山东群英会选号技巧

山东群英会选号技巧སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། 山东群英会选号技巧ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། 山东群英会选号技巧བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ། 山东群英会选号技巧ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། 山东群英会选号技巧གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > ཚ་ཤོས།

“རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ།

སྤེལ་དུས 2019-04-29 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། འབྲུག་རྒྱལ་མཁར་གྱིས་བསྒྱུར།
          ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ་4པའི་ཚེས་25ནས་27བར། “རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྐབས་གཉིས་པ་པེ་ཅིང་ནས་འཚོགས།  མཐའ་མཚམས་ཀྱི་རིང་ཚད་སྤྱི་ལེ་4000ཡོད་པའི་ཀྲུང་གོའི་བོད་རང་སྐྱོང་ལྗོངས། བལ་པོ་དང་འབྲུག་པ།  འབར་མ་སོགས“རྒྱུད་གཅིག་ལམ་གཅིག”གི་རྒྱལ་ཁབ་ཁག་དང་འདབས་འབྲེལ་ནས་ཡོད་ཅིང་།  ཀྲུང་གོའི་“རྒྱུད་གཅིག་ལམ་གཅིག”གི་གྲོས་གཞི་ལས་གནད་འགག་ཆེ་ཤོས་ཤིག་ཡིན། འོ་ན་“རྒྱུད་གཅིག་ལམ་གཅིག”དང་བོད་མང་ཚོགས་བར་ལ་འབྲེལ་བ་ག་འདྲ་ཞིག་ཡོད་དམ། ང་ཚོས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་ལ་ཅིག་བལྟ།

          2018ལོའི་ཟླ་8པའི་ཚེས་27ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་རུ་“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་གྱི་བྱ་བར་སྐུལ་སྤེལ་བྱས་ནས། ལོ་འཁོར5ལོན་པའི་བཞུགས་མོལ་ཚོགས་འདུར་ཞུགས་ཏེ་གསུང་བཤད་གལ་ཆེན་གནང་བའི་ཚུལ།
