山东群英会选号技巧

“ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ། ཞི་ཅིན་ཕིང་དང་ཨར་པ་ནི་ཡའི་ཙུང་ཐུང་མའེ་ཐ་རྣམ་གཉིས་ཀྱིས་ཀྲུང་གོ་དང་ཨར་པ་ནི་ཡའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་70འཁོར་བར་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ། 《ཀྲུང་གོའི་བོད་ལྗོངས》དུས་དེབ་སྤེལ་ནས་ལོ་འཁོར་30ལོན་པ་དང་ཀྲུང་གོའི་བོད་ལྗོངས་དྲ་བ་བཙུགས་ནས་ལོ་འཁོར་20ལོན་པའི་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་འཚོགས་པ། ཆེད་མཁས་པས2020ལོའི་བོད་ཀྱི་ལོ་སར་དང་དཔྱིད་གསར་དུས་ཆེན་གཉིས་བར་ཟླ་གཅིག་ཡོད་པའི་གསང་བ་བརྟོལ་བ། ཞི་ཅིན་ཕིང་གིས་ཨ་རིའི་རྒྱལ་དོན་བློན་ཆེན་ཟུར་པ་ཅིས་ཤིན་ཀེ་དང་མཇལ་འཛོམས་གནང་བ། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > ཚ་ཤོས།

《ཀྲུང་གོའི་བོད་ལྗོངས》དུས་དེབ་སྤེལ་ནས་ལོ་འཁོར་30ལོན་པ་དང་ཀྲུང་གོའི་བོད་ལྗོངས་དྲ་བ་བཙུགས་ནས་ལོ་འཁོར་20ལོན་པའི་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་འཚོགས་པ།

སྤེལ་དུས 2019-11-24 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
          ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན།  ཟླ་11ཚེས་22ཉིན། 《ཀྲུང་གོའི་བོད་ལྗོངས》དུས་དེབ་སྤེལ་ནས་ལོ་འཁོར་30ལོན་པ་དང་ཀྲུང་གོའི་བོད་ལྗོངས་དྲ་བ་བཙུགས་ནས་ལོ་འཁོར་20ལོན་པའི་བཞུགས་མོལ་ཚོགས་འདུ་པེ་ཅིང་བོད་ལྗོངས་གསོལ་མགྲོན་ཁང་ནང་དུ་འཚོགས་པ་རེད།

