山东群英会选号技巧

དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > གསར་འགྱུར་གལ་ཆེན།

《བདེན་འཚོལ》དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་རྩོམ་གལ་ཆེན་བཀོད་པ།

སྤེལ་དུས 2020-04-17 ཡོང་ཁུངས། མི་དམངས་ཉིན་ཚགས། རྩོམ་པ་པོ།
མཐུན་སྒྲིལ་མཉམ་ལས་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རིམས་ནད་ལས་རྣམ་པར་རྒྱལ་བའི་ནུས་པ་ཆེ་ཤོས་ཀྱི་གོ་མཚོན་ཞིག་ཡིན།
          ཟླ་4ཚེས་16ཉིན་དཔེ་སྐྲུན་བྱས་པའི《བདེན་འཚོལ》དུས་དེབ་འདོན་ཐེངས་བརྒྱད་པའི་ཐོག་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གི་གསུང་རྩོམ་གལ་ཆེན《མཐུན་སྒྲིལ་མཉམ་ལས་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རིམས་ནད་ལས་རྣམ་པར་རྒྱལ་བའི་ནུས་པ་ཆེ་ཤོས་ཀྱི་གོ་མཚོན་ཞིག་ཡིན》ཞེས་པ་བཀོད་ཡོད་པ་རེད།
          གསུང་རྩོམ་ནང་ནན་བཤད་གནང་དོན། མིའི་རིགས་ནི་ལས་དབང་གཅིག་མཐུན་འདུས་གྲུབ་ཅིག་ཡིན། རྒྱལ་ཁབ་ཁག་གི་མི་དམངས་ཀྱི་བདེ་སྡུག་དང་འབྲེལ་བ་ཡོད་པའི་རིམས་ནད་ལས་རྣམ་པར་རྒྱལ་བ་བྱེད་པར་མཐུན་སྒྲིལ་མཉམ་ལས་ནི་ནུས་པ་ཆེ་ཤོས་ཀྱི་གོ་མཚོན་ཞིག་རེད། དེང་སྐབས་ཏོག་གསར་གློ་ཚད་ཀྱི་རིམས་ནད་གོ་ལ་ཧྲིལ་པོར་མཆེད་བཞིན་ཡོད་པ་དེས་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ལ་ཉེན་ཁ་ཆེན་པོ་བཟོས་པ་དང་གོ་ལ་ཧྲིལ་པོའི་སྤྱི་པའི་འཕྲོད་བསྟེན་བདེ་འཇགས་ལ་འགྲན་སློང་ཆེན་པོ་འཕྲད་ཡོད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཡིད་ཆེས་བརྟན་པོ་དང་། ཕྱར་བ་གྲུ་འདེགས། མཐུན་སྒྲིལ་ངང་ཁ་གཏད་གཅོག་པ་བཅས་བྱས་ཏེ་རྒྱལ་སྤྱིའི་མཉམ་ལས་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པ་དང་མིའི་རིགས་དང་འགོ་ནད་ཚབས་ཆེན་དེའི་དབར་གྱི་འཐབ་རྩོད་ལ་ལག་གདང་སྦྲེལ་ནས་རྒྱལ་ཁ་ལེན་རྒྱུ་ནི་ཁ་ཚ་དགོས་གཏུགས་ངང་སྒྲུབ་དགོས་པ་ཞིག་རེད། ང་ཚོས་ཕྱར་བ་གྲུ་འདེགས་དང་ལྟ་རེས་སྐྱོང་རེས་བྱས་ཚེ་རིམས་ནད་ལས་རྦད་དེ་རྣམ་པར་རྒྱལ་ནས་མིའི་རིགས་འཕེལ་རྒྱས་ཀྱི་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་བསུ་ཐུབ་ངེས་རེད།
          གསུང་རྩོམ་ནང་བསྟན་གནང་དོན། ནད་དུག་ལ་རྒྱལ་མཚམས་མེད་པ་དང་རིམས་ནད་ཀྱིས་རིགས་རྒྱུད་དབྱེ་བ་འབྱེད་མི་སྲིད། རྒྱལ་ཁབ་གང་རུང་ཞིག་གིས་ཀྱང་དེར་ཁ་ཡ་མི་བྱེད་པ་དང་ཐབས་མཁས་རང་སྲུང་བྱེད་མི་རུང་། མིའི་རིགས་ཡོངས་ཀྱིས་ཐུན་མོང་ཐོག་འབད་བརྩོན་བྱས་ཚེ་གཞི་ནས་རྒྱལ་ཁ་ཐོབ་ཐུབ། དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་གྱི་དུས་རབས་སུ་ཐོལ་བྱུང་དོན་རྐྱེན་དེ་རིགས་ནི་ཐོན་མཇུག་ཤོས་དེ་མིན་པར་སྲོལ་རྒྱུན་གྱི་བདེ་འཇགས་དང་སྲོལ་རྒྱུན་མིན་པའི་བདེ་འཇགས་གནད་དོན་ད་དུང་ཟམ་མི་ཆད་པར་ཐོན་ནས་ཚོད་བགམ་གསར་པ་འཕྲད་སྲིད། གོ་ལ་ཧྲིལ་པོའི་སྤྱི