山东群英会选号技巧

དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། 山东群英会选号技巧མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > 山东群英会选号技巧པར་རིས་གསར་འགྱུར།

བོད་ལྗོངས་ཉིང་ཁྲིའི་ནགས་ཚལ་གྱི་མེ་གསོད་རུ་མིས་གུང་གསེང་སྐབས་སུ་མེ་སྐྱོན་གསོད་པ།

སྤེལ་དུས 2020-03-13 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། འབྲུག་རྒྱལ་མཁར་གྱིས་བསྒྱུར།
        ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཉེ་ཆར་བོད་རང་སྐྱོང་ལྗོངས་ཉིང་ཁྲི་གྲོང་ཁྱེར་ནགས་ཚལ་མེ་གསོད་ཡན་ལག་རུ་ཁག་གི་བྲག་ཡིབ་ཆུས་རུ་འབྲིང་ལ་འཕྲིན་ཡིག་འདི་འདྲ་ཞིག་འབྱོར་ཡོད་དེ། འཕྲིན་ཡིག་དེའི་ནང་“ཁྱེད་ཚོའི་ལས་ཁུངས་ཀྱི་སྐུ་ཞབས་མུའུ་ཁྲང་ཧའོ་ཡིས་2020ལོའི་ཟླ་3ཚེས་2ཉིན་ཡུན་ནན་ཞིང་ཆེན་ཤོན་ཝུའེ་གྲོང་ཁྱེར་ཧྲོང་ཧོ་ཤང་ཅི་དབྱང་རི་བོའི་ནགས་ཚལ་གྱི་མེ་སྐྱོན་འགོག་པར་དཔའ་ངར་ཆེན་པོས་སྟོབས་ཤུགས་ཕུལ་བ་དང་།…… ཁྱེད་ཚོའི་ལས་ཁུངས་ཀྱིས་མུའུ་ཁྲང་ཧའོ་སྐྱེད་སྲིང་བྱས་པར་ཐུགས་རྗེ་ཆེ་ཞུ། ཁྱེད་ཚོའི་ལས་ཁུངས་ཀྱི་མུའུ་ཁྲང་ཧའོ་ཡིས་ཧྲོང་ཧོ་ཤང་དུ་ལྷག་བསམ་ལྡན་པའི་ངང་རོགས་རམ་གནང་བར་ཐུགས་རྗེ་ཆེ་ཞུ།……” ཞེས་བཀོད་ཡོད་ཅིང་། འདི་ནི་ཡུན་ནན་ཞིང་ཆེན་ཤོན་ཝུའེ་གྲོང་ཁྱེར་ཧྲོང་ཧོ་ཤང་མི་དམངས་སྲིད་གཞུང་གིས་བྲག་ཡིབ་ཆུས་ནགས་ཚལ་མེ་གསོད་རུ་འབྲིང་ལ་བསྐུར་བའི་བཀའ་དྲིན་ཞུ་ཡིག་རེད། 
མེ་གསོད་འཐབ་འཁྲུག་ཁྲོད་ཞུགས་རྗེས་ཀྱི་མུའུ་ཁྲང་ཧའོ།
        བཀའ་དྲིན་ཞུ་ཡིག་དེའི་ནང་བརྗོད་པའི་མུའུ་ཁྲང་ཧའོ་ནི་ཉིང་ཁྲི་གྲོང་ཁྱེར་ནགས་ཚལ་མེ་གསོད་ཡན་ལག་རུ་ཁག་བྲག་ཡིབ་ཆུས་རུ་འབྲིང་གི་རིམ་པ་གསུམ་པའི་མེ་གསོད་རུ་མི་ཞིག་ཡིན་པ་དང་། ཁོང་ནི་ཡུན་ནན་ཞིང་ཆེན་ཤོན་ཝུའེ་གྲོང་ཁྱེར་གྱི་མི་རེད།
        མུའུ་ཁྲང་ཧའོ་ཡིས་ད་ལོ་ཐེངས་དང་པོར་དཔྱིད་གསར་དུས་ཆེན་གྱི་གུང་གསེང་ངལ་གསོ་རོལ་བ་རེད། ས་གནས་དེ་གའི་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་སྤེལ་བ་དང་བསྟུན་ནས། ཉེ་ལམ་ཡུལ་དེའི་དཔྱིད་ཀའི་རྨོ་འདེབས་ཐོན་སྐྱེད་གཅིག་རྗེས་གཉིས་མཐུད་ངང་སྤེལ། ཟླ་3ཚེས་2ཉིན། མུའུ་ཁྲང་ཧའོ་དང་ཁོའི་ཕ་མ་བཅས་མཉམ་དུ་ཤོན་ཝུའེ་གྲོང་ཁྱེར་ལི་ཧུང་ཤང་དང་ཧྲོང་ཧོ་ཤང་གི་འབྲེལ་མཚམས་སུ་སོང་ནས་མ་རྨོས་ལོ་ཏོག་བཏབ། ཉིན་གུང་གི་ཆུ་ཚོད་12ཙམ་ལ་གློ་བུར་དུ་ཧྲོང་ཧོ་ཤང་གི་ཅི་དབྱང་རི་བོའི་ནགས་ཚལ་ལ་མེ་སྐྱོན་ཆེན་པོ་ཤོར་བ་དང་། མེ་ལྕེའི་ཁ་ཕྱོགས་མྱུར་དུ་ཉེ་འགྲམ་གྱི་གྲོང་ཚོར་མཆེད་པས་གནས་ཚུལ་ཧ་ཅང་ཛ་དྲག་ཏུ་གྱུར།
སི་ཁྲོན་ཞིང་ཆེན་ཤོན་ཝུའེ་གྲོང་ཁྱེར་ཧྲོང་ཧོ་ཤང་ཅི་དབྱང་རི་བོའི་ནགས་ཚལ་ལ་མེ་སྐྱོན་ཤོར་བའི་ཡུལ་དངོས། 
        མུའུ་ཁྲང་ཧའོ་ཡིས་གནས་ཚུལ་དེ་མཐོང་རྗེས། འཕྲལ་དུ་ལག་ནང་གི་ལས་ཀ་བསྐྱུར་ནས་ཕ་མ་དང་མཉམ་དུ་ཅི་དབྱང་རི་བོར་རྒྱུགས་པ་དང་། ཁ་པར་བརྒྱབ་ནས་རུ་འབྲིང་ལ་སྙན་སེང་ཞུས་ཤིང་། ཧྲོང་ཧོ་ཤང་ལ་མེ་སྐྱོན་གྱི་གནས་ཚུལ་བཤད། མེ་སྐྱོན་ཤོར་སར་འབྱོར་མ་ཐག་ཁོང་གིས་འཕྲལ་དུ་མེ་གསོད་སྔོན་གྱི་ཐག་གཅོད་ལས་དོན་སྤེལ་བ་སྟེ། མེ་ཤོར་སར་རྩད་ཞིབ་དང་། ས་བབ་ལ་ལྟ་ཞིབ། ཡུལ་དངོས་སུ་མེ་གསོད་ཡོ་བྱད་སོགས་བཟོས། ལས་ཁུངས་ཀྱི་ཆོག་མཆན་ཐོབ་རྗེས། ཁོང་འཕྲལ་དུ་མེ་སྐྱོན་ཡུལ་དངོས་སུ་སོང་ནས་ས་གནས་དེ་གའི་གྲོང་མི་དང་མཉམ་དུ་དམིགས་ཡུལ་རང་བཞིན་ལྡན་པའི་སྒོ་ནས་མེ་གསོད་ཀྱི་ལས་དོན་སྤེལ་བ་རེད། རང་ཉིད་ཀྱིས་མེ་གསོད་རུ་འབྲིང་དུ་སྦྱངས་པའི་ཆེད་ལས་རྩལ་དང་དེ་བཞིན་ལོ་མང་རིང་གི་མེ་གསོད་ཉམས་མྱོང་ལ་བརྟེན་ནས། མུའུ་ཁྲང་ཧའོ་ཡིས་རང་འགུལ་ངང་མེ་གསོད་“བཀོད་འདོམས་པ”ཡི་འགན་འཁུར་ཏེ། ཚན་རིག་དང་མཐུན་པའི་སྒོ་ནས་བཀོད་འདོམས་དང་། ལུགས་དང་མཐུན་པར་ལས་བགོས་བྱེད་པ། གོ་རིམ་ལྡན་པའི་ངང་མེ་སྐྱོན་གསོད་པ་སོགས་ཀྱི་ལས་ལ་བྲེལ་བ་དང་། ས་གནས་དེ་གའི་སྡོད་དམངས་ཀྱི་གཞོགས་འདེགས་འོག ད་གཟོད་མེ་ཤུགས་ཚོད་འཛིན་ཐུབ་པ་བྱུང་ལ། ཉེ་འཁོར་གྱི་གྲོང་ཚོར་ཉེན་ཁ་མེད་པར་བཟོས། ཧྲོང་ཧོ་ཤང་གི་མེ་གསོད་རུ་ཁག་འབྱོར་སྐབས། ཁོང་གིས་འཕྲལ་མ་ཉིད་དུ་རང་ཉིད་ཀྱི་བསམ་འཆར་ལེགས་པར་བཏོན་པ་དང་། དེ་དང་ཆབས་ཅིག་ཁོང་གིས་ཡུལ་མི་སྤུན་ཟླ་ཚོར་མེ་གསོད་སྒྲིག་ཆས་བཀོལ་སྤྱོད་བྱེད་སྟངས་གསལ་བཤད་བྱས་པ་མ་ཟད། ད་དུང་ཚང་མར་སྐུལ་སློང་དང་བདེ་འཇགས་ཀྱི་དྲན་སྐུལ་ཡང་བྱས་པ་རེད།
མུའུ་ཁྲང་ཧའོ་(གཡས།)ཡིས་ཅི་དབྱང་རི་བོའི་ནགས་ཚལ་གྱི་མེ་སྐྱོན་གསོད་པ།
