山东群英会选号技巧

དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

ཞི་ཅིན་ཕིང་ནས་ཀྲུང་ཧྥེའི་དམིགས་བསལ་དབུ་ཚོགས་གཙོ་སྐྱོང་གནང་བ།

སྤེལ་དུས 2020-06-18 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།
            ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཨ་ཧྥེ་རི་ཁས་མཐུན་སྒྲིལ་ཐོག་རིམས་ནད་འགོག་བཅོས་བྱེད་པའི་དམིགས་བསལ་དབུ་ཚོགས་གཙོ་སྐྱོང་གནང་བ་དང་འབྲེལ་བརྗོད་དོན་གཙོ་བོའི་གསུང་བཤད་གནང་བ་དང་། ཀྲུང་གོ་དང་ཨ་ཧྥེ་རི་ཁར་རིམས་ནད་ཀྱི་ཚོད་བགམ་དྲག་པོ་འཕྲད་ཡོད་པས། མཛའ་མཐུན་དང་ཡིད་ཆེས་སྔར་བས་སྲ་བརྟན་དུ་གཏོང་དགོས་ཞེས་བསྟན་གནང་བ་དང་། ཀྲུང་གོ་དང་ཨ་ཧྥེ་རི་ཁས་བློ་བརྟན་འགྱུར་མེད་ངང་ལག་གདང་སྦྲེལ་ནས་རིམས་ནད་ལ་འགོག་རྒོལ་བྱེད་པ་དང་། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་ལ་སྐུལ་འདེད་གཏོང་བ། ཕྱོགས་མང་རིང་ལུགས་ལག་ལེན་བསྟར་བ། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཛའ་གྲོགས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ཐུན་མོང་ཐོག་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་འཕྲོད་བསྟེན་བདེ་ཐང་གི་གཅིག་མཐུན་མ་ལག་གཏོད་དགོས་པ་དང་། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ཁྱོན་ཡོངས་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་ཆུ་ཚད་མཐོ་པོའི་སྒོ་ནས་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་དགོས་ཞེས་ནན་སྟོན་གནང་བ་རེད། ཝང་ཧུའུ་ཉིང་ཚོགས་འདུར་ཞུགས་པ།

            འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས17ཉིན་གྱི་དགོང་མོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་དུ་ཀྲུང་གོ་དང་ཨ་ཧྥེ་རི་ཁས་མཐུན་སྒྲིལ་ཐོག་རིམས་ནད་འགོག་པའི་དམིགས་བསལ་དབུ་ཚོགས་གཙོ་སྐྱོང་གནང་བ་དང་འབྲེལ་འགོ་བརྗོད་དུ་མཐུན་སྒྲིལ་ཐོག་རིམས་ནད་འགོག་བཅོས་དང་། དུས་ངལ་མཉམ་སེལ་བྱེད་དགོས་ཞེས་འཁོད་པའི་བརྗོད་དོན་གཙོ་བོའི་གསུང་བཤད་ཀྱང་གནང་བ་རེད། ཞི་ཅིན་ཕིང་གིས། རིམས་ནད་ཀྱི་མདུན་དུ་ཀྲུང་གོ་དང་ཨ་ཧྥེ་རི་ཁས་ཕན་ཚུན་རྒྱབ་སྐྱོར་དང་དཔུང་པ་མཉམ་གཤིབ་ཀྱིས་འཐབ་རྩོད་བྱེད་བཞིན་ཡོད། ཀྲུང་གོ་དང་ཨ་ཧྥེ་རི་ཁས་མཐུན་སྒྲིལ་སྔར་ལས་ལྷག་པ་བྱེད་པ་དང་། མཛའ་མཐུན་ཡིད་ཆེས་སྔར་ལས་སྲ་བརྟན་དུ་གཏོང་དགོས། ཀྲུང་གོས