山东群英会选号技巧

山东群英会选号技巧དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 山东群英会选号技巧2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
山东群英会选号技巧ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > གསར་འགྱུར་གལ་ཆེན།

ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་གྲོས་ཚོགས་གལ་ཆེན་ཞིག་གཙོ་སྐྱོང་གནང་བ།

སྤེལ་དུས 2020-04-28 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།
          ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ཨུ་ལྷན་གྱི་ཚོགས་འདུ་ཐེངས་བཅུ་གསུམ་པ་གཙོ་སྐྱོང་གནང་ནས། སྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས་ལམ་ལུགས་འཐུས་ཚང་དང་བཅོས་སྐྱོང་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས་པ་དང་། ལམ་ལུགས་ཀྱི་བཟང་ཆ་སྤྱད་ནས་ཉེན་ཁ་དང་འགྲན་རྩོད། ཕོག་ཐུག་བཅས་ལ་ཁ་གཏད་གཅོག་མཁས་པོ་བྱེད་དགོས་པའི་ནན་སྟོན་གནང་བ་དང་། ལི་ཁེ་ཆང་དང་ཝང་ཧུའུ་ཉིང་། ཧན་ཀྲེང་བཅས་ཚོགས་འདུར་ཞུགས་པ།
          སྤྱི་ཟླ་4པའི་ཚེས་27ཉིན་གྱི་ཕྱི་དྲོ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི། ཀྲུང་དབྱང་གི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ཨུ་ལྷན་གྱི་ཀྲུའུ་རེན་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ཨུ་ལྷན་གྱི་ཚོགས་འདུ་ཐེངས་བཅུ་གསུམ་པ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ་རེད། ཁོང་གིས། རང་རྒྱལ་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་དང་ལས་འགོ་བསྐྱར་ཚུགས་དང་ཐོན་སྐྱེད་སླར་གསོར་སྐུལ་འདེད་ནུས་ལྡན་གཏོང་ཐུབ་པའི་རྩ་བའི་རྒྱུ་རྐྱེན་ནི་ཏང་གི་འགོ་ཁྲིད་དང་རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་བཟང་ཆས་འགྲན་ཟླ་བྲལ་བའི་ནུས་པ་གལ་ཆེན་ཐོན་པས་རེད།
          འཕེལ་རྒྱས་ཀྱི་ཁོར་ཡུག་ཇི་ཙམ་ཛ་དྲག་ཅིང་རྙོག་རྫིང་ཆེ་ན་དེ་ཙམ་གྱིས་བློ་བརྟན་འགྱུར་མེད་ངང་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་། ཕྱོགས་ཁག་གི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ། བཅོས་སྐྱོང་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། ལམ་ལུགས་འཛུགས་སྐྱོང་དང་བཅོས་སྐྱོང་གི་ཕན་ནུས་དེ་བས་ལེགས་པའི་སྒོ་ནས་བརྗེ་སྒྱུར་དང་མཉམ་འདྲེས་ཐུབ་རྒྱུར་སྐུལ་འདེད་གཏོང་བ། ལམ་ལུགས་ཀྱི་བཟང་ཆ་སྤྱད་ནས་ཉེན་ཁ་དང་འགྲན་རྩོད། ཕོག་ཐུག་བཅས་ལ་ཁ་གཏད་གཅོག་མཁས་པོ་བཅས་བྱེད་དགོས་ཞེས་ནན་སྟོན་གནང་ཡོད་པ་རེད།
          ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་གི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ལི་ཁེ་ཆང་དང་། ཝང་ཧུའུ་ཉིང་། ཧན་ཀྲེང་བཅས་ཚོགས་འདུར་ཞུགས་ཡོད་པ་རེད།
          ཚོགས་འདུའི་ཐོག སྤྱི་པའི་འཕྲོད་བསྟེན་གྱི་འཕྲལ་སྒྲུབ་དངོས་ཟོག་འགན་སྲུང་མ་ལག་འཐུས་སྒོ་ཚང་དུ་གཏོང་རྒྱུའི་སྐོར་གྱི་ལག་བསྟར་ཇུས་གཞི་དང་། སྨན་བཅོས་འགན་ལེན་ཐེབས་རྩའི་ལྟ་སྐུལ་དོ་དམ་ལམ་ལུགས་མ་ལག་སྒྱུར་བཅོས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར། ལས་གཏོད་མ་ལག་སྒྱུར་བཅོས་དང་ཚོད་ལྟའི་ཐོ་འགོད་ལམ་ལུགས་ཀྱི་སྤྱིའི་ལག་བསྟར་ཇུས་གཞི། རྒྱལ་ཡོངས་ཀྱི་གཙོ་གནད་སྐྱེ་ཁམས་མ་ལག་སྲུང་སྐྱོང་དང་སླར་གསོའི་ལས་གཞི་གལ་ཆེན་གྱི་(སྤྱི་ལོ་2021ལོ་ནས་2035ལོ་བར་གྱི་)སྤྱིའི་འཆར་འགོད། ལུས་རྩལ་དང་སློབ་གསོ་མཉམ་འདྲེས་གང་ལེགས་བྱས་ནས་གཞོན་ནུ་ལོ་ཆུང་སྐྱོན་བྲལ་ངང་འཚར་ལོངས་ཡོང་རྒྱུར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་སྒྱུར་བཅོས་བྱེད་ཐབས་གལ་ཆེན་གྱི་(སྤྱི་ལོ་2020ལོ་ནས་2021ལོ་བར)ལག་བསྟར་འཆར་འགོད་བཅས་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་ཡོད་པ་རེད།
          ཚོགས་འདུའི་ཐོག་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་ཚུན་ཚན་རྩལ་སྒྲིག་སྲོལ་སྒྱུར་བཅོས་ཀྱི་འཕེལ་རིམ་གནས་ཚུལ་དང་གོམ་སྟབས་རྗེས་མའི་སྒྱུར་བཅོས་བསམ་ཕྱོགས་ཀྱི་སྙན་ཞུ་གསན་ཡོད་པ་རེད།
          ཚོགས་འདུའི་ཐོག རིམས་ནད་སྔོན་འགོག་ཚོད་འཛིན་གྱི་མི་དམངས་དམག་འཁྲུག་དང་། སྤྱི་ཡོངས་དམག་འཐབ། འགོག་རྒོལ་དམག་འཐབ་བཅས་ལ་རྒྱལ་ཁ་ཐོབ་པར་སྨན་བཅོས་དངོས་ཟོག་འགན་ལེན་བྱ་རྒྱུ་ནི་རྨང་གཞིའི་འདེགས་སྐྱོར་གལ་ཆེན་ཞིག་ཡིན། ཐེངས་འདིའི་ཏོག་གསར་གློ་ཚད་ཀྱི་རིམས་ནད་འགོག་བཅོས་བྱེད་སྐབས། ཏང་ཀྲུང་དབྱང་གི་འགོ་ཁྲིད་འོག