        མེ་གསོད་བཀོད་འདོམས་དང་མེ་གསོད་པ། ཆུ་ལེན་པ། མེ་འཕྲོ་གཙང་སེལ་སོགས་ཀྱི་གོ་རིམ་ཚང་མའི་ཁྲོད་མུའུ་ཁྲང་ཧའོ་ཧུར་ཐག་སྒོས་ཞུགས་པ་དང་། ཆུ་ཚོད་གཉིས་ལྷག་ཙམ་ལ་འབད་འཐབ་བྱས་པ་བརྒྱུད། ཁོ་ཚོས་ད་གཟོད་མེ་སོད་པ་རེད། ངོ་གདོང་ཐལ་བས་ཁེངས་ནས་ཐང་ཆད་ནའང་། ནགས་ཚལ་མེ་གསོད་རུ་མི་ཞིག་ཡིན་པའི་ངོས་ནས། ཕ་ཡུལ་མི་དམངས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ཀྱི་ཆེད་དང་སྐྱེ་ཁམས་བྱ་གཞག་སྲུང་སྐྱོབ་བྱེད་པའི་ཐད་ལ་རང་ཉིད་ཀྱི་སྟོབས་ཤུགས་འབུལ་ཐུབ་པ་བྱུང་བས། མུའུ་ཁྲང་ཧའོ་ཡི་ཡིད་སེམས་རབ་ཏུ་ཁེངས་ཡོད།
        མེ་གསོད་མཇུག་འགྲིལ་རྗེས། ཧྲོང་ཧོ་ཤང་གི་མེ་གསོད་རུ་ཁག་གི་རུ་མི་རྣམས་དང་ས་གནས་དེ་གའི་ཡུལ་མི་ཚང་མས་ཁོང་ལ་མཐེ་བོང་བསྒྲེངས་ནས་བསྔགས་བརྗོད་བྱས་པ་དང་། ཚང་མས་ཡར་མར་ལ་མང་པོ་དྲིས་རྗེས། རྒྱུས་མངའ་གསལ་པོ་མེད་པའི་ཕོ་གསར་དེ་ནི་མ་གཞི་ཉེ་འཁོར་ལི་ཧུང་ཤང་དུ་ཁྱིམ་ནས་གུང་གསེང་ངལ་གསོ་བྱེད་བཞིན་པའི་ནགས་ཚལ་མེ་གསོད་རུ་མི་ཞིག་ཡིན་པ་གཞི་ནས་ཤེས་རྟོགས་བྱུང་།
        “ང་རང་རྒྱལ་ཁབ་ཕྱོགས་བསྡུས་རང་བཞིན་གྱི་མེ་གསོད་རོགས་སྐྱོབ་དཔུང་ཁག་ནང་ཞུགས་རྒྱུར་མོས་མཐུན་ཡོད་ལ། ཏང་ལ་ལྷག་བསམ་རྣམ་དག་དང་། སྒྲིག་ཁྲིམས་ནན་མོར་སྲུང་བ། སྙིང་རུས་ཆེན་པོའི་སྒོ་ནས་མི་དམངས་ལ་ཞབས་འདེགས་ཞུ་བའི་དམ་བཅས་པ་ཡིན།”ཞེས་པ་འདི་ནི་2014ལོའི་ཟླ་9པར་མེ་གསོད་རུ་ཁག་ནང་ཞུགས་པའི་མུའུ་ཁྲང་ཧའོ་ཡིས་དཔུང་ཁག་སྒྱུར་བཅོས་བྱེད་སྐབས་རུ་མི་རྣམས་དང་མཉམ་དུ་ཁས་བླངས་པའི་དམ་བཅའ་རེད། མེ་སྐྱོན་ཤོར་བ་ནི་གཡུལ་སའི་འཐབ་འཁྲུག་དང་མཚུངས་ཤིང་།  ལྷག་པར་དུ་མིག་སྔར་ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་རིམས་ནད་ཐོན་པའི་དམིགས་བསལ་གྱི་འགག་རྩའི་དུས་སྐབས་སུ། མུའུ་ཁྲང་ཧའོ་ནི་གུང་ཁྲན་ཏང་ཡོན་ཞིག་ཡིན་པའི་ངོས་ཐད་ནས། དཔའ་ངར་ཆེར་བསྐྱེད་ཀྱིས་མདུན་དུ་མཆོངས་པ་དང་། ལྷག་བསམ་ལྡན་པའི་ངང་རང་གི་སྟོབས་ཤུགས་ཡོད་རྒུ་བཏོན་ལ།  དེ་ལྟར་ཁོང་གིས་རང་གི་དམ་བཅའ་དམིགས་བསལ་གྱི་གུང་གསེང་འདིའི་ནང་དངོས་སུ་ལག་ལེན་དུ་བསྟར་བས། དངོས་པ་དོན་གྱི་དུས་རབས་གསར་པའི་མེ་གསོད་རུ་མིའི་འགན་འཁྲི་རང་གི་ཕྲག་ཏུ་བླངས་པ་ཞིག་རེད།
大发体育 海南4+1开奖 捕鱼大作战 斗地主达人 AG体育