山东群英会选号技巧

བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། 山东群英会选号技巧“པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ། ཞི་ཅིན་ཕིང་དང་ཨར་པ་ནི་ཡའི་ཙུང་ཐུང་མའེ་ཐ་རྣམ་གཉིས་ཀྱིས་ཀྲུང་གོ་དང་ཨར་པ་ནི་ཡའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་70འཁོར་བར་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ། 山东群英会选号技巧《ཀྲུང་གོའི་བོད་ལྗོངས》དུས་དེབ་སྤེལ་ནས་ལོ་འཁོར་30ལོན་པ་དང་ཀྲུང་གོའི་བོད་ལྗོངས་དྲ་བ་བཙུགས་ནས་ལོ་འཁོར་20ལོན་པའི་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་འཚོགས་པ། ཆེད་མཁས་པས2020ལོའི་བོད་ཀྱི་ལོ་སར་དང་དཔྱིད་གསར་དུས་ཆེན་གཉིས་བར་ཟླ་གཅིག་ཡོད་པའི་གསང་བ་བརྟོལ་བ། ཞི་ཅིན་ཕིང་གིས་ཨ་རིའི་རྒྱལ་དོན་བློན་ཆེན་ཟུར་པ་ཅིས་ཤིན་ཀེ་དང་མཇལ་འཛོམས་གནང་བ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > ཚ་ཤོས།

བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ།

སྤེལ་དུས 2020-01-16 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།
          སྤྱི་ལོ་2020ལོའི་ཟླ་1པོའི་ཚེས་16ཉིན་དཔེ་སྐྲུན་བྱས་པའི་བདེན་འཚོལ་དུས་དེབ་འདོན་ཐེངས་གཉིས་པའི་ཐོག་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྤྱི་ལོ་2013ལོའི་ཟླ་12པའི་ཚེས་3ཉིན་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་མཉམ་སྡེབ་སློབ་སྦྱོང་ཐེངས་བཅུ་གཅིག་པའི་ཐོག་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་བྱས་ཏེ་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་ཟམ་མི་ཆད་པར་གཏོད་དགོས་ཞེས་པ་སྤེལ་ཡོད་པ་རེད།
          གསུང་བཤད་ནང་། རང་རེའི་ཏང་དབུ་བརྙེས་པ་ནས་བཟུང་བསམ་བློའི་ཐོག་ཏང་འཛུགས་སྐྱོང་བྱ་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད་པ་དང་། དེའི་ནང་ནས་གལ་འགངས་ཆེ་ཤོས་ཞིག་ནི་མར་ཁེ་སི་རིང་ལུགས་ཀྱི་མཚན་ཉིད་རིག་པར་བརྟེན་ནས་ཏང་ཡོངས་ལ་སློབ་གསོ་དང་དྲག་ཆས་སྤྲོས་རྒྱུ་རྒྱུན་འཁྱོངས་བྱེད་པ་དེ་ཡིན།  