འབྲེལ་ཡོད་སྡེ་ཚན་གྱིས་མཐུན་སྦྱོར་གཞོགས་འདེགས་དང་བྱ་ཐབས་སྣ་མང་མཉམ་དུ་སྤྱད་དེ། ཁེ་ལས་མགྱོགས་མྱུར་སྒྲིག་འཛུགས་བྱས་ཏེ་ལས་འགོ་བསྐྱར་ཚུགས་ཀྱིས་ཐོན་སྐྱེད་ཐུབ་པ་བྱེད་པ་དང་། བྱེད་ཐབས་སྣ་མང་སྤྱད་དེ་ཐོན་ནུས་ཆེ་རུ་གཏོང་བ་དང་ཐོན་ཚད་མང་དུ་གཏོང་བ། རྒྱལ་ཁབ་ཀྱིས་གཅིག་གྱུར་བཀོད་གཏོང་བྱེད་པ། ཤར་གཏོང་ལམ་བུ་བསྐྲུན་པ་བཅས་བྱས་ནས། གཙོ་གནད་ས་ཁུལ་གྱི་སྨན་བཅོས་དངོས་རྫས་མཁོ་སྤྲོད་འགན་ལེན་བྱས་ཡོད། སྤྱི་པའི་འཕྲོད་བསྟེན་གྱི་འཕྲལ་སྒྲུབ་དངོས་ཟོག་གི་འགན་སྲུང་ནུས་པ་ཆེ་རུ་གཏོང་བར་གོང་རིམ་ཇུས་འགོད་ལ་ཤུགས་སྣོན་རྒྱག་པ་དང་། སྡེ་ཚན་གྱི་མཐུན་སྦྱོར་ལེགས་སུ་གཏོང་བ། གཅིག་སྡུད་དོ་དམ་དང་། གཅིག་གྱུར་གཏོང་སྤྲོད། རྒྱུན་ལྡན་གྱི་ཞབས་ཞུ། གནོད་འཚེ་ཕོག་སྐབས་འཕྲལ་སྒྲུབ། འཚོལ་གསོག་ཟུང་འབྲེལ། གྲོན་ཆུང་ནུས་ཆེ་བཅས་ཀྱི་བླང་བྱ་གཞིར་བཟུང་། སྨན་བཅོས་འགོག་བཅོས་དང་། དངོས་ཟོག་གྲབས་གསོག ཐོན་ནུས་སྐུལ་སློང་བཅས་ཕྱོགས་གསུམ་གཞི་གཅིག་གི་དངོས་ཟོག་འགན་སྲུང་མ་ལག་གཏོད་རྒྱུར་གཞིགས་ཏེ། འཕྲལ་སྒྲུབ་དངོས་ཟོག་གྲབས་གསོག་གི་སྣ་ཁ་དང་། གཞི་ཁྱོན། གྲུབ་ཆ་བཅས་འཐུས་སྒོ་ཚང་དུ་གཏོང་བ་དང་། གསོག་འཇོག་བྱེད་སྟངས་གསར་གཏོད་བྱེད་པ། ཐོན་ནུས་འགན་ལེན་དང་ས་ཁོངས་བཀོད་སྒྲིག་ལེགས་སུ་གཏོང་བ། སྤྱི་པའི་འཕྲོད་བསྟེན་གྱི་འཕྲལ་སྒྲུབ་དངོས་ཟོག་འགན་ལེན་ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས། འཕྲལ་སྒྲུབ་དངོས་ཟོག་གལ་ཆེན་འགག་རྩའི་དུས་སུ་མཁོ་སྤྲོད་དང་སྤྱོད་ཐུབ་པའི་འགན་ལེན་བྱེད་དགོས་ཞེས་བསྟན་ཡོད་པ་རེད།
          ཚོགས་འདུའི་ཐོག སྨན་བཅོས་འགན་བཅོལ་ཐེབས་རྩ་ནི་མི་དམངས་མང་ཚོགས་ཀྱི་ནད་བཅོས་མ་དངུལ་དང་སྲོག་སྐྱོབ་མ་དངུལ་ཡིན་པས། ངེས་པར་དུ་དོ་དམ་ཡག་པོ་དང་བེད་སྤྱོད་ཡག་པོ་བྱེད་དགོས། ཐེངས་འདིའི་ཏོག་གསར་གློ་ཚད་རིམས་ནད་འགོག་བཅོས་བྱེད་པའི་བརྒྱུད་རིམ་ནང་། རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུད་དང་ནོར་སྲིད་པུའུ་སོགས་སྡེ་ཚན་གྱིས་དུས་ཐོག་ཏུ་འབྲེལ་ཡོད་སྲིད་ཇུས་བཏོན་ཏེ། ཏོག་གསར་གློ་ཚད་ཀྱི་ནད་རྟགས་དཔྱད་རྒྱུ་དང་སྨན་བཅོས་བྱ་རྒྱུ་དེ་སྨན་བཅོས་འགན་བཅོལ་ཐེབས་རྩའི་གཏོང་སྤྲོད་ཁྱབ་ཁོངས་ནང་བཅུག་པ་མ་ཟད་མ་དངུལ་ཁག་གཅིག་སྔོན་ལ་སྤྲད་དེ། ནད་པ་སྨན་རིན་ གནད་དོན་གྱིས་སྨན་བཅོས་བྱ་རྒྱུ་དང་སྨན་ཁང་དུ་ཉར་ནས་སྨན་བཅོས་བྱ་རྒྱུར་ཤུགས་རྐྱེན་མི་ཐེབས་པ་འགན་ལེན་བྱས་ཡོད་པས། རང་རྒྱལ་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་མངོན་ཡོད། ཁྲིམས་སྐྱོང་འཐུས་ཚང་དུ་གཏོང་བ་དང་ཁྲིམས་ལྟར་ལྟ་སྐུལ་དོ་དམ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ཁ་དན་ཚིག་ལ་མ་གནས་པར་ཆད་གཅོད་བསླབ་འདོམས་དང་ཡིད་རྟོན་ལ་སྐུལ་ལྕག་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། ཁྱབ་ཁོངས་ཧྲིལ་པོ་དང་བརྒྱུད་རིམ་ཧྲིལ་པོའི་ཐེབས་རྩའི་བདེ་འཇགས་སྔོན་འགོག་ཚོད་འཛིན་ལམ་སྲོལ་འཛུགས་པ། སྤྱི་ཚོགས་ཀྱི་དྲང་སྙོམས་དྲང་བདེན་སྲུང་སྐྱོང་བྱེད་པ། སྨན་བཅོས་འགན་ལེན་ལམ་ལུགས་སྐྱོན་བྲལ་དང་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས་ཞེས་ནན་སྟོན་གནང་ཡོད་པ་རེད།
          ཚོགས་འདུའི་ཐོག ལས་གཏོད་མ་ལག་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ་དང་འབྲེལ་ཐོ་འགོད་ལམ་ལུགས་ཚོད་ལྟ་བྱེད་པ་ནི་མ་རྩའི་ཁྲོམ་ར་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་། མ་རྩའི་ཁྲོམ་རའི་རྨང་གཞིའི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ། མ་རྩའི་ཁྲོམ་རའི་ནུས་པ་ཆེ་རུ་གཏོང་བ་བཅས་ཀྱི་བཀོད་སྒྲིག་གལ་ཆེན་ཞིག་རེད། ཚད་ལྡན་དང་། ཁ་གསལ། སྒོ་འབྱེད། གསོན་ཤུགས་ལྡན་པ། རྐྱང་སྐུམ་ལྡན་པ་བཅས་ཀྱི་མ་རྩའི་ཚོང་ར་ཞིག་འཛུགས་རྒྱུར་དམིགས་ཏེ། འགྲེམས་སྤེལ་དང་། ཚོང་རར་འདོན་པ། ཆ་འཕྲིན་ཁྱབ་བསྒྲགས། ཉོ་ཚོང་། ཚོང་ར་ནས་ཕྱིར་འཐེན་བྱེད་པ་སོགས་རྨང་གཞིའི་རང་བཞིན་གྱི་ལམ་ལུགས་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ་དང་། ལས་སྒོ་གསར་འབྱེད་ཀྱི་མ་ལག་དང་མ་ལག་གཞན་དག་གི་གནས་བབ་བརྗེ་སྒྱུར་འཕེལ་རྒྱས་རྒྱུན་འཁྱོངས་བྱེད་པ། སོ་སོའི་གནས་ཐིག་གཏན་ཁེལ་ཡང་དག་བྱེད་པ། སོ་སོར་ཁྱད་ཆོས་ལྡན་པ་བཅས་བྱས་ཏེ། སོ་སོར་གཙོ་གནད་རེ་ཡོད་པ་དང་། ཕན་ཚུན་ཁ་གསབ་བྱེད་པའི་འགྲན་རྩོད་ཀྱི་རྣམ་པ་འོས་འཚམས་ཞིག་ཆགས་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་བསྟན་ཡོད།
          ཚོགས་འདུའི་ཐོག