山东群英会选号技巧

ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། 山东群英会选号技巧ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། 山东群英会选号技巧པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ། ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > ཚ་ཤོས།

ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ།

སྤེལ་དུས 2019-06-25 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
            ཀྲུང་དབྱང་བརྙན་འཕྲིན་དྲ་བའི(གསར་འགྱུར་མཉམ་བསྒྲགས)ཐོག་གནས་ཚུལ་སྤེལ་གསལ། ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ་དང་ཆབས་ཅིག་བརྡ་ཐོ་བཏང་ནས་ས་གནས་ཁག་དང་སྡེ་ཚན་ཁག་གིས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།
            《མཛུབ་ཁྲིད་བསམ་འཆར》ནང་། གྲོང་གསེབ་བཅོས་སྐྱོང་བྱེད་པར་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ་ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ་དང་། “ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་ཇུས་ལ་སྤྱི་འདོམས་སྐུལ་འདེད་དང“ཕྱོགས་ཡོངས་བཞིའི”ཐབས་ཇུས་བཀོད་ཇུས་ལ་མཐུན་སྦྱོར་སྐུལ་འདེད་གཏོང་རྒྱུར་དམ་པོར་དམིགས་པ། གྲོང་གསེབ་དར་རྒྱས་འཐབ་ཇུས་ཀྱི་སྤྱིའི་བླང་བྱར་གཞིགས་པ། ཏང་གིས་གྲོང་གསེབ་བཅོས་སྐྱོང་ལ་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་བྱེད་རྒྱུ་མཐའ་འཁྱོངས་དང་ཤུགས་སྣོན་རྒྱག་པ། གཞི་རིམ་གྱི་རྨང་གཞི་བརྟན་གཏོང་དང་རྩ་བ་བརྟན་ཚུགས་ཀྱི་ཇུས་གཞིར་བརྩི་རྒྱུ་མཐའ་འཁྱོངས་བྱེད་པ། བཅོས་སྐྱོང་མ་ལག་བསྐྲུན་པ་དང་བཅོས་སྐྱོང་ནུས་པ་ཆེར་གཏོང་དེ་གཙོ་རྒོལ་ཁ་ཕྱོགས་སུ་བརྩི་རྒྱུ་མཐའ་འཁྱོངས་བྱེད་པ། གྲོང་གསེབ་ཀྱི་དམངས་འཚོ་འགན་ལེན་དང་ལེགས་གཏོང་དང་གྲོང་གསེབ་ཞི་མཐུན་བརྟན་ལྷིང་ལ་སྐུལ་འདེད་གཏོང་རྒྱུ་རྩ་བའི་དམིགས་ཡུལ་དུ་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ། ཏང་ཨུད་ཀྱིས་འགོ་འཁྲིད་པ་དང་། སྲིད་གཞུང་གིས་འགན་འཁུར་བ། སྤྱི་ཚོགས་ཀྱིས་མཉམ་སྒྲུབ་བྱེད་པ། སྤྱི་དམངས་དེའི་ནང་ཞུགས་པ། ཁྲིམས་སྐྱོང་འགན་ལེན་བྱེད་པ། ཚན་རྩལ་གྱིས་འདེགས་སྐྱོར་བྱེད་པ་བཅས་ཀྱི་དེང་རབས་གྲོང་གསེབ་སྤྱི་ཚོགས་ཀྱི་བཅོས་སྐྱོང་སྒྲིག་གཞི་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ། རང་སྐྱོང་ལ་བརྟེན་ནས་གསོན་ཤུགས་འཕེལ་བ་དང་། ཁྲིམས་སྐྱོང་ལ་བརྟེན་ནས་འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་བ། ཀུན་སྤྱོད་ལ་བརྟེན་ནས་སྤྱོད་བཟང་དར་སྤེལ་གཏོང་བ། ཏང་རྩ་འཛུགས་ཀྱིས་འགོ་ཁྲིད་བྱེད་པའི་རང་སྐྱོང་དང་། ཁྲིམས་སྐྱོང། ཀུན་སྤྱོད་ཀྱིས་སྐྱོང་བ་བཅས་ཟུང་དུ་འབྲེལ་བའི་གྲོང་གསེབ་བཅོས་སྐྱོང་གི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། མཉམ་སྐྲུན་མཉམ་བཅོས་མཉམ་སྤྱོད་ཀྱི་སྤྱི་ཚོགས་བཅོས་སྐྱོང་གི་རྣམ་པ་གཏོད་པ།
            ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་བཅོས་སྐྱོང་བྱེད་མཁས་པའི་ལམ་བུའི་ཐོག་བསྐྱོད་པ། གསོན་ཤུགས་རབ་འཕེལ་དང་འཆམ་མཐུན་གོ་རིམ་ལྡན་པའི་གྲོང་གསེབ་སྤྱི་ཚོགས་བསྐྲུན་པ་བཅས་བྱས་ཏེ་རྒྱ་ཆེའི་ཞིང་པའི་ཐོབ་ཚོར་དང་། བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་ཞེས་བསྟན་ཡོད་པ་རེད།
            《མཛུབ་ཁྲིད་བསམ་འཆར》ནང་། 2020ལོར་སླེབས་སྐབས་དེང་རབས་གྲོང་གསེབ་བཅོས་སྐྱོང་མ་ལག་གི་ལམ་ལུགས་སྒྲོམ་གཞི་དང་སྲིད་ཇུས་མ་ལག་གཞི་རྩའི་ཆ་ནས་ཆགས་པར་བྱས་ཏེ་གྲོང་གསེབ་ཀྱི་གཞི་རིམ་ཏང་རྩ་འཛུགས་ཀྱིས་དམག་འཐབ་མཁར་རྫོང་གི་ནུས་པ་དེ་བས་ཡག་པོ་བཏོན་ནས་ཏང་རྩ་འཛུགས་ཀྱིས་འགོ་ཁྲིད་བྱས་པའི་གྲོང་གསེབ་ཀྱི་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་མངོན་གསལ་དོད་པོ་རྒྱག་པ་དང་། ཡུལ་མིའི་རང་སྐྱོང་ལག་ལེན་སྔར་བས་གཏིང་ཟབ་ཏུ་གཏོང་བ། གྲོང་ཚོ་རིམ་པའི་དོན་གྲོས་གྲོས་མོལ་ལམ་ལུགས་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ། གྲོང་གསེབ་ཀྱི་བཅོས་སྐྱོང་མ་ལག་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱེད་དགོས། 2035ལོར་སླེབས་སྐབས། གྲོང་གསེབ་ཀྱི་སྤྱི་པའི་ཞབས་ཞུ་དང་། སྤྱི་པའི་དོ་དམ། སྤྱི་པའི་བདེ་འཇགས་བཅས་ཀྱི་འགན་ལེན་ཆུ་ཚད་མཐོ་རུ་མངོན་གསལ་དོད་པོ་གཏོང་བ་དང་། ཏང་རྩ་འཛུགས་ཀྱིས་འགོ་ཁྲིད་བྱེད་པའི་རང་སྐྱོང་དང་། ཁྲིམས་སྐྱོང་། ཀུན་སྤྱོད་ཀྱིས་སྐྱོང་བ་བཅས་ཟུང་དུ་འབྲེལ་བའི་གྲོང་གསེབ་བཅོས་སྐྱོང་གི་མ་ལག་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ། གྲོང་གསེབ་ཀྱི་སྤྱི་ཚོགས་བཅོས་སྐྱོང་ནུས་ལྡན་དང་། གསོན་ཤུགས་འཕེལ་བ། འཆམ་མཐུན་གོ་རིམ་ལྡན་པ་བྱེད་པ་བཅས་བྱས་ཏེ་གྲོང་གསེབ་བཅོས་སྐྱོང་གི་མ་ལག་བསྐྲུན་པ་དང་བཅོས་སྐྱོང་ནུས་པ་སྤྱིར་ན་དེང་རབས་ཅན་དུ་འགྱུར་བ་བྱེད་དགོས་ཞེས་བཏོན་ཡོད་པ་རེད།