ལོ་རྒྱུས་དངོས་གཙོ་རིང་ལུགས་འདི་ཉིད་མར་ཁེ་སི་རིང་ལུགས་ཀྱི་མཚན་ཉིད་རིག་པའི་གྲུབ་ཆ་གལ་ཆེན་ཞིག་ཡིན་པའི་ངོས་ནས་མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆོས་ཉིད་དང་འབྲེལ་བའི་ཚན་རིག་ཞིག་ཡིན། ལོ་རྒྱུས་ཀྱི་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་བྱས་ཚེ་ང་ཚོས་གཞི་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཆོས་ཉིད་ལ་ངོས་འཛིན་བྱེད་ཚད་ཟམ་མི་ཆད་པར་ཆུ་ཚད་གསར་པ་ཞིག་ཏུ་སླེབས་རྒྱུ་དང་། དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་ཟམ་མི་ཆད་པར་གཏོད་ཐུབ། ཏང་ཡོངས་ཀྱིས་ལོ་རྒྱུས་དངོས་གཙོ་རིང་ལུགས་ཀྱི་གཞི་རྩའི་རྩ་བའི་རིག་པ་དང་བརྟག་ཐབས་སྨྲ་བ་ཁོང་དུ་ཆུད་པར་སྐུལ་འདེད་གཏོང་བ་དང་། རྒྱལ་ཚུལ་ལ་ངོས་འཛིན་སྔར་ལས་ལྷག་པ་བྱེད་པ། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་གི་འཕེལ་ཕྱོགས་ཆེན་པོར་ངོས་འཛིན་གང་ལེགས་བྱེད་པ། ལོ་རྒྱུས་གོང་འཕེལ་གྱི་ཆོས་ཉིད་ལ་ངོས་འཛིན་སྔར་ལས་ལྷག་པ་བྱེད་པ། ལས་དོན་ཁག་རང་སྟོབས་སྔར་ལས་ཆེ་བའི་སྒོ་ནས་སྐུལ་འདེད་གཏོང་བ་བཅས་བྱ་དགོས་ཞེས་ནན་སྟོན་གནང་ཡོད། གསུང་བཤད་ནང་། སྤྱི་ཚོགས་ཀྱི་གཞི་རྩའི་འགལ་ཟླར་དབྱེ་ཞིབ་བྱེད་ཐབས་སློབ་སྦྱོང་དང་ཁོང་དུ་ཆུད་པ་བྱས་ནས། ཁྱོན་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་གལ་ཆེའི་རང་བཞིན་དང་ཁ་ཚ་དགོས་གཏུགས་རང་བཞིན་ལ་གོ་བ་གཏིང་ཟབ་ལེན་དགོས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་གོང་འཕེལ་གཏོང་བར་ངེས་པར་དུ་སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་འགྲོ་བ་དང་འཚམ་པར་བྱས་ཏེ། ཐོན་སྐྱེད་ཀྱི་འབྲེལ་བ་ལེགས་སྒྲིག་དང་དཔལ་འབྱོར་གྱི་རྨང་གཞི་འཕེལ་རྒྱས་འགྲོ་བ་དང་འཚམ་པར་བྱས་ནས་སྟེང་གི་བཀོད་པའི་ཁྱབ་ཁོངས་ངེས་པར་དུ་འཐུས་སྒོ་ཚང་དུ་གཏོང་དགོས། ང་ཚོས་ཁྱོན་ཡོངས་ནས་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་དགོས་ཞེས་བཏོན་པ་ནི་རང་རྒྱལ་སྤྱི་ཚོགས་ཀྱི་གཞི་རྩའི་འགལ་ཟླའི་འགུལ་སྐྱོད་ཀྱི་འགྱུར་ལྡོག་དང་བསྟུན་ནས་སྤྱི་ཚོགས་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་དེ་ཡིན། བསྒྱུར་བཅོས་སྒོ་དབྱེར་སྒྲུབ་བཞིན་པ་ལས་དོན་བསྒྲུབ་ཚར་བའི་དུས་ཞིག་མེད། དེ་ནི་ལོ་རྒྱུས་དངོས་གཙོ་རིང་ལུགས་ཀྱི་རྣམ་པ་ཡིན་ཞེས་བསྟན་ཡོད།
