山东群英会选号技巧

དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > དཔྱད་གཏམ།

ཐོག་མཐའ་བར་གསུམ་དུ་བརྟན་ལྷིང་སྲུང་སྐྱོང་དང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་ཐད་རིག་པ་ལྕགས་སྐུད་བཞིན་དུ་སྒྲིམ་དགོས།

སྤེལ་དུས 2020-03-11 ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར། རྩོམ་པ་པོ།

          ——མཐུན་སྒྲིལ་ལ་སྣང་ཆེན་གྱིས་མེས་རྒྱལ་ལ་དགའ་ཞེན་བྱེད་པའི་སྐོར་གྱི་གླེང་ཐེངས་གཉིས་པ།
          སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“བོད་ཀྱི་ལས་དོན་གྱི་དམིགས་ས་དང་ཤུགས་རྒྱག་གཞི་དེ་ངེས་པར་དུ་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་བྱེད་པ་དང་། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པའི་ཐད་འཇོག་དགོས་པ་དང་། སྲོག་ཤིང་ནི་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་ལས་དོན་ལེགས་པར་བསྒྲུབས་ནས་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་བྱེད་རྒྱུ་དེ་ཡིན”ཞེས་གསུངས་ཡོད། མིག་སྔར། རང་ལྗོངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དུས་བབ་ལེགས་ཕྱོགས་སུ་འཕེལ་རྒྱས་ཕྱིན་ནས། ནད་གཞི་གཏན་འཁེལ་ལམ་ཡང་ན་དོགས་ཡོད་ནད་གཞི་ཐོན་མེད་པའི་འཕེལ་ཕྱོགས་བཟང་པོ་མུ་མཐུད་སྲ་བརྟན་དུ་ཕྱིན་ཏེ། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པའི་དུས་མཚམས་དང་། སྤྱི་ཚོགས་སྤྱི་ཡོངས་རྒྱུན་མཐུད་བརྟན་ལྷིང་དང་། ཡུན་རིང་བརྟན་ལྷིང་། ཕྱོགས་ཡོངས་བརྟན་ལྷིང་བཅས་འགན་ལེན་བྱེད་པ་དང་ཡུན་རིང་བདེ་འཁོད་ཕྱོགས་སུ་སྐྱོད་པའི་འགག་རྩའི་དུས་མཚམས་སུ་གནས་ཡོད། ཇི་ཙམ་གྱི་གནད་འགག་ཆེ་བ་དང་། ཇི་ཙམ་གྱི་འགག་རྩའི་དུས་སུ། ང་ཚོས་དེ་ཙམ་གྱིས་བོད་ཀྱི་ལས་དོན་གྱི་དམིགས་ས་དང་ཤུགས་རྒྱག་གཞི་ཁོང་དུ་ནན་པོ་ཆུད་པ་དང་། དེ་ཙམ་གྱིས་མཐུན་སྒྲིལ་ལ་སྣང་ཆེན་གྱིས་མེས་རྒྱལ་ལ་དགའ་ཞེན་བྱེད་པའི་བརྗོད་དོན་གཙོ་བོ་མཆོག་ཏུ་འཛིན་པ། དེ་ཙམ་གྱིས་དུས་རྟག་ཏུ་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་རྩ་བ་འདི་དམ་པོར་འཛིན་པ་བཅས་བྱས་ནས། ཚད་མཐོའི་ཆབ་སྲིད་ཀྱི་དོགས་ཟོན་རྒྱུན་འཁྱོངས་བྱེད་པ་དང་། སེམས་ཁྲལ་གྱི་འདུ་ཤེས་དང་ཉེན་ཁའི་འདུ་ཤེས་སྔར་བས་ཟབ་ཏུ་བཏང་སྟེ། མེས་རྒྱལ་གཅིག་གྱུར་དང་། མི་རིགས་མཐུན་སྒྲིལ། སྤྱི་ཚོགས་བརྟན་ལྷིང་བཅས་སྲུང་སྐྱོང་བྱེད་པའི་ངར་ལྕགས་ལྟ་བུའི་ལྕགས་རི་རིང་པོ་ཞིག་བསྐྲུན་དགོས། 