་པའི་འཕྲོད་བསྟེན་གྱི་ཉམས་ཉེན་དེར་ཁ་གཏད་གཅོག་རིང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་བསྐྲུན་པའི་དགོས་གཏུགས་རང་བཞིན་དང་གལ་ཆེའི་རང་བཞིན་དེ་བས་མངོན་གསལ་དོད་པོ་ཡོད། མཐུན་སྒྲིལ་མཉམ་ལས་དང་ལག་གདང་སྦྲེལ་ནས་ཁ་གཏད་བཅག་ཚེ་གཞི་ནས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རིམས་ནད་ལས་རྣམ་པར་རྒྱལ་ནས་མིའི་རིགས་ཀྱི་ཐུན་མོང་གི་ཁྱིམ་གཞིས་སྲུང་སྐྱོང་བྱེད་ཐུབ།
          གསུང་རྩོམ་ནང་བསྟན་གནང་དོན། ཀྲུང་གོས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་རྒྱུན་འཁྱོངས་བྱེད་པ་དང་ཀྲུང་གོ་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་ཡོངས་བསྒྲགས་དང་། ཁ་གསལ་གཏིང་གསལ། འགན་འཁུར་བའི་རྣམ་འགྱུར་བཅས་ལ་བརྟེན་ནས་དུས་ཐོག་ཏུ་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་དང་དེ་བཞིན་འབྲེལ་ཡོད་རྒྱལ་ཁབ་དང་ས་ཁུལ་ལ་རིམས་ནད་ཀྱི་ཆ་འཕྲིན་བརྡ་ཁྱབ་བཏང་བ་དང་འཕྲལ་མ་ཉིད་དུ་ནད་དུག་གི་གཞི་རྒྱུའི་རིམ་པ་སོགས་ཀྱི་ཆ་འཕྲིན་ཡོངས་བསྒྲགས་བྱས་ཏེ་སྦ་གསང་སྤུ་ཙམ་ཡང་མེད་པའི་སྒོ་ནས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་དང་རྒྱལ་སྤྱིའི་སྤྱི་ཚོགས་ལ་སྔོན་འགོག་དང་ཚོད་འཛིན་དང་སྨན་བཅོས་ཉམས་མྱོང་མཉམ་སྤྱོད་བྱས་ཏེ་རིམས་འགོག་གི་རྒྱལ་སྤྱིའི་མཉམ་ལས་ཧུར་ཐག་སྤེལ་བ་དང་ལག་གདང་སྦྲེལ་ནས་ཐུན་མོང་གི་ཉེན་ཁ་དང་འགྲན་སློང་ལ་ཁ་གཏད་བཅག་པ་དང་ཀྲུང་གོ་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་པའི་ཐོག་འཛམ་གླིང་རྒྱལ་ཁབ་ཁག་གི་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ལ་ཡང་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ཡོད།
          གསུང་རྩོམ་ནང་བསྟན་གནང་དོན། དཀའ་ཉེན་གྱི་དུས་སུ་བརྩེ་སེམས་ཟབ་མོ་མངོན་ཐུབ་ཅིང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ང་ཚོར་བསམ་ཤེས་དང་རྒྱབ་སྐྱོར་ཆེན་པོ་བྱས་པར་ཀྲུང་གོ་ཕྱོགས་ཀྱིས་བསྔགས་བརྗོད་བྱ་རྒྱུ་ཡིན། ཀྲུང་གོར་དཀའ་ངལ་ཆེ་ཤོས་འཕྲད་སྐབས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཁོངས་མི་མང་པོས་ཀྲུང་གོར་ལྷག་བསམ་རྣམ་དག་གིས་རོགས་རམ་དང་རྒྱབ་སྐྱོར་བྱས་པས་ང་ཚོས་ཐོག་མཐའ་བར་གསུམ་དུ་སེམས་ལ་བརྟན་པོ་ངེས་རྒྱུ་མ་ཟད་མཛའ་གྲོགས་དེར་གཅེས་སྤྲས་བྱ་རྒྱུ་ཡིན། ཀྲུང་ཧྭ་མི་རིགས་ནི་དྲིན་ཚོར་ཐུབ་མཁན་དང་བཟང་ལན་བཟང་འཇལ་བྱེད་མཁན་མི་རིགས་ཤིག་ཡིན་ཞིང་། ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ནུས་པས་ལྕོགས་ཚོད་ཀྱི་ཁྱབ་ཁོངས་ནང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་རིམས་འགོག་ཐད་རྒྱབ་སྐྱོར་བྱས་ཏེ་གོ་ལ་ཧྲིལ་པོའི་སྤྱི་པའི་འཕྲོད་བསྟེན་བདེ་འཇགས་ཐུན་མོང་ཐོག་སྲུང་སྐྱོང་བྱེད་བཞིན་ཡོད།