          གསུང་བཤད་ནང་། དངོས་པོའི་ཐོན་སྐྱེད་ནི་སྤྱི་ཚོགས་འཚོ་བའི་རྨང་གཞིའི་ལྟ་བ་ཡིན་པ་ཁོང་དུ་ཆུད་པ་བྱེད་པ་དང་། ཁྱོན་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་བྱེད་པའི་འབྲེལ་བ་གལ་ཆེན་ཁོང་དུ་ཡང་དག་ཆུད་པ་བྱེད་དགོས། ང་ཚོས་ཁྱོན་ཡོངས་ནས་བསྒྱུར་བཅོས་གཏིང་ཟབ་བྱ་རྒྱུའི་ཇུས་གཞི་བཏོན་ཡོད། དེའི་རྒྱུ་མཚན་ནི་ང་ཚོར་འཕྲད་པའི་མངོན་གསལ་དོད་པའི་འགལ་ཟླ་དང་གནད་དོན་ཐག་གཅོད་བྱེད་པར་ཁྱབ་ཁོངས་རྐྱང་པ་དང་བང་རིམ་རྐྱང་པའི་བསྒྱུར་བཅོས་ཁོ་ནར་བརྟེན་ན་ཕན་འབྲས་ཐོན་དཀའ་བས། ངེས་པར་དུ་རྩེ་རིམ་ཇུས་འགོད་དང་སྤྱི་ཡོངས་ཇུས་འགོད་ལ་ཤུགས་སྣོན་བརྒྱབ་ནས། བསྒྱུར་བཅོས་ཁག་གི་འབྲེལ་མཐུད་རང་བཞིན་དང་མ་ལག་རང་བཞིན། མཐུན་སྦྱོར་རང་བཞིན་བཅས་ཆེ་རུ་གཏོང་དགོས་པའི་རྐྱེན་གྱིས་རེད། དུས་མཚུངས་སུ་གོང་འཕེལ་ཞེས་པའི་ལས་འགན་གལ་ཆེན་ཨང་དང་པོ་འདིར་དམ་པོར་གཞིགས་ནས་ཕྱོགས་གང་ས་ཅི་ཐད་ཀྱི་བསྒྱུར་བཅོས་བཀོད་སྒྲིག་དང་། སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་བཅིངས་འགྲོལ་དང་འཕེལ་རྒྱས་གཏོང་བར་བརྟེན་ནས་བསྒྱུར་བཅོས་ལ་འཐེན་ཤུགས་ཆེན་པོ་མཁོ་འདོན་བྱས་ཚེ། གཞི་ནས་ཐོན་སྐྱེད་འབྲེལ་བ་དང་ཐོན་སྐྱེད་ནུས་ཤུགས་བར་དང་། སྟེང་གི་བཀོད་པ་དང་དཔལ་འབྱོར་རྨང་གཞིའི་བར་ཕན་ཚུན་འཚམ་མཐུན་ཡོང་བར་སྐུལ་འདེད་སྔར་ལས་ལྷག་པ་གཏོང་ཐུབ་ཅེས་བསྟན་ཡོད།
          གསུང་བཤད་ནང་། མི་དམངས་མང་ཚོགས་ནི་ལོ་རྒྱུས་གསར་གཏོད་བྱེད་མཁན་ཡིན་པའི་ལྟ་བ་སློབ་སྦྱོང་དང་ཁོང་དུ་ཆུད་པ་བྱས་ཏེ་མི་དམངས་ལ་དམ་པོར་བརྟེན་ནས་སྒྱུར་བཅོས་ལ་སྐུལ་འདེད་གཏོང་དགོས། རྒྱ་ཆེའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་མངོན་འགྱུར་ཡག་པོ་དང་སྲུང་སྐྱོང་ཡག་པོ། འཕེལ་རྒྱས་ཡག་པོ་བཅས་འགྲོ་བ་རྒྱུན་འཁྱོངས་བྱ་རྒྱུ་དེ་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བའི་འགོ་འཛུགས་ས་དང་མཇུག་བསྡུ་སར་བརྩིས་ནས། གོང་འཕེལ་གྱི་གྲུབ་འབྲས་ཀྱིས་མི་དམངས་ཡོངས་ལ་ཕན་པ་སྔར་ལས་ལྷག་པ་ཐོབ་པ་བྱེད་དགོས། མི་དམངས་ཀྱི་ཆེད་དུ་བསྒྱུར་བཅོས་བྱས་ཚེ་སྒྱུར་བཅོས་ལ་གཞི་ནས་དོན་སྙིང་ལྡན་པ་དང་། མི་དམངས་ལ་བརྟེན་ནས་བསྒྱུར་བཅོས་བྱས་ཚེ་སྒྱུར་བཅོས་ལ་གཞི་ནས་སྒུལ་ཤུགས་ཡོད་ཅེས་བསྟན་ཡོད་པ་རེད།
རྩོམ་སྒྲིག་པ།སྣང་རྡོར།
皇马电竞app 皇马电竞app 极品斗地主 彩库宝典app 彩库宝典app