སྐྱེ་ཁམས་སྲུང་སྐྱོང་དང་ཉམས་གསོའི་ལས་དོན་ལ་སྐུལ་འདེད་གཏོང་བར་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་མཐའ་འཁྱོངས་བྱེད་པ་དང་། རི་ཆུ་ནགས་ཞིང་། དེ་བཞིན་མཚེའུ་དང་རྩྭ་བཅས་ལ་གཞི་གཅིག་ཅན་གྱི་སྲུང་སྐྱོང་དང་ཉམས་གསོ་བྱ་རྒྱུར་གཅིག་གྱུར་འཆར་འགོད་བྱེད་པ། རྒྱལ་ཡོངས་ཀྱི་སྐྱེ་ཁམས་མ་ལག་གལ་ཆེན་སྲུང་སྐྱོང་དང་སླར་གསོའི་ལས་གཞི་གལ་ཆེན་ཚན་རིག་དང་མཐུན་པའི་ངང་བཀོད་སྒྲིག་བྱེད་པ། རང་བྱུང་སྐྱེ་ཁམས་མ་ལག་གི་རིམ་འགྱུར་ཆོས་ཉིད་དང་ནང་གནས་རྐྱེན་རྩ་གཞི་རྩར་བྱེད་པ། གཅིག་གྱུར་འཆར་འགོད་དང་ཕྱོགས་ཡོངས་ལ་ལྟ་རྟོག་དང་། སྤྱི་ཡོངས་ལག་བསྟར་བྱེད་པ། སྐྱེ་ཁམས་མ་ལག་གི་རང་ངོས་ཉམས་གསོའི་ནུས་པ་ཆེ་རུ་གཏོང་བ། སྐྱེ་ཁམས་མ་ལག་གི་བརྟན་ལྷིང་རང་བཞིན་ཆེ་རུ་གཏོང་བ། རང་བྱུང་སྐྱེ་ཁམས་མ་ལག་གི་སྤུས་ཚད་ཧྲིལ་པོ་ལེགས་སུ་གཏོང་བ་དང་སྐྱེ་ཁམས་ཐོན་རྫས་མཁོ་སྤྲོད་ནུས་པ་ཕྱོགས་ཡོངས་ནས་ཆེ་རུ་གཏོང་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།
          ཚོགས་འདུའི་ཐོག ལུས་རྩལ་དང་སློབ་གསོ་མཉམ་འདྲེས་གཏིང་ཟབ་བྱས་ནས་གཞོན་ནུ་ལོ་ཆུང་སྐྱོན་བྲལ་ངང་འཚར་ལོངས་ཡོང་རྒྱུར་སྐུལ་འདེད་གཏོང་བར་བདེ་ཐང་ཨང་དང་པོ་ཡིན་པའི་སློབ་གསོའི་འདུ་ཤེས་འཛུགས་པ་དང་། གཞོན་ནུ་ལོ་ཆུང་གི་རིག་གནས་སློབ་སྦྱོང་དང་ལུས་རྩལ་སྦྱོང་བརྡར་མཐུན་སྦྱོར་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ། སློབ་གྲྭའི་ལུས་རྩལ་ལས་དོན་ལ་ཤུགས་སྣོན་རྒྱག་པ། གཞོན་ནུ་ལོ་ཆུང་གི་ལུས་རྩལ་འགྲན་བསྡུར་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། སློབ་མར་ལུས་རྩལ་སྦྱོང་བརྡར་ཁྲོད་སྤྲོ་སྣང་ལོངས་སྤྱོད་དང་། གཟུགས་གཞི་ཐང་དུ་གཏོང་བ། མི་གཤིས་འཐུས་ཚང་དུ་གཏོང་བ། སྙིང་སྟོབས་སྦྱོང་བརྡར་ཐུབ་རྒྱུར་རོགས་རམ་བྱེད་པ་བཅས་བྱས་ཏེ། ཀུན་སྤྱོད་དང་། ཤེས་རིག གཟུགས་པོ། མཛེས་རྩལ། ངལ་རྩོལ་བཅས་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བའི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་རྒྱུན་འཛིན་པ་གསོ་སྐྱོང་བྱེད་དགོས་ཞེས་བསྟན་ཡོད་པ་རེད།
          ཚོགས་འདུའི་ཐོག ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་སྒྱུར་བཅོས་བྱེད་ཐབས་གལ་ཆེན་གྱི་(སྤྱི་ལོ་2020ལོ་ནས་2021ལོ་བར)་གྱི་ལག་བསྟར་འཆར་འགོད་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་བའི་ལས་གཏོད་ས་བཀྲ་ལྟ་བུ་ཞིག་ཡིན་པས། སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་དུས་མཚམས་རང་བཞིན་གྱི་ཁྱད་ཆོས་དང་བླང་བྱ་ཁོང་དུ་ཆུད་པ་བྱས་ནས། མ་ལག་གཅིག་སྡུད་དང་མཐུན་སྦྱོར་ནུས་མཐོ་ལ་སྣང་ཆེན་བྱེད་པ་དང་། ལམ་ལུགས་མཐའ་འཁྱོངས་དང་སྲ་བརྟན་དུ་གཏོང་བ་དང་། ལམ་ལུགས་འཐུས་ཚང་དང་འཕེལ་རྒྱས་གཏོང་བ། ལམ་ལུགས་བརྩི་སྲུང་དང་ལག་བསྟར་བྱ་རྒྱུ་བཅས་ལ་མཉམ་དུ་སྐུལ་འདེད་གཏོང་དགོས་ཞེས་ནན་སྟོན་གནང་ཡོད།