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་སྲོལ་རྒྱུན་མཛའ་བཤེས་ལ་གཅེས་འཛིན་བྱེད་པ་དང་རྒྱལ་སྤྱིའི་གནས་བབ་ལ་འགྱུར་ལྡོག་ཇི་འདྲ་བྱུང་རུང་ཀྲུང་གོས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན་རྒྱག་པའི་ཆོད་སེམས་ལ་གཡོ་འགུལ་གཏན་ནས་གཏོང་མི་སྲིད། ཀྲུང་གོས་མུ་མཐུད་ཨ་ཧྥེ་རི་ཁའི་རིམས་འགོག་བྱ་སྤྱོད་ལ་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱ་རྒྱུ་ཡིན། ཕྱོགས་གཉིས་ཀས་མི་དམངས་རྩ་བའི་རྩེ་ལ་འཛིན་པ་དང་ཚེ་སྲོག་གོང་དུ་བཀུར་རྒྱུ་རྒྱུན་འཁྱོངས་བྱས་ནས། ནུས་ཤུགས་གང་ཡོད་ཀྱིས་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ལ་སྲུང་སྐྱོབ་བྱེད་པ་དང་། བློ་བརྟན་འགྱུར་མེད་ཀྱིས་ལག་གདང་སྦྲེལ་ཏེ་རིམས་ནད་ལ་འགོག་རྒོལ་བྱེད་པ། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་ལ་བློ་བརྟན་འགྱུར་མེད་ཀྱིས་སྐུལ་འདེད་གཏོང་བ། ཕྱོགས་མང་རིང་ལུགས་བློ་བརྟན་འགྱུར་མེད་ངང་ལག་ལེན་བསྟར་བ། བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཛའ་གྲོགས་ལ་སྐུལ་འདེད་བཏང་བ་བཅས་བྱས་ཏེ། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་འཕྲོད་བསྟེན་བདེ་ཐང་གི་གཅིག་མཐུན་མ་ལག་དང་དེ་བས་དམ་ཟབ་ཀྱི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ལས་དབང་གཅིག་མཐུན་མ་ཐག་མཉམ་དུ་གཏོད་དགོས་ཞེས་ནན་སྟོན་གནང་བ་རེད། ཚོགས་འདུའི་ཐོག་ཀྲུང་གོ་དང་ཨ་ཧྥེ་རི་ཁས་མཐུན་སྒྲིལ་ཐོག་རིམས་ནད་འགོག་པའི་དམིགས་བསལ་དབུ་ཚོགས་ཀྱི་མཉམ་འབྲེལ་གསལ་བསྒྲགས་ཞེས་པ་སྤེལ་ནས་རྒྱལ་སྤྱིའི་སྤྱི་ཚོགས་ལ་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཐུན་སྒྲིལ་མཉམ་ལས་ཀྱི་དུས་རབས་ཀྱི་འབོད་སྒྲ་དྲག་པོ་བསྒྲགས་ཡོད།
            ད་ཐེངས་ཀྱི་དབུ་ཚོགས་ནི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ལྷོ་ཨ་ཧྥེ་རི་ཁ་དང་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་ཐུན་མོང་ཀྲུའུ་ཞིའི་རྒྱལ་ཁབ་སེ་ནེ་ཀལ་གྱིས་ཐུན་མོང་ཐོག་གྲོས་འགོ་བཏོན་པ་དང་། བརྙན་མཐོང་གྱི་རྣམ་པའི་ཐོག་ནས་སྐོང་འཚོག་བྱས་པ་ཞིག་རེད། ལྷོ་ཨ་ཧྥེ་རི་ཁའི་ཙུང་ཐུང་ལཱ་མ་ཕུའུ་ས་དང་། སེ་ནེ་ཀལ་གྱི་ཙུང་ཐུང་ས་ལེ། ཨེ་ཅིབ་ཀྱི་ཙུང་ཐུང་སའེ་ཤིས། ཁོང་ཀོ་ཅིན་གྱི་ཙུང་ཐུང་ཆི་སའེ་ཁེ་ཏི། ཨར་ཅི་རི་ཡའི་ཙུང་ཐུང་ཐེ་པུན། ཀ་པོན་གྱི་ཙུང་ཐུང་པང་ཀེ། ཁེན་ནི་ཡའི་ཙུང་ཐུང་ཁེན་ཡ་ཐ། མ་ལིའི་