           མཐུན་སྒྲིལ་ལ་སྣང་ཆེན་གྱིས་མེས་རྒྱལ་ལ་དགའ་ཞེན་དང་། དར་ཆ་གསལ་སྟོན་གྱིས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པར། ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ཀྱི་རིག་པ་དྭངས་གསལ་རྒྱུན་འཁྱོངས་བྱེད་དགོས། ལོ་བཅུ་ཕྲག་རིང་། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པས་བོད་དུ་ཁ་ཕྲལ་དང་སིམ་འཛུལ་གཏོར་བཤིག་གཏོང་བའི་བྱེད་སྤྱོད་འཁྱུག་ཙམ་ཡང་སྤེལ་མཚམས་བཞག་མེད་ལ། མེས་རྒྱལ་ཁ་ཕྲལ་གཏོང་བའི་ལྐོག་གཤོམ་གྱི་ལོག་སྤྱོད་ངོ་བོར་འགྱུར་ལྡོག་གང་ཡང་བྱུང་མེད། ལྷག་དོན་དུ་ཉེ་ལམ་ལོ་ཤས་རིང་། ཏཱ་ལའི་རུ་ཚོགས་ཀྱི་ནང་ཁུལ་དུ་དབང་ཆ་རྩིས་སྤྲོད་སོགས་ཀྱི་འགལ་ཟླ་མང་པོ་འཕྲད་ནས། སེམས་ཁྲལ་དང་། བསམ་དོན་མ་གྲུབ་པའི་སྐྱོ་སྣང་།ཉེན་ཁ་ཚོར་སེམས་བཅས་རྒྱུན་ཆད་མེད་པར་ཆེ་རུ་སོང་ཡོད། ནུབ་ཕྱོགས་དགྲ་འཛིན་ཕྱོགས་གཏོགས་ཀྱིས་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི“རིན་ཐང་ལྷག་མ”གང་ཐུབ་སྤྱད་དེ“བོད་དང་འབྲེལ་བ་ཡོད་པའི་གནད་དོན”ཟེར་བར་ཁ་གཡར་ནས་བྱ་ངན་བརྩམས་ཏེ་བོད་ཀྱི་བརྟན་ལྷིང་མཐུན་སྒྲིལ་གྱི་ཆབ་སྲིད་རྣམ་པར་གཏོར་བཤིག་གཏོང་བ་དང་འཐབ་ཇུས་ལ་བརྟེན་ནས་ཀྲུང་གོ་བཀག་སྡོམ་བྱེད་རྒྱུའི་རེ་སྟོང་འཆང་གི་ཡོད། ང་ཚོས་མིག་སྔའི་བོད་ཀྱི་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་དུས་བབ་ལ་ངོས་འཛིན་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས། ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ཀྱི་རིག་པ་དྭངས་གསལ་རྒྱུན་འཁྱོངས་དང་། ཐོག་མཐའ་བར་གསུམ་དུ་མི་རིགས་ཁག་གི་མི་དམངས་དང་ཏཱ་ལའི་རུ་ཚོགས་ཀྱིས་གཙོས་པའི་ཁ་ཕྲལ་ཕྱོགས་གཏོགས་དབར་གྱི་དམིགས་བསལ་གྱི་འགལ་བར་སྟངས་འཛིན་ནན་པོ། ཐོག་མཐའ་བར་གསུམ་དུ་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་མཛད་ཕྱོགས་མཐའ་འཁྱོངས། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་ཆབ་སྲིད་ཐོག་གི་ལོག་སྤྱོད་རང་བཞིན་དང་། ཆོས་ལུགས་ཐོག་གི་གཡོ་རྫུས་རང་བཞིན། བྱ་ཐབས་ཐོག་གི་མགོ་སྐོར་རང་བཞིན་བཅས་ལ་ངོས་འཛིན་གསལ་པོ་བྱས་ནས། མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་རྩ་དོན་གལ་ཆེན་གྱི་གནད་དོན་ཐད་དུས་གང་རུང་དང་གནས་ཚུལ་གང་རུང་འོག་དར་ཆ་ཧ་ཅང་གསལ་སྟོན་དང་། ལངས་ཕྱོགས་ཧ་ཅང་བརྟན་པོ། བྱ་སྤྱོད་ཧ་ཅང་རང་རྟོགས་བཅས་ཐུབ་པ་བྱེད་པ་ལས། ཟ་ཟིར་སྤུ་ཙམ་ཡང་མེད་པ་དང་གཡོ་འགུལ་སྤུ་ཙམ་ཡང་གཏོང་མི་རུང་། 