          “རྒྱུད་གཅིག་ལམ་གཅིག”ནི་“དར་གོས་ཚོང་ལམ་དཔལ་འབྱོར་རྒྱུད”དང་“དུས་རབས་21པའི་མཚོ་ཐོག་གི་དར་གོས་ཚོང་ལམ”གྱི་བསྡུས་མིང་ཡིན། 2013ལོའི་ཟླ་9པ་དང་ཟླ་10པར། ཀྲུའུ་ཞི་ཞི་ཅིན་ཕིང་ཨ་ཤེ་ཡ་དབུས་མ་དང་ཨེ་ཤེ་ཡ་ཤར་ལྷོར་འཚམས་འདིར་ཕེབས་སྐབས། སྔ་ཕྱིར་“དར་གོས་ཚོང་ལམ་དཔལ་འབྱོར་རྒྱུད”དང་“དུས་རབས་21པའི་མཚོ་ཐོག་གི་དར་གོས་ཚོང་ལམ”གྱི་གལ་ཆེའི་གྲོས་འགོ་བཏོན་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དོ་སྣང་ཆེན་པོ་ཐོབ། 
          མི་མང་ཆེ་བས“དར་གོས་ཚོང་ལམ་དཔལ་འབྱོར་རྒྱུད”དང་“དུས་རབས་21པའི་མཚོ་ཐོག་གི་དར་གོས་ཚོང་ལམ”གང་ཡིན་རུང་།  དེ་དག་ཚང་མ་བོད་ལྗོངས་དང་ཁ་ཐག་ཧ་ཅང་རིང་བར་འདོད། དོན་དམ་དུ་བོད་ལྗོངས་ནི་ལོ་རྒྱུས་སུ་“ལྷོ་ཕྱོགས་ཀྱི་དར་གོས་ཚོང་ལམ”དང་“ཐང་བོད་གནའ་ལམ”“ཇ་རྟའི་གནའ་ལམ”གྱི་གནད་གལ་ཆེན་བཟུང་མཁན་ཡིན་ལ། ལྷག་པར་དུ་ཀྲུང་གོ་དང་ཨེ་ཤེ་ཡ་ལྷོ་མའི་རྒྱལ་ཁབ་ཕན་ཚུན་འབྲེལ་བ་བྱེད་པའི་གལ་ཆེའི་འགག་སྒོ་ཞིག་རེད།
“རྒྱུད་གཅིག་ལམ་གཅིག”བརྒྱུད་ལམ་རྒྱལ་ཁབ་དང་ས་གནས་ཀྱི་མི་གྲངས་དང་དཔལ་འབྱོར་གཞི་ཁྱོན་སོགས་ཀྱི་གཞི་གྲངས།
          2015ལོར་ཀྲུང་དབྱང་གི་བོད་ལྗོངས་བྱ་བའི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་སྐབས་སུ། བོད་ལྗོངས་ནི་རང་རྒྱལ་གྱིས་ཨེ་ཤེ་ཡ་ལྷོ་མའི་ཕྱོགས་སུ་སྒོ་འབྱེད་པའི་བརྒྱུད་ལམ་གལ་ཆེན་ཞིག་ཡིན་པ་དམིགས་བསལ་དུ་བཏོན་གནང་མཛད། དེ་དང་ཆབས་ཅིག་བོད་ལྗོངས་ཡང་“རྒྱུད་གཅིག་ལམ་གཅིག”གི་གྲོས་གཞི་ལས་བལ་པོ་སོགས་འདབས་འབྲེལ་རྒྱལ་ཁབ་ལ་ཕྱོགས་པའི་གནད་འགག་གལ་ཆེན་ཡིན་པ་དང་། “རྒྱུད་གཅིག་ལམ་གཅིག”གིས་ཀྱང་བོད་ལྗོངས་ལ་སྔ་མོ་ནས་དགའ་བསུའི་ཕྱག་ཟུང་བརྐྱངས་ཡོད། ལོ་དེའི་བལ་པོའི་“4.25”ཉིན་རིམ་པ་8.1ཅན་གྱི་ས་འགུལ་ཆེན་པོའི་ཤུགས་རྐྱེན་འོག  བལ་པོ་དང་འདབས་འབྲེལ་བའི་བོད་ལྗོངས་ཀྱི་རྫོང་ཤང་མང་པོའི་སྡོད་ཁང་དང་ཁང་བརྩེགས་ཞག་མ་གཅིག་ལ་བརྡིབས་ནས་མེད་བརླག་ཏུ་སོང་། 

འདྲེན་ཐང་གྲོང་རྡལ་གྱིས་ས་འགུལ་རྗེས་བསྐྱར་དུ་བརྒྱབས་པའི་ཁང་གསར།  
          ས་འགུལ་གནོད་ཚབས་ཆེ་བའི་ས་ཆ་ཡང་“རྒྱུད་གཅིག་ལམ་གཅིག”གི་གྲོས་གཞི་དང་ཐད་ཀར་འབྲེལ་བ་ཡོད་པའི་ས་ཆ་ཡིན་ལ།  ཀྲུང་དབྱང་སྲིད་གཞུང་གིས་སྐབས་དེར་མི་ཤུགས་དང་དངོས་ཤུགས།  རྒྱུ་ཤུགས་བཅས་ཀྱི་རྒྱབ་སྐྱོར་རྒྱ་ཆེན་པོ་བྱས།  རྣམ་གྲངས་སྣ་ཚོགས་པའི་འཛུགས་སྐྲུན་ལ་ཞུགས་པའི་བཟོ་བ་མང་ཆེ་བ་ནི་བོད་རང་སྐྱོང་ལྗོངས་གཞིས་ཀ་རྩེ་འདྲེན་ཐང་གྲོང་རྡལ་གྱི་མི་ཡིན་ལ། ཁོ་ཚོས་ནངས་སྔ་ལངས་དང་དགུང་འཕྱི་ཉལ་གྱི་ངང་། རང་གི་ཕ་ཡུལ་བསྐྱར་འཛུགས་ཀྱི་ཐད་ལ་འབད་བཞིན་ཡོད་དེ།  “ང་ཚོས་རེས་མོས་སྒོས་ལས། ཚང་མས་མྱུར་དུ་ལམ་སྔར་ལས་ཡག་པོར་བཟོ་བསམ་ཡོད། དེ་ལྟར་མི་ནང་དུ་འོང་བདེ་བ་དང་།  དངོས་ཟོག་སྐྱེལ་འདྲེན་ཡང་ཇེ་མགྱོགས་སུ་འགྲོ”ཟེར།    
          ལྷག་པ་དར་རྒྱས་ཡང་འདྲེན་ཐང་གྲོང་རྡལ་གྱི་མི་ཡིན་ཞིང་།  ཁོས་གནོད་ཐེབས་བསྐྱར་འཛུགས་སྐབས་སུ་ཉལ་ཁྲི་20ལྷག་ཡོད་པའི་སྡོད་དམངས་ཉལ་ཁང་བཙུགས།  དེ་ནི་ཚོན་མདོག་སྣ་ལྔའི་ཁང་བརྩེགས་ཆུང་བ་དང་།  གཙང་ཞིང་དྲོ་སྐྱིད་ལྡན་པའི་ཁང་པ་ཞིག་སྟེ། གྲོང་རྡལ་འདིར་ཆ་རྐྱེན་ཆེས་ལེགས་པའི་སྡོད་དམངས་ཉལ་ཁང་རེད།  མ་རྩ་སྒོར་ག་ཚོད་བཏང་ཡོད་མེད་གླེང་སྐབས། ལྷག་པ་དར་རྒྱས་ཀྱིས་བབ་ཆགས་པའི་ངང་སྒོར་ཁྲི་118ཞེས་ཟེར། འོན་ཀྱང་གྲངས་འབོར་འདི་འདྲ་ཆེ་བ་ཞིག་གིས་མི་རྣམས་ཧ་ལས་སུ་འཇུག་ཐུབ།  མང་ཚོགས་ཀྱིས་“ཁོ་ལས་ཀ་ཧ་ཅང་བཟང་།  ཁོས་ལས་བཟོ་བའི་འགན་ཆ་ཚང་བླངས་ནས་བཟོ་གྲྭ་བཙུགས། རྣམ་རིག་ཧ་ཅང་བཟང་”ཞེས་བསྟོད་བསྔགས་བྱེད།

འདྲེན་ཐང་གྲོང་རྡལ་ལ་མར་བལྟ་བ།