བཞུགས་མོལ་ཚོགས་འདུའི་ཡུལ་དངོས།
          སྐབས་བཅུ་གཉིས་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཚོགས་ཀྱི་ཨུ་ཡོན་ཀྲང་གཞོན་པ་བྱམས་པ་ཕུན་ཚོགས་ཐེངས་འདིའི་བཞུགས་མོལ་ཚོགས་འདུར་ཕེབས་ནས་ཤིས་ཚིག་ཕུལ་བ་དང་། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་རྒྱུན་ལས་པུའུ་ཀྲང་གཞོན་པ་ཀྲང་དབྱི་ཅུང་བཞུགས་མོལ་ཚོགས་འདུར་ཕེབས་ནས་གསུང་བཤད་གནང་། སྐབས་བཅུ་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཚོགས་ཀྱི་ཨུ་ཡོན་ཀྲང་གཞོན་པ་རག་སྡིས་དང་། བོད་རང་སྐྱོང་ལྗོངས་ཏང་ཨུའི་ཧྲུའུ་ཅི་དང་པོ་ཟུར་པ་དབྱིན་ཧྥ་ཐང་གིས་ཤིས་ཚིག་བསྐུར་གནང་ཡོད་ལ། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་བློ་མཐུན་སྲི་ཐར་གྱིས་ཚོགས་འདུར་གཙོ་སྐྱོང་གནང་།  རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་མི་རིགས་ཨུ་ཡོན་ལྷན་ཚོགས་ཀྱི་ཀྲུའུ་རེན་གཞོན་པ་དོན་གྲུབ་དབང་འབུམ་དང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་དང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་མགོན་པོ་བཀྲ་ཤིས། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ཏང་ཙུའུ་ཧྲུའུ་ཅི་ཟུར་པ་ཀྲུའུ་ཞའོ་མིན། སི་ཁྲོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཟུར་པ་ནོར་བུ་རྒྱལ་མཚན་བཅས་བཞུགས་མོལ་ཚོགས་འདུར་ཞུགས་ཡོད།
          ཚོགས་ཐོག་ཏུ་ཀྲུང་གོའི་བོད་ལྗོངས་དུས་དེབ་ཁང་གི་འགོ་གཙོ་མགོན་པོས་དུས་དེབ་དང་དྲ་ཚིགས་ཀྱི་ལས་དོན་སྤེལ་ཚུལ་ངོ་སྤྲོད་གནང་ནས་བསྟན་དོན། འགོ་ཁྲིད་ཚོས་ཀྲུང་གོའི་བོད་ལྗོངས་དུས་དེབ་ཁང་གི་ལས་དོན་ལ་གདེང་འཇོག་གང་ལེགས་མཛད་ནས་རེ་བ་ནན་མོ་བཅོལ་བས།  སེམས་འགུལ་ཆེན་པོ་ཐེབས་ལ། ལས་འགན་ལྕི་ཞིང་གཟི་བརྗིད་ལྡན་པའི་ཚོར་སྣང་ཡང་བྱུང་། ཀྲུང་གོའི་བོད་ལྗོངས་དུས་དེབ་ཁང་གིས་ཀྲུང་དབྱང་གི་བླང་བྱ་དང་འགོ་ཁྲིད་ཀྱི་མཛུབ་སྟོན་དགོངས་དོན་གཞིར་བཟུང་ནས། གླེང་ཕྱོགས་ལ་ཡང་དག་པའི་སྟངས་འཛིན་ནན་མོ་བྱས་ཏེ། ཏང་གི་ལམ་ཕྱོགས་དང་བྱེད་ཕྱོགས། སྲིད་ཇུས། ཀྲུང་དབྱང་གི་ཐབས་ཇུས་གལ་ཆེན་བཅས་དྲིལ་བསྒྲགས་ཤུགས་ཆེན་བྱེད་པ་དང་། ཀུན་ལ་ཀྲུང་གོའི་གཏམ་རྒྱུད་ལས་བོད་ལྗོངས་ཀྱི་མཛེས་སྡུག་ལྡན་པའི་ལེའུ་ཡག་པོ་འཆད་པ་དང་། མུ་མཐུད་དུ་བོད་ལྗོངས་ཀྱི་དྲིལ་སྒྲོག་བྱ་གཞག་ཐད་སྔར་ལས་ལྷག་པའི་ལེགས་སྐྱེས་གསར་པ་འབུལ་ངེས་ཡིན་ཞེས་གསུངས།
          1989ལོའི་ཟླ་2ཚེས་15ཉིན། 《ཀྲུང་གོའི་བོད་ལྗོངས》དུས་དེབ(རྒྱ་ཡིག)དངོས་སུ་པར་སྐྲུན་འགྲེམས་སྤེལ་བྱས་ཤིང་། 2000ལོའི་ཟླ་5བར། ཀྲུང་གོའི་བོད་ལྗོངས་དྲ་བ་དངོས་སུ་བཙུགས་པ་རེད། 《ཀྲུང་གོའི་བོད་ལྗོངས》དུས་དེབ་ད་ལྟ་རྒྱ་ཇེ་ཆེར་སོང་ནས་རྒྱ་ཡིག་དང་བོད་ཡིག  དབྱིན་ཡིག་བཅས་སྐད་ཡིག་གསུམ་གྱི་ལམ་ནས་ཚོན་ལྡན་པར་འདེབས་ཀྱི་ཟླ་གཉིས་དུས་དེབ་ཏུ་འཕེལ་རྒྱས་བྱུང་ཡོད་པ་དང་། འཛམ་གླིང་གི་རྒྱལ་ཁབ་དང་ས་ཁུལ་100ལྷག་ལ་འགྲེམས་སྤེལ་མངོན་འགྱུར་བྱུང་ཡོད། ཀྲུང་གོའི་བོད་ལྗོངས་དྲ་བ་ནི་འཛམ་གླིང་ཧྲིལ་བོར་ཀློག་མཁན་ཆེས་མང་བ་དང་ཤུགས་རྐྱེན་ཆེས་ཆེ་བ། གསར་འགྱུར་སྤེལ་གཏོང་གི་དབང་གྲགས་ཆེས་ཆེ་བའི་བོད་དང་འབྲེལ་བའི་སྣ་འཛོམས་དྲ་ཚིགས་སུ་གྱུར་ཡོད་ལ། ད་ལྟ་རྒྱ་ཡིག་དང་བོད་ཡིག  ཧྥ་རན་སི།  འཇར་མན།  དབྱིན་ཇི་བཅས་སྐད་རིགས་ལྔ་ཡི་ལམ་ནས་བོད་དང་འབྲེལ་བའི་ཆབ་དཔལ་རིག་གསུམ་གྱི་གནས་ཚུལ་ཐམས་ཅད་ཀུན་གྱི་སྤྱན་ལམ་དུ་འདྲེན་བཞིན་ཡོད། 

《ཀྲུང་གོའི་བོད་ལྗོངས》དུས་དེབ་ཀྱི་ལོ་ངོ་30ཡི་ལེགས་རྩོམ་གཅེས་བཏུས་ཀྱི་དཔེ་ཚོགས་འགྲེམས་སྤེལ་མཛད་སྒོའི་ཡུལ་དངོས།

