山东群英会选号技巧

ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ། ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > ཚ་ཤོས།

ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ།

སྤེལ་དུས 2019-06-21 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ། རིན་ཆེན་དབང་འདུས།
            ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་གནས་ཚུལ་སྤེལ་གསལ། སྤྱི་ཚེས་༢༠ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་བྱང་ཁོ་རེ་ཡ་ངལ་རྩོལ་ཏང་གི་ཨུ་ཡོན་ཀྲང་། རྒྱལ་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཅིན་ཀྲེང་ཨེན་གྱིས་ཕོང་དབྱང་མུ་ལན་མགྲོན་ཁང་དུ་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་ཡོད་པ་རེད།
            བརྗིད་ཉམས་ལྡན་པའི་མུ་ལན་མགྲོན་ཁང་ནང་གློག་འོད་ཆེམ་ཆེམ་དུ་འཕྲོ་བ་དང་། སྐུ་མགྲོན་གྱིས་ཁེངས་ཤིང་། གཟབ་རྒྱས་ཆེ་ལ་དགའ་སྟོན་གྱི་རྣམ་པས་རབ་ཏུ་ཁེངས་ཡོད།
            དགོང་མོའི་ཆུ་ཚོད་༧པ་ཙམ་ལ། ཞི་ཅིན་ཕིང་དང་སྐུ་ཟླ་བེང་ལིད་ཡོན་རྣམ་གཉིས་ཅིན་ཀྲེང་ཨེན་དང་ཁོང་གི་སྐུ་ཟླ་ལི་ཞོལ་ཀྲུའུ་ཡི་ཕེབས་རོགས་འོག་གསོལ་སྟོན་ཚོམས་ཆེན་དུ་ཕེབས་ཡོད། དེར་ཞུགས་སྐུ་མགྲོན་ཚང་མ་ཡར་བཞེངས་ནས་ཐལ་མོའི་རྡེབ་སྒྲ་ཡུན་རིང་བསྒྲགས་ཡོད་པ་རེད།
            དགའ་བསུའི་གསོལ་སྟོན་འགོ་ཚུགས་སྐབས། ཞི་ཅིན་ཕིང་དང་ཅིན་ཀྲེན་ཨེན་རྣམ་གཉིས་ཀྱིས་གསོལ་སྟོན་ཐོག་ཁག་སོ་སོར་ཤིས་ཚིག་གསུངས་ཡོད།
            ཅིན་ཀྲེང་ཨེན་གྱིས། ད་ལོ་ང་ཚོས་དགའ་སྤྲོ་རབ་ཏུ་འཕེལ་བའི་ངང་ཆེས་གུས་པར་འོས་པའི་ཀྲུང་གོའི་སྐུ་མགྲོན་སྤྱི་ཁྱབ་ཧྲུའུ་ཅི་ཞིན་ཅིན་ཕིང་དང་ཁོང་གི་སྐུ་ཟླ་བེང་ལིད་ཡོན་རྣམ་གཉིས་ལ་བསུ་བ་ཞུ་བཞིན་ཡོད། བྱང་ཁོ་རེ་ཡ་དང་ཀྲུང་གོ་རྒྱལ་ཁབ་གཉིས་པོས་ཐུན་མོང་ཐོག་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་པའི་འཕེལ་རིམ་ཁྲོད། སྔ་ས་ནས་དཀའ་སྡུག་མཉམ་མྱོང་དང་ཕན་ཚུན་རྒྱབ་སྐྱོར་དང་མཉམ་ལས་བྱེད་པའི་སྲོལ་རྒྱུན་བཟང་པོ་ཆགས་ཡོད། ན་ནིང་ལོ་གཅིག་གི་ནང་གྲོས་མོལ་ཐེངས་བཞི་ཞུས་པ་བརྒྱུད་ང་རང་དང་བློ་མཐུན་སྤྱི་ཁྱབ་ཧྲུའུ་ཅིས་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་རྒྱུན་འཁྱོངས་བྱེད་པ་ནི་བྱང་ཁོ་རེ་ཡ་དང་ཀྲུང་གོའི་མཛའ་གྲོགས་སྲུང་སྐྱོང་བྱེད་པའི་ལྟེ་བ་ཡིན་པའི་ངོས་འཛིན་གསལ་པོ་བྱུང་ཡོད།