          ལྷག་པ་དར་རྒྱས་ཀྱི་སྡོད་དམངས་ཉལ་ཁང་གི་ཚོང་ཧ་ཅང་བྲིན།  མང་ཚོགས་མང་པོས་ཀྱང་ཁོའི་རྗེས་སྙེག་ནས་ལས་ཀ་ལ་འབད་འབུངས་བྱས།  ལྷག་པ་དར་རྒྱས་ཀྱིས་“ངས་ཚང་མའི་སྣེ་ཅིག་ཁྲིད་བསམ་པ་ཡིན། མི་མང་པོར་དེའི་ནུས་པ་ཡོད། དེང་སྐབས་སྲིད་གཞུང་གིས་ཀྱང་རྒྱབ་སྐྱོར་ཆེན་པོ་བྱེད་བཞིན་ཡོད་པས། ད་ཧུར་ཐག་གི་སྒོ་ནས་ལས་རྐྱང་རེད།”ཅེས་ཟེར། 
          བོད་ལྗོངས་མང་ཚོགས་ཀྱིས་འཕེལ་རྒྱས་བཅངས་པའི་རེ་བ་ནི་མི་སུ་ལས་ཀྱང་ཞན་མི་སྲིད།  རང་བྱུང་གི་འཇིག་པ་སླེབས་ཚེ།  ཁོ་ཚོས་སྔར་ལས་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་དྲོན་མོ་ཤིག་བསྐྱར་འཛུགས་བྱེད་པར་རེ་ཡོད་ལ།  འཕེལ་རྒྱས་ཀྱི་གོ་སྐབས་རེག་ཚེ། ཁོ་ཚོས་མི་སུ་ལས་ཀྱང་དམ་པོར་འཛིན་ངེས། “རྒྱུད་གཅིག་ལམ་གཅིག”དང་མང་ཚོགས་ཀྱིས་འཕེལ་རྒྱས་ལ་བཅངས་པའི་རེ་འདུན་གཉིས་ཆ་འགྲིག་པར་གྱུར། རྒྱལ་ཁབ་ལ་འཆར་གཞི་ཡོད་པ་དང་།  མང་ཚོགས་རེ་བ་ཡོད་པས།  ད་གཟོད་འདྲེན་ཐང་གྲོང་རྡལ་གྱི་ཚ་ཚ་འུར་འུར་གྱི་རྣམ་པ་བྱུང་།
          བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་དེ་སྔོན་བརྗོད་དོན། “རྒྱུད་གཅིག་ལམ་གཅིག”གི་གྲོས་གཞིས་བོད་ལྗོངས་དང་མཐའ་འཁོར་རྒྱལ་ཁབ་ཀྱི་འབྲེལ་འདྲིས་ལ་བླང་བྱ་བཏོན་ཡོད་ལ།  སྒྲིག་བཀོད་ཀྱི་ངོས་ཐད་ཙམ་མ་ཟད་ད་དུང་ཚོང་གཉེར་དང་རིག་གནས་ངོས་ཐད་ཀྱི་བགྲོ་གླེང་སོགས་ཏེ། དེ་ནི་ཕྱོགས་ཡོངས་དང་སྣ་སྒོ་མོའི་འབྲེལ་འདྲིས་ཤིག་རེད་ཅེས་ཟེར།  སྐད་ཆ་དེའི་ཤུགས་ན་དོན་དངོས་སུ་ཀྲུང་བལ་རྒྱལ་ཁབ་གཉིས་ཀྱི་མང་ཚོགས་ཀྱི་མཛའ་བརྩེའི་གནས་ཚུལ་ངོ་མའི་རྨང་གཞིའི་རམ་འདེགས་ཡོད། 
          ས་འགུལ་མ་བྱུང་བའི་སྔོན་ལ་བོད་རང་སྐྱོང་ལྗོངས་གཞིས་ཀ་རྩེ་གཉའ་ལམ་རྫོང་འགྲམ་འགག་སྒོས་ཀྲུང་བལ་ཚོང་དོན་གྱི་90%བཟུང་ཡོད།  ས་འགུལ་དེ་བྱུང་རྗེས། འགྲམ་གྱི་གྲོང་ཁྱེར་སྟོང་པར་གྱུར་བ་དང་། ཀྲུང་བལ་ཚོང་དོན་དེ་སྐྱིད་གྲོང་ལ་སྤོས།  