩལ་ལེ་ཚན་གང་མང་བཏོད་པས། ལྟད་མོ་བའི་བསྔགས་བརྗོད་བཟང་པོ་ཡང་ཡང་ཐོབ་པ་རེད།

རྩོམ་སྒྲིག་པ། བདེ་སྒྲོལ།

海南4+1玩法 千旺彩票 公益福彩app 皇马电竞app 山东群英会开奖