            དེ་རིང་བློ་མཐུན་སྤྱི་ཁྱབ་ཧྲུའུ་ཅིས་བྱང་ཁོ་རེ་ཡར་འཚམས་འདྲི་གནང་བ་དེས། བྱང་ཁོ་རེ་ཡ་དང་ཀྲུང་གོའི་མཛའ་གྲོགས་ཀྱི་མཚར་སྡུག་ལྡན་པའི་ལེའུ་གསར་པ་སླར་ཡང་བཏོད་ཡོད། ངོས་དང་བློ་མཐུན་སྤྱི་ཁྱབ་ཧྲུའུ་ཅིས་དུས་རབས་གསར་པར་བྱང་ཁོ་རེ་ཡ་དང་ཀྲུང་གོའི་མཛའ་གྲོགས་མུ་མཐུད་གོང་འཕེལ་སྟོབས་ཆེར་གཏོང་བ་དང་། ཕྱོགས་གཉིས་པོའི་མཉམ་ལས་ལ་ཤུགས་སྣོན་རྒྱག་ཆེད་དགོངས་ཆར་སྤེལ་རེས་གཏིང་ཟབ་ཞུས་ནས་གལ་ཆེའི་ཐུན་མོང་ངོས་འཛིན་བྱུང་སོང་། ངོས་ནས། བློ་མཐུན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྲ་བརྟན་འགོ་ཁྲིད་འོག ཀྲུང་གོ་གུང་ཁྲན་ཏང་དང་། ཀྲུང་གོའི་མི་དམངས་ཀྱིས་སྤྱི་ཚོགས་རིང་ལུགས་གོང་འཕེལ་གཏོང་བའི་འཕེལ་རིམ་ནང་རླབས་ཆེའི་གྲུབ་འབྲས་གསར་པ་ཐོབ་རྒྱུར་ཡིད་ཆེས་བརྟན་པོ་ཡོད། བྱང་ཁོ་རེ་ཡའི་ཕྱོགས་ཀྱིས་སྔར་རྒྱུན་བཞིན་ཀྲུང་གོའི་ཕྱོགས་དང་དཔུང་པ་མཉམ་གཤིབ་ཀྱིས་མདུན་སྐྱོད་བྱས་ཏེ་བྱང་ཁོ་རེ་ཡ་དང་ཀྲུང་གོའི་མཛའ་གྲོགས་མཉམ་ཀྱི་ལེའུ་གསར་པ་གཏོད་རྒྱུ་ཡིན་ཞེས་གསུངས་ཡོད།
            ཞི་ཅིན་ཕིང་གིས་ཤིས་ཚིག་ནང་། ལོ་ངོ་༧༠རིང་གི་ཀྲུང་གོ་དང་བྱང་ཁོ་རེ་ཡའི་འབྲེལ་བའི་ལོ་རྒྱུས་ལ་ཕྱིར་དྲན་བྱེད་སྐབས། ཕྱོགས་གཉིས་པོའི་འགོ་ཁྲིད་རྒན་རབས་སྐུ་ངོ་མས་ཀྲུང་གོ་དང་བྱང་ཁོ་རེ་ཡའི་སྲོལ་རྒྱུན་མཛའ་གྲོགས་བཏོད་གནང་ནས། ང་ཚོར་ཐུན་མོང་གི་རྩ་ཆེའི་རྒྱུ་ནོར་བཞག་གནང་ཡོད། ད་ལྟ། ང་རང་དང་ཨུ་ཡོན་ཀྲང་ཅིན་ཀྲེང་ཨེན་བར་གྲུབ་འབྲས་ཆེན་པོ་ལྡན་པའི་གྲོས་མོལ་ཞུས་ནས་ཀྲུང་གོ་དང་བྱང་ཁོ་རེ་ཡའི་འབྲེལ་བའི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་འཆར་འགོད་བྱས་པ་དང་། གལ་ཆེའི་ཐུན་མོང་ངོས་འཛིན་རབ་དང་རིམ་པ་བྱུང་སོང་། ང་ཚོས། ཀྲུང་གོ་དང་བྱང་ཁོ་རེ་ཡ་ཕྱོགས་གཉིས་པོས་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་སྲོལ་རྒྱུན་མཛའ་གྲོགས་རྒྱུན་འཛིན་དང་དར་སྤེལ་གཏང་ནས། མུ་མཐུད་དུས་རབས་ཀྱི་ལེའུ་གསར་པ་འབྲི་དགོས་པའི་ངོས་འཛིན་གཅིག་གྱུར་བྱེད་ཀྱི་ཡོད། ང་ཚོས། ཆབ་སྲིད་ཀྱི་ཐོག་ནས་ཕྱེད་གླིང་ཕྲན་གྱི་གནད་དོན་ཐག་གཅོད་བྱ་རྒྱུ་ནི་མི་སེམས་ཕྱོགས་ས་དང་། དུས་བབ་འཕེལ་ཕྱོགས་ཡིན་པས། མུ་མཐུད་ཞི་བའི་སྐད་ཆ་ཤོད་རེས་གྱི་དར་ཆ་མཐོན་པོར་སྒྲེང་ནས། ས་ཁུལ་དང་ཐ་ན་འཛམ་གླིང་གི་ཞི་བདེ་དང་། བརྟན་ལྷིང་། དར་རྒྱས་བཅས་མངོན་འགྱུར་ཡོང་ཆེད་ལེགས་སྐྱེས་གསར་པ་སྔར་བས་མང་བ་འབུལ་རྒྱུའི་ངོས་འཛིན་གཅིག་གྱུར་བྱེད་ཀྱི་ཡོད་ཅེས་བསྟན་ཡོད།