          གསུང་རྩོམ་ནང་བསྟན་གནང་དོན། སྤྱི་པའི་འཕྲོད་བསྟེན་བདེ་འཇགས་ནི་མིའི་རིགས་ལ་འཕྲད་པའི་ཐུན་མོང་གི་འགྲན་སློང་ཞིག་ཡིན་པ་དང་འགོ་ནད་རང་བཞིན་གྱི་ནད་ཡམས་ཚབས་ཆེན་དེ་ནི་མིའི་རིགས་ཡོངས་ཀྱི་དགྲ་བོ་ཡིན་པས་རྒྱལ་ཁབ་ཁག་གིས་ལག་གདང་སྦྲེལ་ནས་ཁ་གཏད་བཅག་སྟེ་རྒྱལ་སྤྱིའི་མཉམ་ལས་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་ཐོག་རིམས་ནད་ལས་རྣམ་པར་རྒྱལ་བའི་མཉམ་ཤུགས་ཆེན་པོ་གཅིག་སྡུད་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་དང་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་ས་ཁུལ་དང་གོ་ལ་ཧྲིལ་པོའི་སྤྱི་པའི་འཕྲོད་བསྟེན་བདེ་འཇགས་ཐུན་མོང་ཐོག་སྲུང་སྐྱོང་ཡག་པོ་བྱེད་འདོད་ཡོད། དང་པོ། ཏོག་གསར་གློ་ཚད་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་པའི་གོ་ལ་ཧྲིལ་པོའི་འགོག་རྒོལ་དམག་འཐབ་མཐའ་གཅིག་ཏུ་ཡག་པོ་རྒྱག་དགོས་པ་དང་། གཉིས་པ། རྒྱལ་སྤྱིའི་དབར་མཉམ་དུ་སྔོན་འགོག་དང་ཚོད་འཛིན་ནུས་ལྡན་བྱེད་དགོས་པ། གསུམ་པ། རྒྱལ་སྤྱིའི་རྩ་འཛུགས་ཀྱིས་ནུས་པ་འདོན་རྒྱུར་རྒྱབ་སྐྱོར་ཧུར་ཐག་བྱེད་དགོས་པ། བཞི་པ། རྒྱལ་སྤྱིའི་སྤྱི་ཁོག་དཔལ་འབྱོར་སྲིད་ཇུས་མཐུན་སྦྱོར་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས་པ་བཅས་རེད།
          གསུང་རྩོམ་ནང་བསྟན་གནང་དོན། ཀྲུང་གོས་དུས་ཐོག་ཏུ་འཕྲལ་ཐག་ཆོད་པའི་བྱེད་ཐབས་ནུས་ལྡན་སྤྱད་དེ་རིམས་ནད་འགོག་རྒོལ་བྱེད་པར་བློས་གཏོང་ཆེན་པོ་བྱས་ཡོད། ཀྲུང་གོ་མི་དམངས་ཀྱིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་རིང་ཀྲུང་གོའི་སྟོབས་ཤུགས་དང་། ཀྲུང་གོའི་སྙིང་སྟོབས། ཀྲུང་གོའི་ལས་ཕྱོད་བཅས་མངོན་པར་བྱས་པས་ཀྲུང་གོའི་འགན་འཁུར་བའི་རྒྱལ་ཁབ་ཆེ་མོའི་གཟུགས་བརྙན་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་བསྔགས་བརྗོད་ཆེན་པོ་ཐོབ་ཡོད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྲུང་གོས་ཕྱོགས་ཡོངས་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་ནུས་ལྡན་བྱེད་པ་དང་དུས་མཚུངས་རང་འགུལ་ངང་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་དང་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་ལས་དང་ཆ་འཕྲིན་སྤེལ་རེས་ཧུར་ཐག་བྱས་ཏེ་ནད་དུག་གི་གཞི་རྒྱུ་ཧྲིལ་པོའི་རིམ་པ་མགྱོགས་མྱུར་མཉམ་སྤྱོད་བྱས་པ་དང་། མགྱོགས་མྱུར་ཞིབ་དཔྱད་ཚད་ལེན་ཐུབ་པའི་ཚོད་ལྟའི་སྨན་རྫས་སྒམ་ཞིབ་བཟོ་བྱས་པ་དེ་ནི་ཀྲུང་གོ་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ལ་འགན་ཁུར་བ་ཞིག་ཡིན་པ་མ་ཟད་འཛམ་གླིང་གི་སྤྱི་པའི་འཕྲོད་བསྟེན་བྱ་གཞག་ལ་ལེགས་སྐྱེས་ཕུལ་བ་ཞིག་ཀྱང་ཡིན་པའི་ངོས་འཛིན་ཡོངས་ཁྱབ་ངང་བྱས་ཡོད།
རྩོམ་སྒྲིག་པ། རྡོ་རྗེ།
AG体育 波克棋牌 申博体育 电竞竞猜 彩库宝典app