          ཚོགས་འདུའི་ཐོག ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་ཚུན། ང་ཚོས་ཚན་རྩལ་སྒྲིག་སྲོལ་སྒྱུར་བཅོས་ལ་གོ་རིམ་ལྡན་པའི་བཀོད་སྒྲིག་དང་སྤྱི་ཡོངས་ནས་སྐུལ་འདེད་བཏང་བ་དང་། སྒྲིག་སྲོལ་རང་བཞིན་གྱི་འགོག་རྐྱེན་སེལ་བ། ལམ་སྲོལ་རང་བཞིན་གྱི་འགག་གནད་སེལ་བ། སྲིད་ཇུས་རང་བཞིན་གྱི་གསར་གཏོད་འདོན་པ་བཅས་བྱས་པ་བརྒྱུད། རིགས་ཁག་གི་བྱེད་པོའི་གསར་གཏོད་སྒུལ་ཤུགས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ་དང་། གསར་གཏོད་ཀྱི་རྒྱུ་རྐྱེན་གཙོ་བོ་བཀོད་སྒྲིག་ལེགས་སུ་ཕྱིན་པ། རྒྱལ་ཁབ་ཀྱི་གསར་གཏོད་མ་ལག་གི་སྤྱི་ཡོངས་ཀྱི་ཕན་ནུས་ཆེ་རུ་ཕྱིན་པ། རང་རྒྱལ་གྱི་ཚན་རྩལ་བྱ་གཞག་ལ་ཚད་བརྒལ་གསར་པ་ཡོང་རྒྱུར་སྐུལ་འདེད་ཐུབ་པ་བཅས་བྱུང་ཡོད། དེ་དང་དུས་མཚུངས། ཚན་རྩལ་སྒྲིག་སྲོལ་བསྒྱུར་བཅོས་ཀྱི་ལས་འགན་ད་དུང་དོ་མཉམ་མིན་པ་དང་གནད་འཁེལ་མིན་པ། བསྒྱུར་བཅོས་གལ་ཆེན་ཁག་ཅིག་གི་སྐུལ་འདེད་གོམ་སྟབས་མགྱོགས་པོ་མིན་པ། འབྲེལ་ཡོད་ཁྱབ་ཁོངས་ཀྱི་བསྒྱུར་བཅོས་མཐུན་སྦྱོར་བྱ་རྒྱུ་མི་འདང་བ། གཏིང་རིམ་ཟབ་སའི་ལམ་ལུགས་ཁག་ཅིག་གི་འགོག་རྐྱེན་ད་དུང་རྩ་བ་ནས་སེལ་ཐུབ་མེད་པ་བཅས་ཀྱང་མཐོང་ཐུབ་པ་བྱ་དགོས། སྒྲིག་སྲོལ་དང་ལམ་སྲོལ་གྱི་ཐོག་ནས་ཚན་རྩལ་གསར་གཏོད་དང་འཕྲལ་སྒྲུབ་བབ་བསྟུན་བྱེད་ནུས་ཆེ་རུ་གཏོང་བ་དང་། འགག་རྩའི་ལྟེ་བའི་ལག་རྩལ་འགག་སྒྲོལ་གྱི་རྒྱལ་ཡོངས་ཀྱི་སྒྲིག་སྲོལ་གསར་པ་གང་མགྱོགས་འཛུགས་པ། མི་འདང་བའི་ས་ཁ་གསབ་བྱེད་པ་དང་། ཞན་ཆ་སྟོབས་ཆེར་གཏོང་བ། སྐྱོན་ཆ་འགོག་པ་བཅས་བྱས་ནས། ཚན་རྩལ་གསར་གཏོད་ཀྱི་མ་ལག་ཅན་གྱི་ནུས་པ་ཆེ་རུ་གཏོང་དགོས། ཚན་རྩལ་གྲུབ་འབྲས་གཞན་སྒྱུར་ལམ་སྲོལ་གསར་གཏོད་བྱས་ནས། ཐོན་སློབ་ཞིབ་གསུམ་གྱི་གསར་གཏོད་སྦྲེལ་ཐག་དང་། ཐོན་ལས་སྦྲེལ་ཐག རིན་ཐང་སྦྲེལ་ཐག་བཅས་ཤར་གཏོང་ཐུབ་པ་བྱེད་དགོས། ཚན་རིག་ཞིབ་འཇུག་གི་འགྲོ་གྲོན་དོ་དམ་དང་། ཚན་རིག་ཞིབ་འཇུག་གདེང་འཇོག ཚན་རྩལ་མི་ཆོས། སྤྱོད་ཚུལ་དང་སློབ་སྲོལ་འཛུགས་སྐྱོང་སོགས་རྨང་གཞིའི་རང་བཞིན་གྱི་ལམ་ལུགས་དོན་འཁྱོལ་བྱ་རྒྱུར་དམ་འཛིན་ཡག་པོ་བྱས་ཏེ། གསར་གཏོད་གསར་སྐྲུན་གྱི་གསོན་ཤུགས་འཕེལ་བ་བྱེད་དགོས་ཞེས་བསྟན་ཡོད།