            ཞི་ཅིན་ཕིང་གིས། མིག་སྔར། བྱང་ཁོ་རེ་ཡའི་ཏང་དང་མི་དམངས་ཀྱིས་ཨུ་ཡོན་ཀྲང་ཅིན་ཀྲེང་ཨེན་གྱི་འགོ་ཁྲིད་འོག འཐབ་ཇུས་ལམ་ཕྱོགས་གསར་པ་ལག་བསྟར་བྱེད་པ་དང་། སྟོབས་ཤུགས་གཅིག་ཏུ་སྒྲིལ་ནས་དཔལ་འབྱོར་གོང་འཕེལ་དང་དམངས་འཚོ་ལེགས་བཅོས་བྱས་ཏེ། བྱང་ཁོ་རེ་ཡའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་པའི་མཐོ་རླབས་གསར་པ་འཕྱུར་ཡོད། ང་ཚོས། ཨུ་ཡོན་ཀྲང་ཅིན་ཀྲེང་ཨེན་གྱིས་གཙོ་བོ་གནང་བའི་བྱང་ཁོ་རེ་ཡ་ངལ་རྩོལ་ཏང་གི་སྣེ་ཁྲིད་འོག བྱང་ཁོ་རེ་ཡའི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་ལ་གྲུབ་འབྲས་སྔར་བས་ལྷག་པ་ཐོབ་རྒྱུའི་ཡིད་ཆེས་བརྟན་པོ་ཡོད། ཀྲུང་གོའི་ཕྱོགས་ཀྱིས་བྱང་ཁོ་རེ་ཡ་དང་ལྷན་དུ། ཀྲུང་གོ་དང་བྱང་ཁོ་རེ་ཡའི་འབྲེལ་བ་དང་ས་ཁུལ་གྱི་རྒྱུན་མཐུད་ཞི་བདེ་དང་། ཐུན་མོང་དར་རྒྱས་ཀྱི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་མཉམ་དུ་གཏོད་འདོད་ཡོད་ཅེས་བསྟན་གནང་ཡོད།
            སྤྲོ་སེམས་འཁོལ་བའི་མཛའ་གྲོགས་རྣམ་པའི་སྦྱིན་མགྲོན་རྣམ་གཉིས་ནས་མཛའ་གྲོགས་མཉམ་ལས་ཀྱི་བཀའ་མོལ་ཞིབ་རྒྱས་གནང་བ་དང་། ཀྲུང་གོ་དང་བྱང་ཁོ་རེ་ཡའི་འབྲེལ་བ་གོང་འཕེལ་ཟམ་མི་ཆད་པ་ཡོང་རྒྱུར་རྟེན་འབྲེལ་ཞུས་གནང་ཡོད།
            གསོལ་སྟོན་འགོ་མ་ཚུགས་གོང་། ཞི་ཅིན་ཕིང་གིས་བྱང་ཁོ་རེ་ཡ་ངལ་རྩོལ་ཏང་ཀྲུང་དབྱང་གི་ལྟེ་གནས་སུ་བྱང་ཁོ་རེ་ཡ་ངལ་རྩོལ་ཏང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་ཨུ་ཡོན་དང་རྗེས་སྣོན་ཨུ་ཡོན་ཡོངས་ཀྱི་གུས་འདུད་དང་ལེན་གནང་ཡོད། ཏང་ཀྲུང་དབྱང་ཚན་རྩལ་པུའུ་ཀྲང་དང་། མང་ཚོགས་ཚོགས་པའི་པུའུ་ཀྲང་གིས་སྤྱི་ཁྱབ་ཧྲུའུ་ཅི་སྟངས་དཔྱལ་ལ་མེ་ཏོག་ཕུལ་ཡོད། སྤྲོ་སེམས་རབ་ཏུ་འཁོལ་བའི་མཛའ་གྲོགས་རྣམ་པའི་ཁྲོད་སྤྱི་ཁྱབ་ཧྲུའུ་ཅི་སྟངས་དཔྱལ་དང་ཨུ་ཡོན་ཀྲང་ཅིན་ཀྲེང་ཨེན་སྟངས་དཔྱལ་ནས་ཚང་མ་དང་ལྷན་བཞུགས་དྲན་རྟེན་སྐུ་པར་བསྐྱོན་གནང་ཡོད།
རྩོམ་སྒྲིག་པ། སངས་སྐྱབས།
北京赛车pk10玩法 安徽快3 湖北快3走势 山东群英会20选5走势图 北京赛车pk10玩法 新疆喜乐彩 新疆喜乐彩走势图 幸运飞艇优惠 pk10怎么玩 北京赛车