《ཀྲུང་གོའི་བོད་ལྗོངས་》དུས་དེབ་ཀྱི་ལོ་ངོ་30ཡི་ལེགས་རྩོམ་གཅེས་བཏུས་ཀྱི་དཔེ་ཚོགས།
          《ཀྲུང་གོའི་བོད་ལྗོངས》དུས་དེབ་ཀྱི་ལོ་ངོ་30ཡི་ལེགས་རྩོམ་གཅེས་བཏུས་ཀྱི་དཔེ་ཚོགས་འགྲེམས་སྤེལ་བྱེད་པའི་མཛད་སྒོ་སྤེལ། ཐེངས་འདིའི་ལེགས་རྩོམ་གཅེས་བཏུས་ལ་དེབ་9ཡོད་ལ། དེ་རུ་རྒྱ་ཡིག་གི་དེབ་5ཡོད་པ་སྟེ།《ལོ་རྒྱུས་རླབས་ཀྱི་ཟེགས་མ》དང་། 《མཚོ་བོད་མཐོ་སྒང་གི་སྣོད་བཅུད་རིག་གནས》(སྟོད་སྨད)《གངས་ལྗོངས་ཀྱི་མི་ཚེ》《བོད་ལྗོངས་ཀྱི་འཚོ་བ་གསར་པ》བཅས་དང་།  བོད་ཡིག་གི་དེབ་གཉིས་ཡོད་དེ།《མཐོ་སྒང་གི་དཔྱིད་དཔལ(སྟོད་ཆ། སྨད་ཆ)》 དེ་མིན་དབྱིན་ཡིག་གི་དེབ་གཉིས་ཡོད་པ་ནི།《མཚོ་བོད་མཐོ་སྒང་གི་མི》དང་《མཚོ་བོད་མཐོ་སྒང་གི་འཚོ་བ》ཞེས་པ་དེ་ཡིན། 

འགོ་ཁྲིད་ཀྱིས་བྱ་དགའ་ཐོབ་མཁན་ལ་གཟི་བརྗིད་མཚན་སྙན་དཔང་ཡིག་གནང་བ།

འགོ་ཁྲིད་ཀྱིས་བྱ་དགའ་ཐོབ་མཁན་ལ་གཟི་བརྗིད་མཚན་སྙན་དཔང་ཡིག་གནང་བ།
          བཞུགས་མོལ་ཚོགས་འདུའི་ཡུལ་དངོས་སུ། ཀྲུང་གོའི་བོད་ལྗོངས་དུས་དེབ་ཁང་གི་ལས་འཁྱུར་ངལ་གསོ་བྱས་ཟིན་པའི་འགོ་ཁྲིད་རྒན་གྲས་དང་། ཆེད་མཁས་པ་དང་མཁས་དབང་། ཕུལ་བྱུང་རྩོམ་པ་པོ་བཅས་ཚུད་པའི་བློ་མཐུན་10ལ་གཟི་བརྗིད་མཚན་སྙན་དཔང་ཡིག་གནང་ནས་ཁོ་ཚོས་དུས་དེབ་དང་དྲ་ཚིགས་ཀྱི་འཕེལ་རྒྱས་འཛུགས་སྐྲུན་ལ་ལེགས་སྐྱེས་གལ་ཆེན་ཕུལ་བར་ཐུགས་རྗེ་ཆེ་ཞུས་པ་རེད།
          ཐེངས་འདིའི་བཞུགས་མོལ་ཚོགས་འདུའི་སྟེང་ཀྲུང་དབྱང་དྲིལ་སྒྲོག་པུའུ་དང་ཀྲུང་དབྱང་དྲ་འཕྲིན་གཞུང་དོན་ཁང་། ཕྱི་འབྲེལ་པུའུ། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་། མི་དམངས་ཉིན་རེའི་ཚགས་པར། ཤིན་ཧྭ་གསར་འགྱུར། ཀྲུང་དབྱང་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས། ཀྲུང་གོ་གསར་འགྱུར་དྲ་བ། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས། ཀྲུང་གོ་བོད་རྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་སོགས་ལས་ཁུངས་ཀྱི་འབྲེལ་ཡོད་བློ་མཐུན་དང་། བོད་ལྗོངས་དང་ཞིང་ཆེན་བཞིའི་བོད་ཁུལ་གྱི་འབྲེལ་ཡོད་སྡེ་ཁག་གི་འགན་འཛིན་བློ་མཐུན་དང་། ཀྲུང་དབྱང་མི་རིགས་སློབ་ཆེན་དང་། ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ། རྒྱལ་ཁབ་མི་རིགས་སྐད་ཡིག་ཡིག་བསྒྱུར་ཅུས་སོགས་ལས་ཁུངས་ཀྱི་ཆེད་མཁས་པ་དང་མཁས་དབང་། དེ་མིན་བོད་ལྗོངས་དང་ཞིང་ཆེན་བཞིའི་བོད་ཁུལ་ནས་ཡོང་བའི་ཕུལ་བྱུང་རྩོམ་པ་པོ། འཕྲིན་གཏོང་པའི་འཐུས་མི་དང་སྨྱན་སྦྱོར་གསར་འགོད་པ་བཅས་ཁྱོན་མི་བརྒྱ་ཕྲག་ལྷག་ཙམ་བཞུགས་མོལ་ཚོགས་འདུར་ཞུགས་ཡོད།
རྩོམ་སྒྲིག་པ། རིག་གྲོལ། 
澳门开元网站 电竞竞猜 波克棋牌 电竞竞猜 澳门开元网站