          ཚོགས་འདུའི་ཐོག མིག་སྔར། རང་རྒྱལ་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཕེལ་ཕྱོགས་སྔར་བས་བརྟན་དུ་ཕྱིན་ཡོད་མོད། ང་ཚོས་སྔར་བཞིན་མཐའ་ཚད་ཀྱི་བསམ་བློ་གཏོང་སྟངས་མཐའ་འཁྱོངས་བྱས་ཏེ། དུས་ཡུན་ཅུང་རིང་པོའི་ནང་ཕྱིའི་ཁོར་ཡུག་གི་འགྱུར་ལྡོག་ལ་ཁ་གཏད་གཅོག་པའི་བསམ་བློའི་གྲ་སྒྲིག་དང་ལས་ཀའི་གྲ་སྒྲིག་ཡག་པོ་བྱེད་པ་དང་། སྒྱུར་བཅོས་ལ་སྐུལ་འདེད་གཏོང་རྒྱུའི་ཇུས་འགོད་བྱེད་པར་བསམ་གཞིག་དང་བཀོད་སྒྲིག་ཆ་ཚང་བྱེད་དགོས་པ། བརྟན་པོ་དྲུག་གི་ལས་དོན་ཡག་པོ་སྒྲུབ་པ་དང་འགན་ལེན་དྲུག་གི་ལས་འགན་དོན་འཁྱོལ་བྱ་རྒྱུར་དམིགས་ཏེ། ཉེན་ཁ་སྔོན་འགོག་དང་། རྨང་གཞི་འདིང་བ། དམངས་འཚོར་ཕན་འདོགས་པ། ཕུགས་ལ་ཕན་པ་བཅས་ཀྱི་སྒྱུར་བཅོས་ཟུང་འབྲེལ་དམ་ཟབ་བྱེད་དགོས། ལས་འགོ་བསྐྱར་ཚུགས་དང་ཐོན་སྐྱེད་སླར་གསོ་དང་། གྲོང་མིའི་ལས་ཞུགས། མ་འཇོག་འཛད་སྤྱོད། ཁེ་ལས་འབྲིང་ཆུང་དང་ཆེས་ཆུང་གྲས་འཕེལ་རྒྱས། གཞི་རྩའི་དམངས་འཚོ། དབུལ་སྒྲོལ་འགག་སྒྲོལ་བཅས་ལ་སྐུལ་འདེད་གཏོང་རྒྱུར་ཕན་པའི་སྒྱུར་བཅོས་བྱ་ཐབས་ལ་སྟོབས་ཤུགས་གཅིག་སྡུད་ཀྱིས་སྐུལ་འདེད་གཏོང་དགོས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཁྲོད་ཀྱི་མི་འདང་བའི་ས་དང་ཞན་ཆ། ཉེན་ཁ་དང་འགྲན་རྩོད་བཅས་ལ་སྔ་བལྟས་ཕྱི་བསམ་རང་བཞིན་གྱི་ཇུས་འགོད་བྱེད་དགོས་པ་དང་། སྤྱི་པའི་འཕྲོད་བསྟེན་དང་། སྐྱེ་དངོས། འབྲུ་རིགས། ནུས་ཁུངས། དངུལ་རྩ། དྲ་རྒྱ། གནོད་འགོག་དང་གནོད་སེལ་གྲ་སྒྲིག སྤྱི་ཚོགས་བཅོས་སྐྱོང་སོགས་གཙོ་གནད་ཁྱབ་ཁོངས་ལ་དམིགས་ཏེ། གཅིག་གྱུར་འཆར་འགོད་ངང་འཕེལ་རྒྱས་དང་བདེ་འཇགས་རྒྱུན་འཁྱོངས་བྱེད་པ་དང་། སྔོན་འགོག་གྲ་སྒྲིག་དང་འཕྲལ་བསྟུན་ངང་གློ་བུར་དོན་རྐྱེན་ཐག་གཅོད་ཟུང་འབྲེལ་བྱ་རྒྱུ་རྒྱུན་འཁྱོངས། གོ་སྐབས་དམ་འཛིན། རང་འགུལ་ངང་ལས་དོན་སྒྲུབ་པ་བཅས་བྱེད་དགོས། དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏོང་རྒྱུ་དང་འབྲེལ་བ་ཡོད་པའི་སྒྲིག་སྲོལ་དང་ལམ་སྲོལ་གྱི་གནད་དོན་ཐད། རྒྱུ་རྐྱེན་གཙོ་བོའི་ཁྲོམ་ར་ཅན་གྱི་བཀོད་སྒྲིག་འཐུས་སྒོ་ཚང་དུ་གཏོང་བ་དང་། སྲིད་གཞུང་གི་འགན་ནུས་སྒྱུར་བ། ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བ། རྒྱལ་ནང་གི་དགོས་མཁོ་ཆེ་རུ་གཏོང་བ། ཐོན་ལས་སྦྲེལ་ཐག་གི་མཁོ་སྤྲོད་སྦྲེལ་ཐག་བརྟན་དུ་གཏོང་བ། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཚན་རྩལ་གསར་གཏོད་བྱེད་མགྱོགས་སུ་གཏོང་བ། ཕྱི་ཕྱོགས་ལ་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་བ། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་གལ་ཆེའི་ཕྱོགས་ལ་དམ་འཛིན་བྱས་ཏེ། མ་ལག་གཅིག་སྡུད་ལ་ཤུགས་སྣོན་རྒྱག་པ་དང་གཅིག་གྱུར་འཆར་འགོད་ཀྱིས་བཀོད་སྒྲིག་དང་སྐུལ་འདེད་གཏོང་དགོས། སྒྱུར་བཅོས་ཀྱི་ཆོས་ཉིད་ལ་ངོས་འཛིན་གཏིང་ཟབ་བྱེད་པ་དང་། དུས་དང་འཕེལ་ཕྱོགས་ཀྱི་འགྱུར་ལྡོག་གཞིར་བཟུང་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་གཏོང་བ། གནད་དོན་དངོས་ཐག་གཅོད་བྱེད་པའི་ཁྲོད་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ཏེ། སྒྱུར་བཅོས་དེ་བས་དོན་དངོས་དང་འཚམ་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་བླང་བྱ་གསར་པ་དང་འཚམ་པ། མི་དམངས་མང་ཚོགས་ཀྱི་རེ་སྒུག་གསར་པ་དང་འཚམ་པ་བཅས་བྱེད་དགོས།
          འདི་ལོ་ནི་སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་མཚམས་ཚིགས་གལ་ཆེན་ཞིག་ཡིན་པས། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་བཏོན་པའི་ཁྱབ་ཁོངས་གལ་ཆེན་དང་འགག་རྩའི་ལྷུ་ཚིགས་ཀྱི་སྒྱུར་བཅོས་ཐད་ཐག་གཅོད་རང་བཞིན་གྱི་གྲུབ་འབྲས་ཐོབ་རྒྱུའི་འགན་ལེན་བྱེད་དགོས་ལ། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་བཀོད་སྒྲིག་ལག་བསྟར་བྱེད་པའི་སྒྱུར་བཅོས་ཐད་འགོ་ཡག་པོ་ཞིག་འཛུགས་དགོས། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་སེམས་ཤུགས་བརྟན་པོ་དང་དཀའ་ངལ་ལ་མི་འཛེམ་པར་མདུན་དུ་སྐྱོད་དེ། བློ་བརྟན་འགྱུར་མེད་ངང་ཏང་ཀྲུང་དབྱང་གིས་བཀོད་སྒྲིག་བྱས་པའི་སྒྱུར་བཅོས་ཀྱི་ལས་འགན་ཁག་དོན་འཁྱོལ་ཡག་པོ་བྱེད་དགོས་ནན་སྟོན་གནང་ཡོད་པ་རེད།
          ཀྲུང་དབྱང་གི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཚོགས་འདུར་ཞུགས་ཡོད་པ་དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་ཚོགས་འདུར་ཟུར་ཞུགས་གནང་ཡོད་པ་རེད།
海南4+1走势图 EDF在线老虎机 幸运快3 捕鱼大作战 皇马电竞app