          མཐུན་སྒྲིལ་ལ་སྣང་ཆེན་གྱིས་མེས་རྒྱལ་ལ་དགའ་ཞེན་དང་། དར་ཆ་གསལ་སྟོན་གྱིས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པར། ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པོ་རྒྱུན་འཁྱོངས་བྱེད་དགོས། མི་རིགས་མཐུན་སྒྲིལ་ནི་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་སྲོག་རྩ་ཡིན་ལ། ང་ཚོའི་བྱ་གཞག་ཁག་ལ་རྒྱལ་ཁ་འཐོབ་པའི་གཞི་རྩའི་འགན་ལེན་ཡང་རེད། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པས་བོད་རྒྱ་མི་རིགས་གཉིས་ནི་རྩ་བ་དང་རྒྱུད་པ་གཅིག་པ་དང་། མེས་པོ་གཅིག་དང་རིག་གནས་གཅིག་པ་ཡིན་པ་འཛེམ་བག་མེད་པར་ཁས་མི་ལེན་པ་དང་། བོད་ནི་རླབས་ཆེན་མེས་རྒྱལ་གྱི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པ་འཛེམ་བག་མེད་པར་ཁས་མི་ལེན་པ། བོད་ཀྱི་རིག་གནས་དང་ཀྲུང་ཧྭའི་རིག་གནས་འཛེམ་བག་མེད་པར་ཁ་གཏད་དུ་སློང་བ་བཅས་བྱས་ཡོད། དེའི་ངོ་བོ་ནི་མི་རིགས་མཐུན་སྒྲིལ་ལ་གཏོར་བཤིག་དང་། བོད་ཀྱི་ཞི་མཐུན་བརྟན་ལྷིང་ལ་གཏོར་བཤིག་བཏང་ནས་བོད་ལྗོངས་འཕེལ་རྒྱས་ཡར་ཐོན་ལ་འགལ་རྐྱེན་བཟོ་བ་དེ་རེད། མཐུན་སྒྲིལ་བརྟན་ལྷིང་ནི་བདེ་སྐྱིད་དང་། ཁ་ཕྲལ་ཟང་ཟིང་ནི་ཆག་སྒོ་རེད། ཏཱ་ལའི་རུ་ཚོགས་ཀྱིས་མི་རིགས་མཐུན་སྒྲིལ་ལ་གཏོར་བཤིག་གཏོང་བའི་རེ་ངན་ཇི་ཙམ་བཅངས་ན། ང་ཚོས་ཀྲུང་ཧྭ་མི་རིགས་ལས་དབང་གཅིག་མཐུན་འདུས་གྲུབ་དེ་ཙམ་གྱིས་བརྟན་པོ་གཏོད་པ་དང་། མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་བྱེད་ཤུགས་དེ་ཙམ་གྱིས་ཆེ་རུ་གཏོང་བ། རང་ཉིད་ཀྱི་མིག་འབྲས་ལ་གཅེས་སྤྲས་བྱེད་པ་བཞིན་མི་རིགས་མཐུན་སྒྲིལ་ལ་དེ་ཙམ་གྱིས་སྲུང་སྐྱོང་བྱེད་པ་དང་། རང་ཉིད་ཀྱི་ཚེ་སྲོག་ལ་གཅེས་སྤྲས་བྱེད་པ་བཞིན་མི་རིགས་མཐུན་སྒྲིལ་ལ་དེ་ཙམ་གྱིས་གཅེས་འཛིན་བྱེད་དགོས། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བའི་དུས་རབས་གསར་པའི་མི་རིགས་ལས་དོན་གྱི་གཙོ་རྐང་འདིར་སྟངས་འཛིན་ནན་པོ་བྱས་ཏེ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་གཞག་རྨང་གཞིའི་རང་བཞིན་གྱི་བྱ་གཞག་ལ་བརྩིས་ནས་དམ་འཛིན་ཡག་པོ་ཏན་ཏིག་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དར་སྤེལ་ཤུགས་ཆེན་བཏང་ནས་ཀྲུང་ཧྭའི་རིག་གནས་ནི་ཐོག་མཐའ་བར་གསུམ་དུ་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་བརྩེ་དུང་གི་རྟེན་ས་དང་། སེམས་ཀྱི་ཆགས་ས། བསམ་པའི་ཁྱིམ་གཞིས་བཅས་ཡིན་པ་དང་། བོད་ཀྱི་རིག་གནས་ནི་ཀྲུང་ཧྭའི་རིག་གནས་ཀྱི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