            ད་དུང《མཛུབ་ཁྲིད་བསམ་འཆར》ནང་། གྲོང་ཚོའི་ཏང་རྩ་འཛུགས་ཀྱིས་གྲོང་གསེབ་བཅོས་སྐྱོང་ལ་འགོ་ཁྲིད་བྱེད་པའི་སྒྲིག་གཞི་དང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། གྲོང་གསེབ་བཅོས་སྐྱོང་ཁྲོད་ཀྱི་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་བྱེད་པ། གྲོང་ཚོ་རིམ་པའི་རྩ་འཛུགས་ལས་དོན་ཚད་ལྡན་དུ་གཏོང་བ། ཡུལ་མིའི་རང་སྐྱོང་སྒྲིག་འཛུགས་ཀྱི་ནུས་པ་ཆེ་རུ་གཏོང་བ། ཡུལ་མིའི་དོན་གྲོས་གྲོས་མོལ་བྱ་ཐབས་ཕུན་སུམ་ཚོགས་སུ་གཏོང་བ། གྲོང་ཚོ་རིམ་པའི་དོན་དག་ཀུན་གསལ་འདུ་འགོད་ཕྱོགས་ཡོངས་ནས་ལག་ལེན་བསྟར་བ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་ལག་ལེན་ཧུར་ཐག་བསྟར་བ། ཡུལ་སྲོལ་ཡ་རབས་བྱ་སྤྱོད་ལག་ལེན་བསྟར་བ། ཀུན་སྤྱོད་དཔེ་བཟང་གི་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱེད་པ། གྲོང་གསེབ་རིག་གནས་ཀྱིས་སྣེ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ། ཁྲིམས་སྐྱོང་གྲོང་གསེབ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། དུས་བདེའི་གྲོང་གསེབ་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ། གྲོང་གསེབ་ཀྱི་འགལ་བ་དང་རྩོད་གཞི་འདུམ་འགྲིག་ཐག་གཅོད་དང་སེལ་བའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། གཞི་རིམ་གྱི་རུལ་སུངས་ཙག་ཙིག་ལ་ཆད་པ་གཅོད་ཤུགས་ཆེ་རུ་གཏོང་བ། གྲོང་གསེབ་ཀྱི་བཅའ་ཁྲིམས་ཞབས་ཞུ་མཁོ་འདོན་བྱེད་ཤུགས་ཆེ་རུ་གཏོང་བ། ཕྱོགས་མང་པོའི་བྱེད་པོ་གྲོང་གསེབ་བཅོས་སྐྱོང་ནང་ཞུགས་རྒྱུར་རྒྱབ་སྐྱོར་བྱེད་པ། ཤང་དང་གྲོང་རྡལ་དང་གྲོང་ཚོས་ཞིང་པར་ཞབས་འདེགས་ཞུ་བའི་ནུས་པ་ཆེ་རུ་གཏོང་བ་སོགས་ཕྱོགས་17ཐད་ཀྱི་ལས་འགན་ནན་བཤད་བྱས་ཡོད་པ་རེད།
            མཇུག་ཏུ《མཛུབ་ཁྲིད་བསམ་འཆར》ནང་། གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་བའི་སྒྲིག་འཛུགས་ལག་བསྟར་སོགས་ཀྱི་ཐད་ཞིབ་ཕྲའི་བླང་བྱ་བཏོན་པ་སྟེ། གཅིག་ནས་རྩ་འཛུགས་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། གཉིས་ནས་མཉམ་སྒྲུབ་སྐུལ་འདེད་ཀྱི་ལམ་སྲོལ་འཛུགས་པ། གསུམ་ནས་འགན་ལེན་ཁག་ལ་ཤུགས་སྣོན་རྒྱག་པ། བཞི་ནས་རིགས་དབྱེ་མཛུབ་ཁྲིད་ལ་ཤུགས་སྣོན་རྒྱག་པ་བཅས་རེད།
རྩོམ་སྒྲིག་པ། སངས་སྐྱབས།
智慧彩票投注 北京赛车怎么玩 北京两步彩APP 掌上彩票注册 海南4+1玩法 智慧彩票投注注册 海南4+1 北京赛车pk10赔率最高的平台 辽宁福彩网 海南4+1开奖