ཙུང་ཐུང་ཁའེ་ཐ། ནི་ཀྲེར་གྱི་ཙུང་ཐུང་དབྱི་སུའུ་ཕུའུ། ནི་ཀྲེ་རི་ཡའི་ཙུང་ཐུང་པུའུ་ཧ་ལི། རུ་ཝང་ཏའི་ཙུང་ཐུང་ཁ་ཅ་མེ། ཙམ་པབ་ཝེའི་ཙུང་ཐུང་མུའུ་ནན་ཅ་ཀུའུ་ཝ། ཨེ་ཙེ་ཨོ་ཕི་ཡའི་ཙུང་ལི་ཨ་པི་བཅས་དང་། དེ་བཞིན་ཨ་ཧྥེ་རི་ཁ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧྥ་ཅི་བཅས་ཚོགས་འདུར་ཞུགས་ཡོད་པ་རེད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལེ་སི་དང་། འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་ཐན་ཏེ་སའེ་ཆེད་མངགས་གདན་ཞུས་སྐུ་མགྲོན་གྱི་མིང་ཐོག་ནས་ཚོགས་འདུར་ཞུགས་ཡོད་པ་རེད།
            ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་ཝང་ཧུའུ་ཉིང་ཚོགས་འདུར་ཞུགས་ཡོད་པ་རེད།

            ཞི་ཅིན་ཕིང་གིས། འཛམ་གླིང་ཡོངས་སུ་ཏོག་གསར་གློ་ཚད་ཀྱི་རིམས་ནད་འགོག་པའི་དུས་སྐབས་གལ་ཆེན་འདིར། ང་ཚོས་ད་ཐེངས་ཀྱི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་དམིགས་བསལ་དབུ་ཚོགས་འཚོགས་ཤིང་། གྲོགས་པོ་གསར་རྙིང་རྣམ་པ་དང་བརྙན་མཐོང་བརྒྱུད་ནས་ལྷན་འཛོམས་བྱས་ཏེ། མཐུན་སྒྲིལ་དང་རིམས་ནད་འགོག་པའི་ཇུས་ཆེན་ལ་མཉམ་གྲོས་དང་། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་སྤུན་ཟླའི་མཛའ་བརྩེ་མཉམ་གླེང་ཞུས་ཡོད། ད་ཐེངས་ཀྱི་རིམས་ནད་གློ་བུར་དུ་ཐོན་པ་དེས་འཛམ་གླིང་རྒྱལ་ཁབ་ཁག་ལ་ཕོག་ཐུག་ཚབས་ཆེན་བཟོས་ནས་མི་ཁྲི་བཅུ་ཕྲག་ཁ་ཤས་ཀྱི་རྩ་ཆེའི་ཚེ་སྲོག་ཤོར་ཡོད། ངོས་ནས་གྲོས་འགོ་འདོན་རྒྱུར། ང་ཚོས་རིམས་ནད་ཁྲོད་རྐྱེན་ལམ་དུ་ཤོར་བ་རྣམས་ལ་ངག་བསྡམས་ནས་མྱ་ངན་ཞུ་རྒྱུ་དང་ཁོང་ཚོའི་གཉེན་ཉེར་འཚམས་འདྲི་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།
            ཞི་ཅིན་ཕིང་གིས། རིམས་ནད་ཀྱི་མདུན་དུ་ཀྲུང་གོ་དང་ཨ་ཧྥེ་རི་ཁ་གཉིས་ཀྱིས་ཕན་ཚུན་རྒྱབ་སྐྱོར་དང་དཔུང་པ་མཉམ་གཤིབ་ཀྱིས་འཐབ་འཛིང་བྱེད་པ་དང་། ཕྱོགས་གཉིས་པོས་སྔར་ལས་མཐུན་སྒྲིལ་དམ་ཟབ་བྱས་ཏེ། མཛའ་མཐུན་དང་ཡིད་ཆེས་སྔར་བས་སྲ་བརྟན་དུ་གཏོང་དགོས། ཀྲུང་གོས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་སྲོལ་རྒྱུན་མཛའ་གྲོགས་ལ་གཅེས་འཛིན་བྱེད་པ་དང་རྒྱལ་སྤྱིའི་གནས་བབ་ལ་འགྱུར་ལྡོག་ཇི་འདྲ་བྱུང་རུང་། ཀྲུང་གོས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན་རྒྱག་པའི་ཆོད་སེམས་ལ་གཡོ་འགུལ་གཏན་ནས་གཏོང་མི་སྲིད་ཅེས་ནན་སྟོན་གནང་བ་རེད།
            ཞི་ཅིན་ཕིང་གིས། མིག་སྔར་རིམས་ནད་སྔར་བཞིན་གོ་ལ་ཧྲིལ་པོར་ཁྱབ་པ་དང་ཀྲུང་གོ་དང་ཨ་ཧྥེ་རི་ཁ་གཉིས་ཀར་རིམས་ནད་སྔོན་འགོག་བྱེད་པ་དང་། དཔལ་འབྱོར་བརྟན་པོ། དམངས་འཚོ་འགན་ལེན་བཅས་ཀྱི་དཀའ་ཚེགས་ཆེ་བའི་ལས་འགན་འཕྲད་ཡོད། ང་ཚོས་མི་དམངས་རྩ་བའི་རྩེ་ལ་འཛིན་པ་དང་ཚེ་སྲོག་གོང་དུ་བཀུར་རྒྱུ་རྒྱུན་འཁྱོངས་ཀྱིས། ཐོན་ཁུངས་གཅིག་གྱུར་འཆར་འགོད་བྱེད་པ་དང་། མཐུན་སྒྲིལ་མཉམ་ལས་བྱས་ནས་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ལ་སྲུང་སྐྱོང་གང་ཐུབ་བྱས་ཏེ་རིམས་ནད་ཀྱི་ཤུགས་རྐྱེན་ཆུང་དུ་གཏོང་གང་ཐུབ་བྱེད་དགོས་སྟོན་གནང་བ་རེད།

            དང་པོ། ང་ཚོས་བློ་བརྟན་འགྱུར་མེད་ངང་ལག་གདང་སྦྲེལ་ནས་རིམས་ནད་ལ་འགོག་རྒོལ་བྱ་དགོས། ཀྲུང་གོ་ཕྱོགས་ཀྱིས་ཨ་ཧྥེ་རི་ཁ་ཕྱོགས་ཀྱི་རིམས་འགོག་བྱ་སྤྱོད་ལ་མུ་མཐུད་རྒྱབ་སྐྱོར་ཧུར་ཐག་བྱས་ནས། ཨ་ཧྥེ་རི་ཁའི་རྒྱལ་ཁབ་ལ་དངོས་ཟོག་རོགས་སྐྱོར་དང་། སྨན་བཅོས་རིགས་གཅིག་མཁས་པའི་ཚོགས་ཆུང་མངགས་གཏོང་། ཨ་ཧྥེ་རི་ཁ་ཕྱོགས་ནས་ཀྲུང་གོར་རིམས་འགོག་དངོས་ཟོག་ཉོ་སྒྲུབ་བྱེད་པར་ཡོང་རྒྱུར་རོགས་རམ་བཅས་བྱ་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་སྔ་སྣུར་དུ་ལོ་འདིའི་ནང་ལ་ཨ་ཧྥེ་རི་ཁའི་ནད་ཡམས་ཚོད་འཛིན་ལྟེ་གནས་སྤྱི་ཁྱབ་པུའུ་འཛུགས་སྐྲུན་བྱེད་འགོ་འཛུགས་རྒྱུ་ཡིན། ཨ་ཧྥེ་རི་ཁ་ཕྱོགས་དང་མཉམ་དུ་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་སྒྲོམ་གཞིའི་ནང་གི་བདེ་ཐང་འཕྲོད་བསྟེན་བྱ་སྤྱོད་ལག་བསྟར་ཡག་པོ་བྱེད་པ་དང་། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཛའ་གྲོགས་སྨན་ཁང་འཛུགས་སྐྲུན་དང་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ཁ་གཏད་སྨན་ཁང་གི་མཉམ་ལས་བྱེད་མགྱོགས་སུ་བཏང་ནས། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་འཕྲོད་བསྟེན་བདེ་ཐང་གི་གཅིག་མཐུན་མ་ལག་བསྐྲུན་རྒྱུ་ཡིན། ཀྲུང་གོ་ཕྱོགས་ནས། ཏོག་གསར་གློ་ཚད་རིམས་ནད་ཀྱི་སྔོན་འགོག་སྨན་ཞིབ་བཟོ་ཐུབ་ནས་བེད་སྤྱོད་བཏང་རྗེས། སྔོན་ལ་ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་ལ་ཕན་པ་ཐོབ་པ་བྱ་རྒྱུའི་ཁས་ལེན་བྱ་རྒྱུ་ཡིན།