དེང་སྐབས་ཀྱི་སྐྱིད་གྲོང་འགག་སྒོར་བལ་བོའི་ཟོག་སྐྱེལ་རླངས་འཁོར་གྱི་འགྲོ་འོང་རྒྱུན་མི་ཆད་ལ། སྔར་བཞིན་ཁྲ་ཁྲ་རིག་རིག་གི་རྣམ་པ་ཞིག་རེད། དེ་ལས་“རྒྱུད་གཅིག་ལམ་གཅིག”གིས་བཏོན་པའི་མཉམ་ལས་དང་སྒོ་འབྱེད་ཀྱི་མཚན་ཉིད་དེ་བོད་ལྗོངས་ནས་ལག་བསྟར་བྱེད་ཐུབ་པར་མང་ཚོགས་ཀྱི་རྨང་གཞི་བཟང་པོ་ཡོད་པ་མཐོང་ཐུབ།
སྐྱིད་གྲོང་འགག་སྒོ།
          སྐྱིད་གྲོང་གི་མང་ཚོགས་ལ་གོ་སྐབས་ཀྱི་འདུ་ཤེས་དྲག་པོ་ལྡན་པ་སྟེ། ལམ་ལས་པ་དང་ཁང་པ་རྒྱག་པ།  ཚོང་དོན་གཉེར་པ་སོགས་ལ་ཞུགས་པའི་འདུན་པ་ཧ་ཅང་ཆེ།  བལ་པོའི་ཚོང་པ་དང་ཡང་ན་ས་གནས་དེ་དང་ས་གནས་གཞན་གྱི་ཚོང་པ་གང་ཡིན་རུང་།  རྗེས་ཕྱོགས་ཀྱི་ཚོང་ལས་སྐོར་གླེང་སྐབས་རྣམ་རིག་ཧ་ཅང་བཀྲ།  “ང་ཚོས་ཀྱང་གསར་འགྱུར་ལ་དོ་སྣང་བྱེད་བཞིན་ཡོད་ལ།  སྲིད་ཇུས་ལས་རྗེས་ཕྱོགས་སྒོ་འབྱེད་ཀྱི་ཤུགས་སྔར་ལས་ཆེ་བར་བཤད་པས།  ང་ཚོ་དང་བལ་པོའི་ཚོང་གཉེར་གྱི་ལམ་ཁ་ཇེ་ཡག་ནས་ཇེ་ཡག་ཡིན་སྲིད།  ད་དུང་ལས་དགོས་རྒྱུ་ཧ་ཅང་མང་པོ་འདུག”ཅེས་ས་གནས་དེ་གའི་ཚོང་པ་ཞིག་གིས་དེ་ལྟར་བཤད་བྱུང་།
          དེང་སྐབས་“རྒྱུད་གཅིག་ལམ་གཅིག”དེ་བོད་ལྗོངས་སུ་ཤར་མར་གཏོང་བ་དང་།  མིག་མཐོང་ལག་ཟིན་གྱི་གྲུབ་འབྲས་དང་དགའ་སྤྲོ་འདི་དག་གིས་བོད་མི་དམངས་“དར་གོས་ཚོང་ལམ་གསར་བ”ལ་བསྐྱོད་པ་དང་འཛམ་གླིང་ལ་བསྐྱོད་པར་སྐུལ་འདེད་བྱེད་བཞིན་ཡོད།  “རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྐབས་གཉིས་པ་ལ་བོད་མི་དམངས་ཀྱིས་ལྷག་ཏུ་རེ་སྒུག་བྱེད་བཞིན་ཡོད།  “ད་ལོར་སྲིད་ཇུས་ཡག་པོ་མང་པོ་ཞིག་ལག་ལེན་ལ་བསྟར་སྟེ། ང་ཚོས་“རྒྱུད་གཅིག་ལམ་གཅིག”གི་འབྲས་བཟང་མཉམ་དུ་ལོངས་སུ་སྤྱད་ནས།  ཚང་མའི་འཚོ་བ་སྔར་ལས་ཇེ་བཟང་དང་ཇེ་ལེགས་སུ་འགྱུར་བར་རེ་སྒུག་བྱས་ཡོད།”ཅེས་ས་གནས་དེའི་མང་ཚོགས་ཤིག་གིས་འདི་ལྟར་བཤད་བྱུང་།
新疆喜乐彩注册 智慧彩票投注 吉林福彩网 快3在线投注 安徽快3计划 海南4+1 新疆喜乐彩走势图 安徽快3 北京两步彩官网 智慧彩票投注注册