པའི་བསམ་བློ་མང་ཚོགས་ཀྱི་སེམས་སུ་བརྟན་པོ་ཟུག་པར་བྱེད་དགོས། མི་རིགས་ཁག་གི་མང་ཚོགས་ཚོར་ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་སློབ་གསོ་ཁྲིད་སྟོན་བྱས་ནས་རང་རྟོགས་ངང་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་དང་ཏཱ་ལའི་རུ་ཚོགས་དང་དབྱེ་མཚམས་གསལ་པོ་འབྱེད་པ་དང་། རླབས་ཆེན་མེས་རྒྱལ་དང་། ཀྲུང་ཧྭ་མི་རིགས། ཀྲུང་ཧྭའི་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བཅས་ལ་མོས་པ་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ། ལྗོངས་ཡོངས་ཀྱི་མི་རིགས་ཁག་སྤུན་ཉེ་འཆམ་མཐུན་དང་། ལྟ་རེས་སྐྱོང་རེས། འཆམ་མཐུན་མཉམ་གནས། ཕྱར་བ་གྲུ་འདེགས། ཞི་མཐུན་འཕེལ་རྒྱས་བཅས་ཀྱི་རྣམ་པ་བཟང་པོ་རྒྱུན་མཐུད་སྲ་བརྟན་དུ་གཏོང་དགོས། 
           མཐུན་སྒྲིལ་ལ་སྣང་ཆེན་གྱིས་མེས་རྒྱལ་ལ་དགའ་ཞེན་དང་། དར་ཆ་གསལ་སྟོན་གྱིས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པར། ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ཀྱི་འགན་འཁྲི་གལ་ཆེན་ཕྲག་ཏུ་བརྟན་པོར་འཁུར་དགོས། ལོ་བཅུ་ཕྲག་རིང་། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཚོས་སྤྱི་ཚོགས་ཀྱི་དམིགས་བསལ་འགལ་ཟླར་སྟངས་འཛིན་ནན་པོ་དང་དགྲ་ལ་མཉམ་སྡང་བྱས་ཏེ་བློ་བརྟན་འགྱུར་མེད་ངང་ཏཱ་ལའི་རུ་ཚོགས་ཀྱིས་སྤྱི་ཚོགས་ཟང་ཟིང་བཟོ་བའི་སྡིག་ཉེས་བྱེད་སྤྱོད་ལ་འཐབ་རྩོད་མཐའ་གཅིག་ཏུ་བྱས་ནས་ཁོ་པའི་ཁ་ཕྲལ་ཟིང་སློང་གི་ཆབ་སྲིད་ཀྱི་ལྐོག་གཡོ་ཐལ་བའི་རྡུལ་དུ་ཡང་ཡང་བརླགས་ཡོད། ང་ཚོས་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་དང་ཉེན་ཁ་ཆེ་རིགས་འགོག་ཟོན་དང་སེལ་བ་ནི་བོད་ཀྱི་ཆབ་སྲིད་ཀྱི་འགན་འཁྲི་གལ་ཆེ་ཤོས་དེ་ཡིན་པར་ངོས་འཛིན་གཏིང་ཟབ་བྱས་ནས། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ། སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་མཐའ་གཅིག་ཏུ་ལག་ལེན་བསྟར་བ། སྤྱི་ཡོངས་གཉིས་བློ་ལ་བརྟན་པོར་འཆང་བ། ཐབས་ཇུས་ཀྱི་ངེས་གནས་རྒྱུན་འཁྱོངས། ཉེན་ཁའི་འདུ་ཤེས་ཟབ་ཏུ་གཏོང་བ། འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ། ཐོག་མཐའ་བར་གསུམ་དུ་བརྟན་ལྷིང་སྲུང་སྐྱོང་ཐད་རིག་པ་ལྕགས་སྐུད་བཞིན་དུ་སྒྲིམ་པ་བཅས་བྱས་ཏེ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ལ་དམ་འཛིན་བྱེད་པ་དང་སྦྲགས། བདེ་སྡོད་ཉེན་བསམ་དང་མ་བྱུང་སྔོན་འགོག་བྱས་ཏེ་དུས་བབ་ཀྱི་ཚོད་དཔག་རྙོག་འཛིང་ཆེ་ཙམ་དང་། ཉེན་ཁ་འགྲན་སློང་ཛ་དྲག་ཙམ། ཁ་གཏད་ལས་དོན་གྲ་སྒྲིག་ཆ་ཚང་ཙམ་བཅས་བྱེད་པ་དང་། མ་བྱུང་སྔོན་འགོག་རྩ་དོན་དུ་བཟུང་ནས་ལས་དོན་སྒྲུབ་པ། གནས་ཚུལ་ཆེན་པོ་མ་ཐོན་སྔོན་འགོག་རྨང་གཞིར་བྱས་ཏེ་གྲ་སྒྲིག་བྱེད་པ། འགན་འཁྲི་འཁུར་ཕོད་པ་དང་འགན་འཁྲི་དོན་འཁྱོལ་ཚད་གཞིར་བྱས་ཏེ་ལས་བྱེད་པར་ལྟ་སྟངས་འཛིན་པ་བཅས་མུ་མཐུད་མཐའ་འཁྱོངས། ཁོངས་གཏོགས་ས་ཆའི་དོ་དམ་གྱི་འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་བ། གཏན་ལ་ཕབ་པའི་བརྟན་ལྷིང་སྲུང་སྐྱོང་གི་བྱ་ཐབས་དོན་འཁྱོལ་ལ་དམ་འཛིན་ནན་པོ། ཉེན་ཁ་དང་མངོན་མེད་རྐྱེན་ངན་ལ་དཔྱད་དཔོག་ཡག་པོ། སྤྱི་ཚོགས་སྤྱི་ཡོངས་རྒྱུན་མཐུད་དང་། ཡུན་རིང་། ཕྱོགས་ཡོངས་བཅས་ཀྱི་བརྟན་ལྷིང་ཡོང་བའི་འགན་ལེན་བཅས་བྱས་ཏེ། བྱ་སྤྱོད་ངོ་མར་བརྟེན་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་ལ་ལྷག་བསམ་རྣམ་དག་མཐའ་གཅིག་ཏུ་ཞུ་ལུགས་མངོན་པར་བྱེད་དགོས། 
            རྒྱལ་ཁབ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ནི་ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་ལོ་རྒྱུས་འཕེལ་རྒྱས་ཀྱི་གཙོ་རྒྱུན་དང་། ཀྲུང་ཧྭ་མི་རིགས་ཁྱིམ་ཚང་ཆེ་མོའི་ཁེ་ཕན་ཆེ་ཤོས། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཐུན་མོང་གི་འདོད་འདུན་བཅས་རེད། ང་ཚོས་མཐུན་སྒྲིལ་ལ་སྣང་ཆེན་གྱིས་མེས་རྒྱལ་ལ་དགའ་ཞེན་བྱེད་པ་འདི་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པའི་བསམ་བློའི་རང་རྟོགས་དང་། ཆབ་སྲིད་ཀྱི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་གཏོད་པའི་བྱེད་སྒོ དར་ཆ་གསལ་སྟོན་གྱིས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་རང་འགུལ་དམག་འཐབ་ཡག་པོ་རྒྱག་པ་དང་རྒྱལ་ཁ་ལེན་པ། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་མི་དམངས་དམག་འཁྲུག་དང་། ཁྱོན་ཡོངས་ཀྱི་དམག་འཐབ། འགོག་རྒོལ་དམག་འཐབ་བཅས་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་པ། དེ་བཞིན་བོད་ལྗོངས་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བའི་ལག་ལེན་ཞིབ་ཕྲ་བཅས་ཀྱི་ནང་མཉམ་འདྲེས་ཐུབ་པར་བྱས་ཏེ་རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པ་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་གྱི་བོད་ཀྱི་ལེའུ་ཡག་པོ་རྩོམ་ཆེད་འབད་འཐབ་ཧུར་ཐག་བྱེད་དགོས།

རྩོམ་སྒྲིག་པ། བདེ་སྒྲོལ།

斗地主达人 EDF在线老虎机 斗地主达人 幸运快3 皇冠体育网