            གཉིས་པ། ང་ཚོས་བློ་བརྟན་འགྱུར་མེད་ངང་ཀྲུང་ཧྥེའི་མཉམ་ལས་ལ་སྐུལ་འདེད་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་སྒྲོམ་གཞིའི་འོག་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱི་སྤྱི་ལོ་2020ལོའི་ལོ་མཇུག་ལ་དུས་བཀག་ཐིམ་པའི་ཀྲུང་གོར་འཇལ་དགོས་པའི་སྐྱེད་མེད་དངུལ་བུན་གྱི་བུ་ལོན་རྩ་ཆག་གཏོང་རྒྱུ་དང་། རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ། རིམས་ནད་ཕོག་ཚབས་ཧ་ཅང་ལྕི་བ་དང་གནོན་ཤུགས་ཧ་ཅང་ཆེ་བའི་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་ཡིན། དེའི་ནང་བུ་ལོན་འཇལ་བའི་དུས་ཚོད་སྔར་བས་ནར་འགྱངས་གཏོང་རྒྱུ་ཚུད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོའི་འབྲེལ་ཡོད་དངུལ་རྩའི་ལས་ཁུངས་ཀྱིས་རྒྱལ་ཁབ་ཉི་ཤུ་ཚོགས་པའི་བུ་ལོན་ནར་འགྱངས་ཀྱི་གྲོས་འགོར་གཞིགས་པ་དང་། ཁྲོམ་རའི་རྩ་དོན་གཞིར་བཟུང་ཨ་ཧྥེ་རི་ཁའི་རྒྱལ་ཁབ་དང་ཚོང་ལས་བདག་དབང་གི་དངུལ་བུན་བཀོད་སྒྲིག་ཐད་མཛའ་གྲོགས་གྲོས་མོལ་བྱ་རྒྱུར་སྐུལ་མ་གཏོང་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་ཁབ་ཉི་ཤུ་ཚོགས་པའི་ཁོངས་གཏོགས་དང་མཉམ་དུ་རྒྱལ་ཁབ་ཉི་ཤུ་ཚོགས་པའི་བུན་འགྱངས་གྲོས་འགོ་དོན་འཁྱོལ་བྱ་རྒྱུ་མ་ཟད། རྒྱལ་ཁབ་ཉི་ཤུ་ཚོགས་པས་མིག་སྔའི་བུན་འགྱངས་གྲོས་འགོ་དོན་འཁྱོལ་བྱེད་པའི་རྨང་གཞིའི་ཐོག ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཚུད་པའི་འབྲེལ་ཡོད་རྒྱལ་ཁབ་ལ་བུན་འགྱངས་དུས་ཚད་སྔར་བས་རིང་དུ་གཏོང་དགོས་པའི་འབོད་སྐུལ་བྱ་རྒྱུ་ཡིན། རྒྱལ་སྤྱིའི་སྤྱི་ཚོགས་དང་ལྷག་པར་དུ་དར་རྒྱས་ཆེ་བའི་རྒྱལ་ཁབ་དང་ཕྱོགས་མང་དངུལ་རྩའི་ལས་ཁུངས་ཀྱིས་ཨ་ཧྥེ་རི་ཁ་གླིང་གི་བུ་ལོན་ཇེ་ཉུང་དུ་གཏོང་བའི་གནད་དོན་ཐད་སྔར་བས་ནུས་ལྡན་གྱི་བྱ་སྤྱོད་སྤེལ་རྒྱུའི་རེ་བ་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨ་ཧྥེ་རི་ཁ་ཕྱོགས་ཀྱི་འདོད་བློར་བརྩི་འཇོག་བྱེད་པའི་རྨང་གཞིའི་ཐོག མཉམ་འབྲེལ་རྒྱལ་ཚོགས་དང་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས། དེ་བཞིན་རོགས་ཟླ་གཞན་དག་བཅས་དང་མཉམ་དུ་ཨ་ཧྥེ་རི་ཁ་གླིང་ལ་རོགས་སྐྱོར་བྱས་ནས་རིམས་ནད་འགོག་པའི་མཉམ་ལས་བྱེད་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨ་ཧྥེ་རི་ཁའི་སྐམ་ས་ཆེན་པོའི་རང་མོས་ཉོ་ཚོང་ཁུལ་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱ་རྒྱུ་དང་། ཨ་ཧྥེ་རི་ཁས་མཉམ་སྦྲེལ་མཉམ་མཐུད་ལ་ཤུགས་སྣོན་དང་ཐོན་ལས་སྦྲེལ་ཐག་དང་མཁོ་སྤྲོད་སྦྲེལ་ཐག་འགན་ལེན་བྱེད་པའི་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱ་རྒྱུ། ཨ་ཧྥེ་རི་ཁ་ཕྱོགས་དང་མཉམ་དུ་གྲངས་འཛིན་དཔལ་འབྱོར་དང་། རིག་ལྡན་གྲོང་ཁྱེར། ནུས་རྒྱུ་གཙང་མ། 5Gསོགས་ལས་རྣམ་གསར་པའི་མཉམ་ལས་རྒྱ་ཆེར་གཏོང་འདོད་ཡོད།
