山东群英会选号技巧

དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

གཞིས་ཀ་རྩེས་གོ་རིམ་ལྡན་པའི་ངང་ནས་བཙོག་འབུད་ཆོག་འཐུས་བྱ་བར་སྐུལ་འདེད་བཏང་།

སྤེལ་དུས 2020-05-21 ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། རྩོམ་པ་པོ།
          གཏན་འཇགས་སྦགས་བཙོག་འབྱུང་ཁུངས་ཀྱི་བཙོག་འབུད་ཆོག་འཐུས་ལག་ཁྱེར་གཙང་བཤེར་དག་ཐེར་ལས་དོན་སྤེལ་བ་ནས་བཟུང་། གཞིས་ཀ་རྩེ་གྲོང་ཁྱེར་སྐྱེ་ཁམས་ཁོར་ཡུག་ཅུའུ་ཡིས་རང་འགུལ་ངང་ལས་དོན་སྤེལ་ཏེ། རིམས་ནད་ཀྱི་ཤུགས་རྐྱེན་ལ་དམིགས་ནས། བྱ་བའི་བསམ་ཕྱོགས་གསར་གཏོད་བྱེད་པ་བརྒྱུད་དེ་བཙོག་འབུད་ཆོག་འཐུས་ཀྱི་བྱ་བའི་འཕེལ་རིམ་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ་དང་། ཁེ་ལས973གཙང་བཤེར་དག་ཐེར་བྱས། དེའི་ཁྲོད་ཐོ་འགོད་ཁེ་ལས668དང་ལག་ཁྱེར་སྤྲོད་པའི་ཁེ་ལས6ཡོད། ཁེ་ལས3དག་ཐེར་ལེགས་བཅོས་བྱས་ཏེ། ལག་ཁྱེར་སྤྲད་པ་དང་ཐོ་འགོད་བྱེད་མི་འོས་པའི་ཁེ་ལས307ཡོད། གཙང་བཤེར་དག་ཐེར་ལེགས་འགྲུབ་བྱེད་ཚད100%ལ་སླེབས་ཡོད་པ་རེད།
          གཞིས་ཀ་རྩེ་གྲོང་ཁྱེར་གྱིས་གཞིས་རྩེའི་གཏན་འཇགས་སྦགས་བཙོག་འབྱུང་ཁུངས་ཀྱི་བཙོག་འབུད་ཆོག་འཐུས་གཙང་བཤེར་བཅོས་སྒྲིག་དང་ལག་ཁྱེར་སྤྲོད་པའི་ཐོ་འགོད་ལས་དོན་འགོ་ཁྲིད་ཚོགས་ཆུང་ཆེད་དུ་བཙུགས་ཏེ། མི4འཐེན་ནས་བྱ་བའི་ཆེད་དོན་འཛིན་གྲྭ་བཙུགས་ཡོད། 《གཞིས་རྩེ་གྲོང་ཁྱེར་གྱི་གཏན་འཇགས་སྦགས་བཙོག་འབྱུང་ཁུངས་ཀྱི་བཙོག་འབུད་ཆོག་འཐུས་ལག་ཁྱེར་གཙང་བཤེར་དག་ཐེར་དང2020ལོའི་བཙོག་འབུད་ཆོག་འཐུས་ལག་ཁྱེར་སྤྲོད་པའི་ཐོ་འགོད་བྱ་བའི་ལག་བསྟར་ཇུས་གཞི》དང《གྲོང་ཁྱེར་ཡོངས་ཀྱི་བཙོག་འབུད་ཆོག་འཐུས་ལག་ཁྱེར་སྤྲོད་པའི་ཐོ་འགོད་བྱ་ཡུལ་གྱི་ཞིབ་བཤེར་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་ཡི་གེ》སོགས་ཡིག་ཆ་བཏོན་ནས། ལས་དོན་ཚད་ལྡན་དུ་སྤེལ་ནས་ལམ་སྲོལ་ལ་སྐུལ་འདེད་གཏོང་བར་རྨང་གཞི་བརྟན་པོ་བཏིང་ཡོད།
          གཞིས་རྩེ་གྲོང་ཁྱེར་སྐྱེ་ཁམས་ཁོར་ཡུག་ཅུའུ་ཡིས་ཡིག་ཆ་གསལ་འགྲེལ་དང་། ཡུལ་དངོས་ཀྱི་བཀོལ་སྤྱོད། བསམ་བློ་ཁྲིད་སྟོན་སོགས་ཀྱི་བྱེད་ཐབས་བརྒྱུད་རྫོང(ཆུས)ཡན་ལག་ཅུའུ་ལ་ཁ་ཕྱོགས་ནས“ལག་བསྟར་མཛུབ་སྟོན། གཅིག་གིས་གཅིག་ཁ་གཏད་ནས་ལ་རོགས་རམ་བྱེད་པའི་ལས་དོན་སྤེལ། མིག་སྔའི་བར་དུ་དུས་ཡུན་ཉིན5ཡི་གསོ་སྦྱོང་བྱས་པ་རེད། གཞི་རིམ་གྱི་སྡེ་ཚན18ལ་གསོ་སྦྱོང་བྱས་པ་དང་། ལས་བྱེད་པ་མི་ཐེངས47ལ་གསོ་སྦྱོང་བྱས་ཏེ། ཁེ་ལས་ཀྱི་མི་སྣ་མི་ཐེངས200ལྷག་ལ་གསོ་སྦྱོང་བྱས།
          མིག་སྔའི་བར་དུ། རྒྱལ་ཡོངས་ཀྱི་བཙོག་འབུད་ཆོག་འཐུས་ཆ་འཕྲིན་ལས་སྟེགས་ཁྲོད་ནང་འདྲེན་བྱས་པའི་ཁེ་ལས2699ཡོད་པ་དང་ནང་འདྲེན་ལེགས་འགྲུབ་བྱེད་ཚད100%ཟིན། ཁ་པར་ཐོག་ནས་འདྲི་རྩད་བྱེད་པ་དང་། ཤང་གྲོང་དུ་གཏིང་ལོན། ཁྱིམ་ཚང་དུ་བསྐྱོད་ནས་བརྟག་དཔྱད། ཕྱོགས་གསུམ་པའི་ཡུལ་དངོས་སུ་ཞིབ་བཤེར་བྱེད་པ་སོགས་ཀྱི་བྱེད་ཐབས་སྤྱད་དེ་ཁེ་ལས་ཀྱི་ཐོན་སྐྱེད་བཟོ་རྩལ་གྱི་ལས་རིམ་དངོས་ཚོད་འཛིན་བྱས།《གཏན་འཇགས་སྦགས་བཙོག་འབྱུང་ཁུངས་ཀྱི་བཙོག་འབུད་ཆོག་འཐུས་རིགས་འབྱེད་དོ་དམ་གྱི་མིང་ཐོ》དང《རྒྱལ་དམངས་དཔལ་འབྱོར་ལས་རིགས་རིགས་འབྱེད》དང་བསྡུར་ནས། རྣམ་གྲངས་རེ་རེ་བཞིན་ཞིབ་བཤེར་དང་། རིགས་ལྟར་ཕྱོགས་བསྡོམས། རེ་རེ་བཞིན་རིགས་དབྱེ་ནས། གཏན་འཇགས་སྦགས་བཙོག་འབྱུང་ཁུངས་ཀྱི་བཙོག་འབུད་ཆོག་འཐུས་ལག་ཁྱེར་གཙང་བཤེར་དག་ཐེར་དང་རིགས་འབྱེད་ཐག་གཅོད་ཁེ་ལས973ལེགས་འགྲུབ་བྱས་ཤིང་། དེའི་ཁྲོད2020ལོའི་སྔོན་དུ་ཐོ་འགོད་བྱེད་དགོས་པའི་ཁེ་ལས955ཡོད་པ་དང་། ལག་ཁྱེར་སྤྲོད་དགོས་པའི་ཁེ་ལས18ཡོད་པ་རེད།  །
EDF在线老虎机 群英会20选5 皇冠足彩 斗地主达人 海南4+1