            གསུམ་པ། ང་ཚོས་བློ་བརྟན་འགྱུར་མེད་ངང་ཕྱོགས་མང་རིང་ལུགས་ལག་ལེན་བསྟར་དགོས། ཀྲུང་གོ་ཕྱོགས་ཀྱིས་ཨ་ཧྥེ་རི་ཁ་ཕྱོགས་དང་མཉམ་དུ། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ལྟེ་བ་བྱེད་པའི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་སྲུང་སྐྱོང་བྱེད་པ་དང་། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་གོ་ལ་ཧྲིལ་པོའི་རིམས་ནད་འགོག་བཅོས་བྱེད་པར་བྱས་རྗེས་སྔར་ལས་ཆེ་བ་འཇོག་པར་རྒྱབ་སྐྱོར་བྱ་རྒྱུ་ཡིན། ང་ཚོས་རིམས་ནད་ཆབ་སྲིད་ཅན་དུ་འགྱུར་བ་དང་ནད་དུག་མིང་བྱང་ཅན་དུ་འགྱུར་བར་ངོ་རྒོལ་བྱ་རྒྱུ་ཡིན་ལ། རིགས་རྒྱུད་མཐོང་ཆུང་དང་འདུ་ཤེས་འཛིན་སྟངས་ཀྱི་ཕྱོགས་ཞེན་ལ་ངོ་རྒོལ་བྱས་ནས། རྒྱལ་སྤྱིའི་དྲང་སྙོམས་དྲང་བདེན་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས།
            བཞི་པ། ང་ཚོས་བློ་བརྟན་འགྱུར་མེད་ངང་ཀྲུང་ཧྥེའི་མཛའ་མཐུན་ལ་སྐུལ་འདེད་གཏོང་དགོས། ངོས་ནས་ལས་གྲོགས་རྣམ་པའི་བར་འབྲེལ་བ་དམ་ཟབ་རྒྱུན་འཁྱོངས་བྱས་ནས། མཛའ་མཐུན་དང་ཕན་ཚུན་ཡིད་ཆེས་ཇེ་བརྟན་དུ་གཏོང་འདོད་ཡོད་ལ། ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་གནད་དོན་ཐད་ཕན་ཚུན་རྒྱབ་སྐྱོར་བྱས་ནས། ཐུན་མོང་ཐོག་ཀྲུང་ཧྥེ་དང་གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་རྩ་བའི་ཁེ་ཕན་སྲུང་སྐྱོང་བྱ་རྒྱུ་དང་། ཀྲུང་གོ་དང་ཨ་ཧྥེ་རི་ཁ་གཉིས་ཀྱི་ཁྱོན་ཡོངས་འཐབ་ཇུས་རོགས་པའི་འབྲེལ་བ་ཆུ་ཚད་མཐོ་པོས་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བསྟན་འདུག

            མཇུག་ཏུ་ཞི་ཅིན་ཕིང་གིས་ང་ཚོས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་པེ་ཅིན་དབུ་ཚོགས་ཐོག་དེ་བས་དམ་ཟབ་ཀྱི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ལས་དབང་གཅིག་མཐུན་མ་ལག་གཏོད་རྒྱུའི་གཏན་འབེབས་བྱས་ཡོད། དེ་རིང་ང་ཚོས་མཐུན་སྒྲིལ་ཐོག་རིམས་ནད་འགོག་པའི་དམིགས་བསལ་དབུ་ཚོགས་འཚོགས་དོན་ནི་བྱ་སྤྱོད་དངོས་ཀྱི་ཐོག་ནས་པེ་ཅིན་དབུ་ཚོགས་ཀྱི་ཁས་ལེན་ལག་བསྟར་བྱེད་པ་ཞིག་ཡིན་ལ་རྒྱལ་སྤྱིའི་རིམས་འགོག་མཉམ་ལས་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་ཕུལ་བ་ཞིག་ཀྱང་ཡིན། མཐར་ཐུག་མིའི་རིགས་རིམས་ནད་ལས་རྣམ་པར་རྒྱལ་ཐུབ་ལ། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མི་དམངས་ཀྱིས་ཀྱང་དེ་བས་མཛེས་སྡུག་ལྡན་པའི་འཚོ་བ་སྐྱེལ་ཐུབ་ངེས་ཡིན་པ་ང་རང་ལ་ཡིད་ཆེས་ཡོད་ཅེས་ནན་སྟོན་གནང་ཡོད།
            ཕྱི་ཕྱོགས་ཀྱི་འགོ་ཁྲིད་པས་གཏམ་བཤད་གནང་སྐབས་གཅིག་མཇུག་གཉིས་མཐུད་སྒོ་ནས། ཏོག་གསར་གློ་ཚད་རིམས་ནད་གོ་ལ་ཧྲིལ་པོ་དང་ཨ་ཧྥེ་རི་ཁར་ཁྱབ་པའི་འགག་རྩའི་དུས་སུ་ཀྲུང་གོ་དང་ཨ་ཧྥེ་རི་ཁས་མཐུན་སྒྲིལ་ཐོག་རིམས་ནད་འགོག་པའི་དམིགས་བསལ་དབུ་ཚོགས་འཚོགས་པར་དམིགས་བསལ་གྱི་དོན་སྙིང་གལ་ཆེན་ལྡན་ཡོད་ལ་ཨ་ཧྥེ་རི་ཁ་དང་ཀྲུང་གོའི་མཛའ་གྲོགས་འབྲེལ་བ་སྲ་ཞིང་བརྟན་པ་དང་ཨ་ཧྥེ་རི་ཁ་དང་ཀྲུང་གོའི་འབྲེལ་བའི་མཉེན་ཤུགས་སླར་ཡང་མངོན་ཡོད། ཀྲུང་གོས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་བར་ཕན་ཚུན་རྒྱབ་སྐྱོར་དང་སོ་སྲུང་རོགས་རེས། སྐྱིད་སྡུག་མཉམ་མྱོང་བཅས་བྱས་ཏེ་ཨ་ཧྥེ་རི་ཁས་རིམས་ནད་འགོག་བཅོས་བྱ་རྒྱུར་དངོས་ཟོག་དང་། ལག་རྩལ། ཉམས་མྱོང་སོགས་ཕྱོགས་ཁག་གི་རྩ་ཆེའི་རོགས་རམ་དང་རྒྱབ་སྐྱོར་གནང་བར་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱིས་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། རིམས་ནད་ནི་སྔར་བྱུང་མྱོང་མེད་པའི་འཛམ་གླིང་ཡོངས་ཀྱི་ཉམས་ཉེན་དྲག་པོ་ཞིག་ཡིན་པས། རྒྱལ་སྤྱིའི་སྤྱི་ཚོགས་དང་ཕྱོགས་ཁག་གིས་མཐུན་སྒྲིལ་ལ་ཤུགས་སྣོན་དང་ཕྱོགས་མང་རིང་ལུགས་རྒྱུན་འཁྱོངས་བྱེད་པ། འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་སོགས་རྒྱལ་སྤྱིའི་ལས་ཁུངས་ཀྱིས་ནུས་པ་འདོན་རྒྱུར་རྒྱབ་སྐྱོར་བྱས་ཚེ། མཐའ་མཇུག་གཞི་ནས་རྒྱལ་ཁ་ཐོབ་ཐུབ། ཨ་ཧྥེ་རི་ཁ་ཕྱོགས་ཀྱིས་འབྲེལ་ཡོད་བུན་དབང་རྒྱལ་ཁབ་དང་རྒྱལ་སྤྱིའི་དངུལ་རྩའི་ལས་ཁུངས་ཀྱིས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱི་བུ་ལོན་སྔར་བས་ཉུང་དུ་གཏོང་རྒྱུ་དང་། སྨན་བཅོས་དང་། སྨན་རྫས། སྔོན་འགོག་སྨན་ཞིབ་འཇུག་གསར་སྤེལ་སོགས་ཐད་ཀྱི་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་སྟེ་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱིས་རིམས་ནད་ལ་ཁ་གཏད་གཅོག་པའི་ནུས་པ་ཆེ་རུ་གཏོང་བ་དང་། དཔལ་འབྱོར་སླར་གསོ་བྱེད་པ། རང་བརྟེན་དང་རྒྱུན་མཐུད་གོང་འཕེལ་ཡོང་བ་བཅས་ལ་རོགས་རམ་བྱ་རྒྱུའི་རེ་འབོད་ཞུ་རྒྱུ་ཡིན། དེའི་ཐད་ཀྲུང་གོས་མིག་དཔེ་སྟོན་པ་དང་བྱ་སྤྱོད་དངོས་ཀྱི་ཐོག་ནས་ཀྲུང་གོ་ནི་ཨ་ཧྥེ་རི་ཁའི་གྲོགས་པོ་ཡག་པོ་དང་རོགས་ཟླ་ཡག་པོ་ཡིན་པ་སླར་ཡང་ར་སྤྲོད་བྱས་ཡོད། ཨ་ཧྥེ་རི་ཁ་ཕྱོགས་ཀྱིས་ཨ་ཧྥེ་རི་ཁ་དང་ཀྲུང་གོའི་ཁྱོན་ཡོངས་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་བློ་བརྟན་འགྱུར་མེད་ངང་འབད་བརྩོན་བྱེད་རྒྱུ་དང་། ཨ་ཧྥེ་རི་ཁ་དང་ཀྲུང་གོའི་འཕྲོད་བསྟེན་བདེ་ཐང་གི་གཅིག་མཐུན་མ་ལག་མཉམ་སྐྲུན་བྱས་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་གཏོད་རྒྱུར་སྐུལ་འདེད་གཏོང་འདོད་ཡོད། ཨ་ཧྥེ་རི་ཁ་དང་ཀྲུང་གོའི་སྲོལ་རྒྱུན་མཛའ་བཤེས་མི་ཉམས་ཡུན་གནས་ཐུབ་ངེས་རེད་ཅེས་གསུངས་ཡོད།
            ཐེངས་འདིའི་གྲོས་ཚོགས་ནི་དམ་པ་དོན་གཉེར་དང་། ལས་ཕྱོད་ཆེན་པོ་བྱུང་ཡོད་པ་དང་། དགེ་མཚན་ལྡན་ལ་མཛའ་གྲོགས་ཀྱི་རྣམ་པའི་ཁྲོད་ཐུན་མོང་ངོས་འཛིན་གལ་ཆེན་བྱུང་ཡོད། དབུ་ཚོགས་ཐོག་ཀྲུང་གོ་དང་ཨ་ཧྥེ་རི་ཁས་མཐུན་སྒྲིལ་ཐོག་རིམས་ནད་འགོག་པའི་དམིགས་བསལ་དབུ་ཚོགས་ཀྱི་མཉམ་འབྲེལ་གསལ་བསྒྲགས་སྤེལ་ཡོད། ཀྲུང་གོ་དང་ཨ་ཧྥེ་རི་ཁ་ཕྱོགས་གཉིས་པོས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཛའ་བཤེས་ཟབ་ཏུ་གཏོང་བ་དང་ཕན་ཚུན་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས། དེ་བས་དམ་ཟབ་ཀྱི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ལས་དབང་གཅིག་མཐུན་མ་ལག་གཏོད་རྒྱུར་ཤུགས་སྣོན་རྒྱག་རྒྱུ། མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་མཉམ་འབྲེལ་རྒྱལ་ཚོགས་དང་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་སྣེ་ཁྲིད་དང་མཐུན་སྦྱོར་གྱི་ནུས་པ་འདོན་རྒྱུར་རྒྱབ་སྐྱོར་བྱས་ཐོག ལག་གདང་སྦྲེལ་ནས་རིམས་ནད་ལས་རྣམ་པར་རྒྱལ་ཐུབ་པ་བྱེད་པ་དང་། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་པེ་ཅིང་དབུ་ཚོགས་ཀྱི་གྲུབ་འབྲས་གང་མགྱོགས་དོན་འཁྱོལ་བྱས་ཏེ་འཕྲོད་བསྟེན་བདེ་ཐང་དང་། ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ། དམངས་འཚོ་ལེགས་བཅོས་བཅས་ཀྱི་ཁྱབ་ཁོངས་ནང་ཕྱོགས་ལྷུང་དེ་བས་མང་བ་བྱེད་པ། ཕྱོགས་མང་རིང་ལུགས་ལ་སྲུང་སྐྱོང་དང་རིམས་ནད་ཆབ་སྲིད་ཅན་དུ་འགྱུར་བར་ངོ་རྒོལ་བྱས་ཏེ་རྒྱལ་སྤྱིའི་གཞུང་དྲང་དྲང་བདེན་ལ་སྲུང་སྐྱོང་བྱ་རྒྱུའི་ཆོད་སེམས་མཚོན་པར་བྱས་ཡོད་པ་རེད།
幸运快3 公益福彩app 大发麻将 大富翁水果机 斗地主达人